Skip to main content Skip to search
21 Jun 2018
9 min 19 sec
Video Overview
Creators: 
Yeshi Wangchuk, Lhakpa

Omchi Tsela was the song performed during the Bumthang Yakchö festival. This song originates from Bumthang itself, and can be danced as well as sung. The song mainly describes how Guru Rinpoché was born from a lotus flower and his signicance. This song is considered to be among the most precious of songs.

ཨོམ་ཅི་སེན་ལ་ཟེར་བའི་ གླུ་གཞས་འདི་ བུམ་ཐང་གཡག་མཆོད་ཀྱི་སྐབས་ ཞབས་བྲོ་རྐྱབ་མི་ཚུ་གིས་ རྐྱབ་སྲོལ་ཡོདཔ་ཨིན་མས། གླུ་གཞས་འདི་ འབྱུང་ས་ཡ་ བུམ་ཐང་ལས་ཨིན་མས།  གླུ་གཞས་འདི་གིས་ ཨྱོན་གུ་རུ་རིན་པོ་ཆེ་ འཁྲུངས་ས་ ག་སྟེ་ལས་ཨིན་ན་ བཤད་དོ་ཡོདཔ་ཨིན། དེ་ཡང་ གུ་རུ་རིན་པོ་ཆེ་ མེ་ཏོག་པད་མ་ལས་ འཁྲུངས་པའི་ ལོ་རྒྱུ་ཚུ་ཡང་ བཤད་དོ་ཡོདཔ་ཨིན་མས། གླུ་གཞས་འདི་ ན་མེད་ས་མེད་ ཁག་ཆེ་བའི་ གླུ་གཞས་ཅིག་ཨིན་མས།

Transcript search
No results found for this search
0 of 0
  • ཀུན་བཟང་ཆོས་སྒྲོན་
    ཨོཾ་ཅིག་ཟེར་(གསོན་)ལ། །དྷ་ན་ཀོ་ཥའི་མཚོ་གླིང་ལས་ཤིང་ཅིག་འཁྲུངས། །ཤིང་མོ་དེ་ཡང་པདྨ་སྡོང་པོ་འཁྲུངས། །ཤིང་མོ་དེ་ཡང་པདྨ་སྡོང་པོ་འཁྲུངས། །
  • ཀུན་བཟང་ཆོས་སྒྲོན་
    ཨོཾ་ཅིག་ཟེར་(གསོན་)ལ། །མེ་ཏོག་པདྨ་མཐོ་ཞིང་ཡངས་མའི་(པའི་)རྩེ་ལ། །དེ་ལས་ཡ་མཚན་ཆེ་བའི་སྐུ་ཅིག་འཁྲུངས། །དེ་ལས་ཡ་མཚན་ཆེ་བའི་སྐུ་ཅིག་འཁྲུངས། །
  • ཀུན་བཟང་ཆོས་སྒྲོན་
    ཨོཾ་ཅིག་ཟེར་(གསོན་)ལ། །ཞབས་ནི་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །མཚན་ཡང་ཨོ་རྒྱན་པདྨ་འབྱུང་གནས་ཞུ། །མཚན་ཡང་ཨོ་རྒྱན་པདྨ་འབྱུང་གནས་ཞུ། །
  • ཀུན་བཟང་ཆོས་སྒྲོན་
    ཨོཾ་ཅིག་ཟེར་(གསོན་)ལ། །ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་བསྣམས། །ཕྱག་གཡོན་ཕྱེ་མར་(ཐོད་བུམ་)བདུད་རྩིས་གང་བ་ཤོག(བསྣམས)། །ཕྱག་གཡོན་ཕྱེ་མར་(ཐོད་བུམ་)བདུད་རྩིས་གང་བ་ཤོག(བསྣམས)། །
  • ཀུན་བཟང་ཆོས་སྒྲོན་
    ཨོཾ་ཅིག་ཟེར་(གསོན་)ལ། །ཞལ་གཟིགས་པ་འཛམ་གླིང་ཀུན་ལ་གཟིགས། །ཐུགས་ཡང་ལས་འཕྲོ་ཅན་གྱི་གཟིགས་པར་ཤོག །ཐུགས་ཡང་ལས་འཕྲོ་ཅན་གྱི་གཟིགས་པར་ཤོག །
  • ཀུན་བཟང་ཆོས་སྒྲོན་
    ཨོཾ་ཅིག་ཟེར་(གསོན་)ལ། །རྒྱུ་ནོར་ལོངས་སྤྱོད་སྙིང་གིས་ཕུལ། །སྙན་པའི་གླུ་དང་དབྱངས་ཀྱི་མཆོད་པ་ཕུལ། །སྙན་པའི་གླུ་དང་དབྱངས་ཀྱི་མཆོད་པ་ཕུལ། །
  • ཀུན་བཟང་ཆོས་སྒྲོན་
    ཨོཾ་ཅིག་ཟེར་(གསོན་)ལ། །བདག་དང་མཐའ་ཡས་འགྲོ་བ་སེམས་ཅན་རྣམས། །ཕྱི་མ་ཟངས་མདོག་དཔལ་རིར་དྲངས་བར་ཤོག །ཕྱི་མ་ཟངས་མདོག་དཔལ་རིར་སྐྱེ་བར་ཤོག། །།