Skip to main content Skip to search
16 Jan 2015
6 min 21 sec
Rating
0
No votes yet
Video Overview
Creators: 
Yeshey Wangchuk

༉  གླུ་གཞས་ ཨོཾ་ཅིག་གསོན་ལ། ཟེར་མི་འདི་ བརྩམས་མི་ག་ཨིན་ན་མི་ཤེས་དོ་ཡོདཔ་ད་ ད་ལྟོའི་གླུ་གཞས་འཐེན་མིའི་གྲལ་ལས་ ཡེ་ཤེས་ཆོས་སྒྲོན་དང་ཀུན་བཟང་མཚོ་མོ། རིན་ཆེན་དབང་མོ་གསུམ་འདི་ སྟང་རྒེད་འོག་ལས་ རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ཅིག་འབད་ནི་དེ་གིས་ རྫོང་ཁག་ནང་ཞབས་བྲོ་རྐྱབ་པའི་སྐབས་ ཨུ་རཔ་ཚུ་ལས་ལྷབ་ཅི་ ཟེར་ཨིན་པས། ཡེ་ཤེས་ཆོས་སྒྲོན་གྱིས་འབད་བ་ཅིན་ གླུ་གཞས་འདི་ སྒྲ་འཛིན་འཁོར་ལོ་ཚུ་ནང་ཡང་འཐེན་ནི་ཡོདཔ་ཨིན་རུང་ ཨུ་རཔ་ཚུ་གིས་འབད་བ་ཅིན་ སྒྲ་འཛིན་འཁོར་ལོ་ནང་འཐེན་མི་ཚུ་གིས་ གདངས་སོར་བཏང་ནུག་ ཟེར་སླབ་དོ་་ཡོདཔ་མས། གླུ་གཞས་འདི་གི་ཚིག་དང་འཁྲིལ་བ་ཅིན་ ཨོ་རྒྱན་གུ་རུ་རིན་པོ་ཆེའི་སྐུ་གཟུགས་ཀྱི་ཕྱག་མཚན་ལུ་ གཞི་བཞག་སྟེ་བརྩམས་ཡོདཔ་ལས་ ཨོ་རྒྱན་གུ་རུ་རིན་པོ་ཆེའི་བསྟོད་གླུ་ཅིག་ཨིན་པས།

Show More

  • སྦས་ཟུར་གྱི་ཨམ་སྲུ་ཚུ་/Bezur Women: ཨོཾ་ཆེ་གསལ་ལགས། །དྷ་ན་ཀོ་ཥའི་མཚོ་གླིང་ལས་ཤིང་ཅིག་འཁྲུངས་ལ། །ཤིང་མོ་དེ་ཡང་པདྨེའི་ལའི་སྡོང་པོ་འཁྲུངས་ལ། །ཤིང་མོ་དེ་ཡང་པདྨེའི་ལའི་སྡོང་པོ་འཁྲུངས།
  • སྦས་ཟུར་གྱི་ཨམ་སྲུ་ཚུ་/Bezur Women: ཨོཾ་ཆེ་གསལ་ལགས། །མེ་ཏོག་པདྨ་མཐོ་ཞིང་ལའི་ཡངས་པའི་སྟེང་ལ། །དེ་ལ་ཡ་མཚན་ཆེ་བའི་ལའི་སྐུ་ཅིག་འཁྲུངས་ལ། དེ་ལ་ཡ་མཚན་ཆེ་བའི་ལའི་སྐུ་ཅིག་འཁྲུངས།
  • སྦས་ཟུར་གྱི་ཨམ་སྲུ་ཚུ་/Bezur Women: ཨོཾ་ཆེ་གསལ་ལགས། །ཞབས་གཉིས་རྡོ་རྗེ་དཀྱིལ་ཀྲུང་ལའི་དྲུང་དུ་བཞུགས་ལ། མཚན་ཡང་ཨོ་རྒྱན་པདྨ་ལའི་འབྱུང་གནས་ཞུ་ལ།
    །མཚན་ཡང་ཨོ་རྒྱན་པདྨ་ལའི་འབྱུང་གནས་ཞུ།
  • སྦས་ཟུར་གྱི་ཨམ་སྲུ་ཚུ་/Bezur Women: ཨོཾ་ཆེ་གསལ་ལགས། །སྤྱན་གཉིས་གཟིགས་པ་འཛམ་གླིང་ལའི་ཡོངས་ལ་གཟིགས་ལ། ཐུགས་ཡང་ལས་འཕྲོ་ཅན་གྱི་ལའི་ལྷག་པར་དགོངས་ལ། །ཐུགས་ཡང་ལས་འཕྲོ་ཅན་གྱི་ལའི་ལྷག་པར་དགོངས།
  • སྦས་ཟུར་གྱི་ཨམ་སྲུ་ཚུ་/Bezur Women: ཨོཾ་ཆེ་གསལ་ལགས། །ཕྱག་གཡས་གསེར་གྱི་རྡོ་རྗེ་ལའི་རྩེ་ལྔ་བསྣམས་ལ། །ཕྱག་གཡོན་ཕྱེ་དམར་(ཐོད་བུམ་)བདུད་རྩིས་ལའི་གང་བར་ཤོག་ལ། །ཕྱག་གཡོན་ཕྱེ་དམར་བདུད་རྩིས་ལའི་གང་བར་ཤོག
  • སྦས་ཟུར་གྱི་ཨམ་སྲུ་ཚུ་/Bezur Women: ཨོཾ་ཆེ་གསལ་ལགས། །ཟས་ནོར་ལ་ལོངས་སྤྱོད་ལའི་ཀུན་གྱིས་ཕུལ་ལ། །སྙན་པའི་གླུ་དང་དབྱངས་ཀྱི་ལའི་མཆོད་པ་ཕུལ་ལ། །སྙན་པའི་གླུ་དང་དབྱངས་ཀྱི་ལའི་མཆོད་པ་ཕུལ།
  • སྦས་ཟུར་གྱི་ཨམ་སྲུ་ཚུ་/Bezur Women: ཨོཾ་ཆེ་གསལ་ལགས། །བདག་དང་ལ་འགྲོ་བ་ལ་སེམས་ཅན་རྣམས་ལ། །ཕྱི་མ་ཟངས་མདོག་དཔལ་རིར་ལའི་ཀྲ་(སྐྱེ་)བར་ཤོག །ཕྱི་མ་ཟངས་མདོག་དཔལ་རིར་ལའི་སྐྱེ་བར་ཤོག །