Video Overview
༉ མགར་ས་རྫོང་ཁག་ ལ་གཡག་ལུང་སྒོ་ལུ་ པ་སངས་ཀྱིས་འབད་འཐེན་མི་གླུ་གཞས་ ཨོཾ་མོ་ཨོཾ་མོ་མ་ཎི་པདྨེ་ཧཱུཾ། །ཨོཾ་དང་ལྷ་ས་མ་ཎི་པདྨེ་ཧཱུཾ། །ཟེར་བའི་གླུ་གཞས་འདི་ རྫོང་གཞི་དང་ལྷ་ཁང་ ཁང་ཁྱིམ་ལ་སོགས་པ་བཞེངས་པའི་སྐབས་འཐེན་དོ་ཡོདཔ་སྦེ་བཤདཔ་ཨིན་མས། དེ་ཡང་ ས་འདི་བྱིའུ་གིས་བཅད་པའི་ཉི་མ་ལུ་དང་། འགྱམ་རྡོ་གླང་གི་ལོ་ལུ་བཙུགས་པའི་ཉི་མ་ལུ་ཟེར་བའི་ཚིག་ལས་འགོ་བཟུང་ ཁྱིམ་རྐྱབ་ཐངས་ཀྱི་སྐོར་ལས་བཤད་པ་རྐྱབ་སྟེ་འཐེནན་ཨིན་པས། འ་ནཱི་བཟུམ་གྱི་གླུ་གཞས་རྙིངམ་ལེ་ཤ་ཅིག་ར་ཡོད་རུང་ ད་རེ་ནངས་པའི་ན་གཞོན་ཚུ་གིས་ རིག་གསར་གྱི་གླུ་གཞས་ཚུ་ལུ་སྤྲོ་བ་ཆེ་སུ་ཅིག་འགྱོ་སྟེ་ དང་ཕུ་གི་བོད་སྒྲ་དང་གཞུང་སྒྲའི་རིགས་ཚུ་ལུ་སྤྲོ་བ་བསྐྱེད་མི་ གནམ་མེད་ས་མེད་ཅིག་མི་འཐོན་དོ་ཡོདཔ་ཨིན།
- Laya
- པ་སངས། Pasangཨོཾ་མོ་ཨོཾ་མོ་མ་ཎི་པངྨེ་ཧཱུ། །ཨོཾ་དང་ལ་ས་མ་ཎི་པངྨེ་ཧཱུཾ། །ས་འདི་བྱིའུ་གིས་བཅད་པའི་ཉིན་མ་ལུ། །༢
- པ་སངས། Pasangཨོཾ་མོ་ཨོཾ་མོ་མ་ཎི་པངྨེ་ཧཱུཾ། །གཡང་སུ་དམ་པའི་ཆོས་ལ་སྐྱབས་སུ་མཆི། །
- པ་སངས། Pasangའགྱམ་རྡོ་གླང་སྟེ་བཙུགས་པའི་ཉིན་མ་ལུ། བཞེངས་པ་གླང་གི་ལོ་ལུ་བྱོན་དགོ་པས། །
- པ་སངས། Pasangཟུར་གཅིག་ལྡིང་གི་ཉིན་མ་ཕྲང་ཕྲང་མ། །བྱིའུ་གི་ལོ་ལུ་བཞེངས་མི་རླུང་རྟ་འཕྱར། །
- པ་སངས། Pasangསྒོ་ཕྱི་སྟག་འདི་ལྷོང་མི་ཉིན་མ་ལུ། །སྟག་གི་ལོ་ལུ་བཞེངས་པ༼ལྷོང་པ༽་བྱོན་པ་ཡོད། །
- པ་སངས། Pasangཀ་ཆེན་འབྲུག་གི་སྒྲེང་མི་ཉིན་མ་ལུ། །འབྲུག་གི་ལོ་ལུ་སྒྲེང་པ་བྱོན་པ་ཡོད། །
- པ་སངས། Pasangཀྱག་རྡོ་ཕག་གི་བཞེངས་པ་༼བཏོན་པའི་༽ཉིན་མ་ལུ། །ཕག་གི་ལོ་ལུ་བྱོན་མི་བྱོན་པ་ཚུ། །
- པ་སངས། Pasangཁྱིམ་ཐོག་ལྕགས་ཀྱི་གདིང་མི་ཉིན་མ་ལུ། །བྱ་གི་ལོ་ལུ་བྱོན་པའི་ཉིན་མ་ཡོད། །