Skip to main content Skip to search
17 Feb 2017
5 min 46 sec
Rating
0
No votes yet
Video Overview
Creators: 
Duptho , Chimi Wangmo

ཆོས་སྐྱིད་དང་ ཆོས་སྒྲོན་གྱིས་འཐེན་མི་ བོད་སྒྲའི་གླུ་གཞས་ ཨོ་མོ་ཨོ་མོ་མ་ཎི་ཟེར་མི་འདི་ ཆོས་འབྲེལ་གྱི་གླུ་གཞས་ཅིག་ཨིནམ་ལས་ མི་ཚུ་ལུ་ རྒྱུ་ནོར་ལོངས་སྤྱོད་ལ་སོགས་པའི་ རིན་ཐང་ཅན་ཚུ་ལུ་ཆགས་མ་སྡོད་པར་ དམ་པའི་ཆོས་འབད་དགོ་ཟེར་ དྲན་གསོ་འབདཝ་ཨིན་པས། དཔྱེ་དང་ གནད་དོན་ལེ་ཤ་ཅིག་བཀོད་ཐོག་ལས་ བརྡ་འཕྲིན་ཚུ་སླབ་ཨིནམ་ད་ གླུ་གཞས་འདི་ནང་ རྩམ་པ་པོ་འདི་གིས་ རིན་ཐང་ཅན་གྱི་ བཀྲིས་སྒོ་མང་དང་མཆོད་ཁང་ འདི་ལས་ཕམ་དང་ སྤུན་ཆ་ལ་སོགས་པའི་ མི་ཚེ་ནང་ལུ རིན་ཐང་ཅན་ཚུ་ ཆ་མཉམ་བཞག་སྟེ་ དམ་པའི་ཆོས་འབད་ནི་ཟེར་ཨིན་པས། འདི་འབདཝ་ལས་ གླུ་གཞས་འདི་ནང་ རིན་ཐང་ཅན་གྱི་ རྒྱུ་རྫས་ཀྱི་རེ་བ་ཚུ་ སྤང་སྟེ་དམ་པའི་ཆོས་འབད་ནི་ཟེར་བའི་དོན་མས། 

 

  • ཆོས་སྐྱིད་དང་ཆོས་སྒྲོན
    ཨོཾ་མོ་ཨོཾ་མོ་མ་ཎི་ལ་པདྨ་ཧཱུཾ། །ཡ་སྭོ་དམ་པའི་ཆོས་ལ་སྐྱབས་སུ་མཆི། །སྐྱབས་སུ་མཆི། །
  • ཆོས་སྐྱིད་དང་ཆོས་སྒྲོན
    ཕྱི་ལ་བལྟ་ན་བཀྲ་ཤིས་ལ་སྒོ་མང་འདྲ། །བཀྲ་ཤིས་སྒོ་མང་བཞག་ནས་ལ་ཆོས་ལ་འགྲོ། །ཆོས་ལ་འགྲོ།
  • ཆོས་སྐྱིད་དང་ཆོས་སྒྲོན
    ཡབ་ཆེན་ཨ་པ་གསེར་གྱི་མཆོད་རྟེན་འདྲ། །གསེར་གྱི་མཆོད་རྟེན་བཞག་ནས་ལ་ཆོས་ལ་འགྲོ། །ཆོས་ལ་འགྲོ།
  • ཆོས་སྐྱིད་དང་ཆོས་སྒྲོན
    ཡུམ་ཆེན་ཨ་མ་གཡུ་ཡི་ལ་མནྜལ་འདྲ། །གཡུ་ཡི་མནྜལ་བཞག་ནས་ལ་ཆོས་ལ་འགྲོ། །ཆོས་ལ་འགྲོ། །
  • ཆོས་སྐྱིད་དང་ཆོས་སྒྲོན
    སྲས་དང་སྲས་མོ་ཉི་མ་ལ་ཟླ་བ་འདྲ། །ཉི་མ་ཟླ་བ་བཞག་ནས་ལ་ཆོས་ལ་འགྲོ། །ཆོས་ལ་འགྲོ།
  • ཆོས་སྐྱིད་དང་ཆོས་སྒྲོན
    བཞེས་བང་ཁབ་ཏུ་མེ་ཏོག་ལ་པདྨ་འདྲ། །མེ་ཏོག་པདྨ་བཞག་ནས་ལ་ཆོས་ལ་འགྲོ། །ཆོས་ལ་འགྲོ །
  • ཆོས་སྐྱིད་དང་ཆོས་སྒྲོན
    ཆོས་ཆས་ཆ་གཅིག་གསེར་གྱི་ལ་ཐིག་པ་འདྲ། །གསེར་གྱི་ཐིག་པ་བཞག་ནས་ལ་ཆོས་ལ་འགྲོ། །ཆོས་ལ་འགྲོ།
  • ཆོས་སྐྱིད་དང་ཆོས་སྒྲོན
    ཨོཾ་མོ་ཨོཾ་མོ་མ་ཎི་ལ་པདྨ་ཧཱུཾ། །ཡ་སྭོ་དམ་པའི་ཆོས་ལ་སྐྱབས་སུ་མཆི། །སྐྱབས་སུ་མཆི། །
  • ཆོས་སྐྱིད་དང་ཆོས་སྒྲོན
    ལགས་སོ་ལགས། བཀྲིན་ཆེ།