Skip to main content Skip to search
03 Feb 2016
5 min 55 sec
Samten Yeshi
Video Overview
Creators: 
Dawa Tshering, Thinley Dorji

Tshewang Lhamo sings An Offering Song, an old boedra song. She did not remembered who had composed it, and she remembers learning from elder person in her village. 

ཚེ་དབང་ལྷ་མོ་གིས་ བོད་སྒྲའི་གླུ་གཞས་ ཨོཾ་ས་ལ་མ་ཎི་ཟེར་འདི་འཐེནམ་ཨིནམ་ད་ བོད་སྒྲའི་གླུ་གཞས་རྙིངམ་འདི་ རྐྱབ་པའི་སྐབས་སུ་ མི་ག་དེ་མང་མང་གིས་ ཞབས་བྲོའི་གྱལ་ཁར་འཛུལ་ཏེ་རྐྱབ་ཨིན། མོ་གིས་ཞབས་བྲོ་བརྩམས་མི་འདི་ ག་ཨིན་ན་གཏན་གཏན་མ་ཤེས་རུང་ མོ་གིས་ གཡུས་ཁའི་རྒས་ཤོས་ཚུ་ལས་སྦེ་སྦྱངས་ནུག། ཏེ་ད་རེས་ནངས་པའི་ ན་གཞོན་ཚུ་གིས་ ཞབས་བྲོ་འདི་སྤྲོ་བ་མ་བསྐྱེད་པར་ ཕྱི་གླིང་པའི་ཞབས་བྲོ་ཚུ་ལུ་ སྤྲོ་བ་བསྐྱེད་མི་གིས་ འདི་བཟུམ་གྱི་ཞབས་བྲོ་ཚུ་ ཉམས་ནིའི་ཉེན་ཁག་འདུག།  

Transcript search
No results found for this search
0 of 0
  • ཚེ་དབང་ལྷ་མོ།
    སྭོ་་་་ཨོམ་སངས་ལ་མ་ཎི་པད་མེ་། །ཡར་སོང་དམ་པའི་ཆོས་ལ་དབའེ་སྐྱབས་སུ་མཆི། །
  • ཚེ་དབང་ལྷ་མོ།
    སྭོ་་་་རིན་ཆེན་ནོར་བུ་རི་གི་རྩེ་མོ་ལས། །གསེར་ལས་བྱམས་མའི་གདན་ས་དབའི་དགའ་སེ་དགའ། །
  • ཚེ་དབང་ལྷ་མོ།
    སྭོ་་་་་དཀར་པོ་ཨོམ་མའི་གཞོ་སྟེ་འཁྱིལ་སེ་འཁྱིལ། །སེར་བུ་མར་གྱི་མཆོད་རྟེན་ལ་བཞེངས་སེ་བཞེངས། །
  • ཚེ་དབང་ལྷ་མོ།
    སྭོ་་་་་མི་ནི་གཞན་དང་གཞན་ལུ་མར་མི་བཙོང། །བུ་ཆུང་ཆོས་ལ་འགྲོ་བའི་ལ་ཆོས་མར་ཨིན། །
  • ཚེ་དབང་ལྷ་མོ།
    སྭོ་་་་་རིན་ཆེན་ནོར་བུ་རི་གི་སྐེད་པ་ལས། །གཡག་མེད་ལུག་གི་གདན་སེ་དགའ་ཟེར་དགའ། །
  • ཚེ་དབང་ལྷ་མོ།
    སྭོ་་་་་དཀར་པོ་བལ་གྱི་ལྦ་ག་རུ་སེ་རུ། །ཧོན་པོ་གཡུ་ཡི་ཞ་རི་དབའེ་བསྒྲིག་བསྒྲིགས། །
  • ཚེ་དབང་ལྷ་མོ།
    སྭོ་་་་མི་ནི་གཞན་དང་གཞན་ལུ་བགོ་མི་བཙོང། །བུ་ཆུང་ཆོས་ལ་འགྲོ་བའི་ལ་ཆོས་མར་ཨིན། །
  • ཚེ་དབང་ལྷ་མོ།
    སྭོ་་་་རིན་ཆེན་ནོར་བུ་རི་གི་རྩ་བར་ལས། །འཕྱམ་ཕྱ་དཀར་མོ་ཞུ་ནས་རྐྱབ་སེ་རྐྱབ།།
  • ཚེ་དབང་ལྷ་མོ།
    སྭོ་་་་ཆུམ་ནི་དྲུག་དཀར་དཀར་སུ་རྐྱབ་སེ་རྐྱབ། །ཆུམ་ནི་དྲུག་མར་ལྷན་ཁྱབ་བཏོན་སེ་བཏོན། །
  • ཚེ་དབང་ལྷ་མོ།
    སྭོ་་་་མི་ནི་གཞན་དང་གཞན་ལུ་ཆུམ་མི་བཙོང། །བུ་ཆུང་ཆོས་ལ་འགྲོ་བའི་ཆོས་ཆུམ་ཨིན། །