Video Overview
“Anything that is born dies,” said the Buddha. When time has come, nothing can stop death, be it treatments, or rituals, or anything else. Phuntsho Wangdi narrates a story that gives a lesson on karma. At the time of death, wealth or accomplishments will not matter, only the Dharma will matter.
མོང་སྒར་ སྔ་ཚང་ལས་ ཕུན་ཚོགས་དབང་འདུས་ཀྱིས་གཏང་མི་ བཀོད་པའི་ལམ་ལས་འབྱོག་མི་ཐལ་ཟེར་བའི་སྲུང་དེ་ ཚེ་ཚད་དུས་ལུ་བབས་ཏེ་ཤི་དགོ་པའི་དུམ་ཁ་ལྷོད་པའི་བསྒང་ལས་ ཐབས་ཤེས་ སྨན་བཅོས་རིམ་གྲོ་ལ་སོགས་པ་ག་ཅི་གིས་ཡང་ཕན་མི་ཐོགས་ དཔེར་ན་ སྲུང་དེ་ནང་ལས་ཐོན་དོ་བཟུམ་སྦེ་ གནས་སྐབས་ཅིག་ རང་ལུ་གནོད་རྐྱེན་སྦོམ་སྦེ་མ་བྱུང་རུང་ བཀོད་པའི་ལས་ཅིག་ཡོད་ནི་དེ་གིས་ དེ་དང་འབྲེལ་བའི་རྐྱེན་ཆུང་ཀུ་ཅིག་གི་ཞོར་ཁ་ལས་ མཐའན་མཇུག་ ཁོ་ར་ཤི་སོ་ནུག དེ་བཟུམ་སྦེ་ ཤི་བའི་ཚེ་ལུན་ ཕན་ཐོགས་སྦོམ་ཤོས་ར་ དམ་པའི་ཆོས་མ་གཏོགས་མེདཔ་ལས་ ཨིན་ཅི་མིན་ཅི་ དམ་པའི་ཆོས་བསྒྲུབ་དགོ་པའི་བསྐུལ་མ་བཟུམ་ཅིག་སྦེ་བཤད་ནི་འདུག།
- Ngatsang
- ཕུན་ཚོགས་དབང་འདུས/Phuntsho Wangdiལ་སོགས། སྲུང་ཅིག་ཞུ་བ་ཅིན་ ད་ལྟོ་ ཧེ་མ་ལགས། བསྐོས་པའི་ལམ་ལས་བྱོག་མི་ཐལ་ ཟེར་བའི་སྲུང་གཅིག་ཡོད་ལགས། སྲུང་འདི་ག་དེ་སྦེ་སྨོ་ཟེར་བ་ཅིན་ དང་ཕུགས་ ཤ་རོགསཔ་གཅིག་སྡོད་སྡོདཔ་མས་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiདུས་ཨ་རྟག་ར་ ཤ་བདའཝ་བདའ་ས་ར་སྡོད་མི་ ཤ་ར་བདའ་སྟེ་ ཏེ་ཤ་བདའ་སྦེ་སྡོདཔ་ད་ལུ་ ནམ་སྲོ་སྦེ་ ཤིང་སྦོམ་ཅིག་གི་རྩ་བ་ ཤིང་སྦོམ་ཅིག་གི་རྩ་བ་སྐྱབས་འཚོལ་ཏེ་ ཤིང་གི་ལྷ་མོ་གིས་སྐྱབས་མཛོད་ཅིག་ཟེར་ ང་ད་རེས་ ནམ་སྲོ་ཡི་ཟེར་ རྐྱེན་བར་ཆད་མེདཔ་སྦེ་ ཁྱོད་ལ་གསོལཝ་བཏབ་དོ་ ཁྱོད་ཀྱིས་རྐྱེན་བར་ཆད་འབྱུང་མ་བཅུག་མས། གསོལཝ་བཏབ་སྟེ་ ཁོ་ཨ་ནི་ཤིང་གི་རྩ་བར་ཉལ་ད་ནུག
- ཕུན་ཚོགས་དབང་འདུས/Phuntsho Wangdiཉལཝ་ད་ལུ་ ཏེ་ད་བསྐོས་ནི་འདི་ ཤིང་གི་ལྷ་མོ་དང་འ་ནི་ཚུ་ལུ་འདི་ བསྐོས་ནི་ཅིག་ཡོདཔ་མས་བ་ཏེ། ཏེ་ཁོ་གི་ཨམ་སྲུ་འདི་ ཨ་ལོ་སྐྱེ་ནི་ཡོདཔ་མས་ལགས། ཏེ་ཨ་ལོ་སྐྱེ་ནི་ཡོདཔ་ད་ལུ་ཏེ་ ཏེ་བསྐོས་ནི་གི་བསྐོར་རྒྱབ་འདི་ ཤིང་གི་ལྷ་མོ་གི་བསྐོར་རྒྱབ་ ཨམ་ཤིང་གི་ལྷ་མོ་ལུ་ཕོག་སྟེ་ཡོདཔ་མས་ལགས
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་ གནས་བདག་གཞི་བདག་རིགས་ཚུ་འབོ་སྦེ་ ག་ར་ལུ་སླབ་དོ་ཡོདཔ་མས། ད་རེས་ཡ་་་་་ གཡུས་ཁ་ ཏེ་ས་གནས་ གཡུས་དེ་ཁ་ལུ་ ཏེ་ཨ་ལོ་ཅིག་སྐྱེཝ་མས་ བུ་ཅིག་སྐྱེཝ་མས་ཟེར་ འ་ནི་བུ་འདི་ད་ བསྐོས་ནི་གི་ལཱ་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ སེམས་ཅན་ སེམས་ཅན་སྟག་གི་ལག་པར་ཕོག་སྟེ་ ཁོ་སེམས་ཅན་སྟག་གི་ཁ་ལུ་ཕོག་སྟེ་ འ་ནི་སྦེ་ཟ་ནི་གི་རྒྱུ་ཨིན་ཟེར་ སེམས་ཅན་སྟག་གི་ལག་པར་ཕོག་སྟེ་ ཤི་ནི་ཨིན་ཟེར་ བསྐོས་དོ་ཟེར་ བསྐོས་དོཝ་མས
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་ ཁོ་གི་ཨ་པ་གིས་ ཀྲིག་ཀྲི་ར་ཧ་གོ་ཡི་བ་ཏེ་ད་ ཨམ་སྲུ་གིས་ཨ་ལོ་སྐྱེ་ནི་ཡོད་ད་ ད་བུ་སྐྱེས་ཡི་ག་ བུམོ་སྐྱེས་ཡི་ག་ ན་ལས་འདི་ བུ་ཨིན་ཟེརཝ་མས། ད་ང་གི་ཨ་ལོ་རང་ཨིན་འོང་ད་ཟེར།
- ཕུན་ཚོགས་དབང་འདུས/Phuntsho Wangdiད་ ཁོ་ག་དེ་སྦེ་འབདཝ་མས་ག་བལྟ་སྟེ་ ང་ར་དྲན་བཏོན་དགོ་ད་ཟེར་ ཁྱིམ་ན་འགྱོ་སྦེ་ འ་ནི་བཟུམ་སྦེ་ ད་ཤིང་གི་ལྷ་མོ་གིས་ཟ་ནི་བཟུམ་སྦེ་བསྐོས་ད་ཡི། ཁྱོད་ཀྱིས་འ་ནི་བཟུམ་སྦེ་ ཀྲིག་ཀྲི་ར་ཨ་ལོ་ཡང་བུ་སྐྱེས་སྡོད་ནུག ད་འབདན་ ང་བཅས་གཉིས་ཀྱི་ཨ་ལོ་ར་ཨིནམ་འོང་ད་ཟེར།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་ བདག་འཛིན་འཐབ་སྟེ་ བདག་འཛིན་འཐབ་སྟེ་ར་ ཨ་ལོ་ཡང་སྦོམ་ཡར་སོ་ནུག་ལགས། སྦོམ་འགྱོ་སྦེ་ཡུདཔ་ཅིག་ ཕོ་རྒྱ་གཞོནམ་ཐལ་ཏེ་ ཚོང་ལུ་འགྱོ་དོ་ཡོདཔ་མས། དང་ཕུགས་འབད་བ་ཅིན་ཏེ་ ཚོང་ལུ་ཏེ་ ཧེ་མ་སྣུམ་འཁོར་ལམ་ ག་ཏེ་འོང་བ་ཏེ།
- ཕུན་ཚོགས་དབང་འདུས/Phuntsho Wangdiདཔེ་འབད་བ་ཅིན་ བོད་ཚོང་འཐབ་པ་ཅིན་ བོད་ལུ་ ལྷ་ས་ལས་ཡ་ར་ འ་ནི་བཟུམ་སྦེ་འགྱོ་ནི་གི་ རྐང་སྟོང་སྦེ་ཏེ་ གནས་བསྐོར་འབད་རུང་ གནས་བསྐོར་ཚར་རེ་འགྱོཝ་ད་ལུ་ འ་ནི་སྦེ་རྐང་སྟོང་སྦེ་ཏེ་ འ་ནི་བཟུམ་སྦེ་ ལུག་ལུག་གི་ཤ་མ་བཙོ་བ་ཟ་སྟེ་ ཏེ་འ་ནི་སྦེ་འགྱོ་འོང་ལོ་བ་སྟེ།
- ཕུན་ཚོགས་དབང་འདུས/Phuntsho Wangdiཁཝ་ནང་ལ་བརྒལ་ ལུང་སྤུབས་སྦེ་ལགས། ཏེ་ཁོང་ཡང་འ་ནི་བཟུམ་སྦེ་ ཚོང་ལུ་སྟེ་ ཚྭ་རེ་ལེན་པར་འགྱོ་དོཝ་མས་ཏེ་ འགྱོ་ད་ལུ་ཏེ་ བུཚུ་གཞོནམ་ཐལ་ཐལཝ་མས་ལགས། ཨ་པ་གིས་བདག་འཛིན་འཐབ་སྟེ་ བལྟ་ཡི་རང་སྡོད་སྡོདཔ་མས།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་ ཉིནམ་ཅིག་འབདཝ་ད་ལུ་ ཁོང་ཚོགས་རོགས་ལེ་ཤ་ ཡོདཔ་མས། འགྱོ་དོཝ་མས། ཏེ་ཚོང་ལེན་ནི་གི་ ཚོང་ལུ་འགྱོ་ད་ལུ་ ཏེ་བུ་འདི་གིས་ཡང་ཚོང་ལེན་པར་འགྱོ་ནི་ ཟེར་ཉན་མ་བཏུབ་པ། དེ་ལས་ ཨ་པ་སེམས་ཚ་གྱང་ལངས་ ཁོ་འ་ནི་སྦེ་ བར་རྐྱབ་མི་ཅིག་ཡོད་ འ་ནི་སྦོ་བསྐོས་ཏེ་ཡོད་ ད་ཁོ་ར་ཨིན་མནོ་ འ་ནི་སྦེ་འདི་ མི་བཏུབ་ད་ཟེར་ ཁོ་འགྱོཝ་ད་ལུ་ དེ་ལས་ཨ་པ་གིས་ ཁོང་ལྟོ་ཚང་ཚུ་དང་གཅིག་ཁར་ཚོང་ལུ་འགྱོ་སྦེ་ ཏེ་ལམ་ཁར་སྒར་བཅགས་ཏེ་ ནགས་ཚལ་སྦུག་ཅིག་ཁ་ལུ་ ཉལ་ཉལཝ་མས་བ་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiནགས་ཚལ་ཡང་ ནགས་ཚལ་སྦོམ་ཅིག་ནང་ན་རང་ བར་ན་ཅིག་ཁ་ལུ་རང་ཉལ་ནུག དེ་ལས་ ཨ་པ་ཤུལ་བདའ་གཟིམས་ཏེ་ མདའ་གཞུ་འབག་སྦེ་ ཤུལ་ ཤུལ་ ཤུལ་སྦེ་སོང་སྟེ་ དེ་ལས་ཨ་ལོ་ ཁོང་ཉལ་ནུག་བ་ལགས། དེ་ལས་ཨ་པ་ཚ་གྱང་ལངས་ཏེ་ ཨ་པ་ཡང་ཏེ་ ཁུ་སིམ་སིམ་སྦེ་འགྱོ་སྦེ་ ཏེ་ལྟོ་ཚང་ཚུ་ལུ་ཡང་སླབ་སྦེ་ ཏེ་བུ་ལུ་འདི་མ་སླབ་པས་ དེ་ཚེ་ བུ་ལུ་མ་སླབ་པར་ ལྟོ་ཚང་ཚུ་ལུ་རྐྱངམ་ཅིག་སླབ་སྦེ་ ང་འ་ནི་ ཨ་ལོ་འ་ནི་སྦེ་ཨིན། འ་ནི་སྦེ་བསྐོས་ཏེ་ཡོདཔ་ཨིན། ད་རེས་ག་ཅི་འབད་འོང་ག་ཟེར་ རྟིང་ཤུལ་བདའ་འོང་ཡི། ང་འ་ནི་སྦེ་སེམས་མ་བདེ་ཟེར།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་བུ་འདི་ གཉིད་ཁུག་སོ་ནུག་བ་ཏེ་ བུ་འདི་ གཉིད་ཁུག་སྡོདཔ་ད་ལུ་ ཏེ་ཨ་པ་གིས་ ག་ཅི་ལོ་ ངང་ལག་ཤིང་བཏོག་འབག་འོང་སྦེ་ ཚབ་བུ་ཅོག་ར་གཅིགཔོ་སྦེ་བཟོ་ ཉལ་ཞག་སྦེ་ བགོ་ལ་བཀབ་བཞག་སྦེ་ ཏེ་ཨ་ལོ་འདི་ སོ་སོ་ཅིག་ཁར་བཞག་བཞགཔ་མས་ གཡིབ་སྦེ། དེ་ལས་ མདའ་གཞུ་འབག་སྦེ་སྡོདཔ་ད་ལུ་ ཏེ་སེམས་ཅན་སྟག་ སྐད་རྐྱབ་ཅི་རྐྱབ་ཅི་འོང་དོ་མས་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiསྐད་རྐྱབ་ཅི་རྐྱབ་ཅི་ འོང་ཡི་འོང་ཡི་ ཏེ་འཐད་རི་འབའ་རི་ ཏེ་ད་མདའ་བཏངམ་ མ་བཏངམ་ཅིག་ཁ་ལུ་ཟ་བཞག་འོང་ཟེར་ འདྲོག་སྟེ་ ཨ་ལོ་འདི་ ཁོ་གཅིག་ཁར་ ཟུར་ཁ་ལུ་སྦེ་ཉལ་བཞག་སྦེ་ མདའ་གཞི་འབག་སྟེ་སྡོད་སྡོདཔ་མས།
- ཕུན་ཚོགས་དབང་འདུས/Phuntsho Wangdiཏེ་ སྟག་འདི་འོང་དོ་མས་ལགས། སྟག་འོང་སྟེ་ སྟག་སྐད་རྐྱབ་ཅི་ར་འོངམ་ད་ཏེ་ ལྟོ་ཚང་ཚུ་ག་ར་ ཆང་དྲངས་ཏེ་ གཉིད་ལོག་སྟེ་ ཏེ་ ཁོ་གི་བུ་ཡང་གཉིད་ལོག་སྟེ་ ཏེ་མི་ཅོག་ར་གཅིགཔོ་སྦེ་བཟོ་ཉལ་བཞག་བཞགཔ་མས། མ་པ་སེམས་ཅན་གྱིས་ཤེས་ནི་འདི་ཤེས་བ་ཏེ།
- ཕུན་ཚོགས་དབང་འདུས/Phuntsho Wangdiཁོ་ སེམས་ཅན་སྟག་ སངས་རྒྱས་ཨིན་མས་ཨིན་ནི་འདི་ ཨིན་ཏེ་ར་འབད་རུང་ཏེ་ད་ ཚར་གཅིག་གུ་རང་ ག་དེམ་ཅིག་སྦེ་ཟ་བཞག་པ་ཅིན་ མདའ་རྐྱབ་མ་ཚུགསཔ་ཅིག་ལས་ ཨ་ལོ་འདི་ མེདཔ་འགྱོ་འོང་ཟེར་ ཉལ་ས་ལུ་ མི་བཟུམ་སྦེ་བཟོ་བཞག་བཞགཔ་མས་ལགས། དེ་ལས་ སྦོ་ལོགས་ཁར་ལྷོད་ཅི་ ལྷོད་ཅི་ ལྷོད་ཅི་ སྒོ་ཁ་ལས་ གུར་ནང་ན་མ་འཛུལཝ་ཅིག་ཁ་ལས་ར་ མདའ་རྐྱབ་ནུག་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiམདའ་རྐྱབ་ ཁ་དུམ་མར་བསད་བཞག་ནུག བསད་བཞག་སྦེ་ ཏེ་དེ་ལས་ ནམ་ལངས་སྦེ་ ཁོང་ཡང་དྲོ་མཛར་རེ་ཟ་སྦེ་ ཁོ་ཡང་དྲོ་མཛར་ཟ་སྦེ་ དེ་ལས་རྐྱངམ་ཅིག་ བུ་འདི་ལུ་སླབ་སླབ་མས་ལགས། ཁྱོད་ཚོང་ལུ་མ་འགྱོ་ མ་འགྱོ་ཟེརཝ་ད་ ཁྱོད་འདི་ བསྐོས་པ་འ་ནི་ཐོག་ལུ་ བསྐོས་ཏེ་ཡོད་ འ་ནི་སེམས་ཅན་སྟག་གིས་ཟ་ ཟེར་བསྐོས་ཏེ་ཡོད་ ཀོ་ཏ་ འ་ནི་བལྟ་ཤིག ང་གིས་བསད་ཡི་བ་སྟེ་ ཁྱོད་ཀྱི་རྟིང་ཤུལ་བདའ་འོང་སྟེ་ ཁྱོད་ཀྱི་སྲོག་སྐྱབས་འབད་བར་ང་འོང་འོངམ་ཨིན།
- ཕུན་ཚོགས་དབང་འདུས/Phuntsho Wangdiང་ཁྱོད་ལུ་ཕངས་ཏེ་འོང་འོངམ་ཨིན། ང་མ་འོང་པ་ཅིན་ ཁྱོད་ཟ་སྦེ་ཤི་ཤིཝ་འོང་། ག་ཅི་ལོ་ ཟ་ཡི་ད་རེས་སེམས་ཅན་སྟག་གིས་ སྟག་གིས་བསད་བསདཔ་འོང་མ་གཞི་འདི་ ཟེར་སླབ་སླབ་མས། དེ་ལས་ སོ་ཡང་འ་ནི་སྦེ་འབྱིག་འགྱོ་འགྱོཝ་༼སོ་ཕྱི་ཁར་སྟོན་༽མས། འ་ནི་སྦེ་ཤི་ཤིཝ་ཡོདཔ་མས། ཏེ་ བུ་ང་ཟ་མི་སེམས་ཅན་སྟག་འདི་ འ་ནི་བཟུམ་སྡོད་སྡོདཔ་མས་བ་སྟེ་ཟེར་ སོ་ར་ ག་བཟུམ་འདུག་ ཟེར་སླབ་སྦེ་ སོ་གུ་རྡོག་ཐེ་རྐྱབ་བཏང་ནུག་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiརྡོག་ཐེ་རྐྱབ་བཏངམ་ད་ལུ་ མཆེཝ་གིས་ ཨ་ཙི་ཅིག་རྐྱངམ་ཅིག་ཕོག་ཅི་ཕོག་ནི་འདི་ ཁྲག་ཨ་ཙི་ཅིག་ཐོན་ཐོནམ་མས། འ་ན་ལས་ ཧད་བཏགས་ཏེ་ རྐངམ་སྦོ་སྦེ་ ཏེ་ག་ཅི་བཟུམ་གྱི་ཏེ་ སྨན་བཅོས་འབད་རུང་ མ་དྲག་པར་ཤི་སོ་ཡི་ལོ་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiང་བཅས་ བསྐོས་པའི་ལམ་ལས་ བྱོག་མི་ཐལ་ཟེར་མི་འདི་ འ་ནི་བཟུམ་ཨིན་པས་ལགས།