Skip to main content Skip to search
20 Jun 2018
6 min 2 sec
Rating
0
No votes yet
Video Overview
Creators: 
Duptho, Sonam Chophel

83-year-old Naku from Dorshing village in Phongmey, Trashigang sings an old Boedra song entitled Om Chi Senla (O Listen). It is a song dedicated to great religious masters, in appreciation of their hard work to help dharma flourish. The composer and origin of the song is unknown. The song also praises Guru Rinpoche, describing his auspicious birth from the lotus and his many great deeds. This song is performed in a group of around five to twenty dancers, who form a circle.

 

Show More

  • ནག་ཀུ་ Naku
    ཨོཾ་སངས་ལ་ཎི་ཟེར་ ཨ་པ་རྒན་རྒས་ཚུ་གི་གླུ་གཞས་ཨིན་མས་དང་ཕུ་གི་ཟེར།
  • ནག་ཀུ་ Naku
    དཔེ་མགུ་ལ་བསྟན་པའི་ཉིད། །མགུ་འདི་ལ་མགུ་དཀར་ཤར། །
  • ནག་ཀུ་ Naku
    བུ་ཆུང་ལ་ཁྱོད་རང་མེན་ན། །[བྱང་ཆུབ་ཟེར་རང་ཨོ་?]ཟེར། །
  • ནག་ཀུ་ Naku
    ཨ་པ་གིས་རྒས་རུང་ སྨོན་ལམ་ལེགས་ཤོམ་བཏབ་ཅི་ ཁྱོད་ཀྱིས་ཨ་པ་བཟུམ་སྦེ་ལོ་རྒས་ཏེ་ ཚེ་རིང་སྡོད་ཟེར་ ཨ་པ་གིས་གླུ་གཞས་དེ་སྦེ་འཐེན་ནུག་ བུཚ་ཚུ་ལུ།
  • ནག་ཀུ་ Naku
    ཉི་ཨ་པ་གདོང་ལ་ལྟ་ན་ནི། །གདོང་འདི་ལ་གཉེར་མ་ཤར། །
  • ནག་ཀུ་ Naku
    བུ་ཆུང་ལ་ཁྱོད་རང་སྐལ་བཟང་མི་སེར་གྱི་ཞབས་ཏོག་ཞུ། །
  • ནག་ཀུ་ Naku
    ཁྱོད་ཀྱིས་དགྲ་དང་གཉེན་ཟློག་ཅིག་ཟེར་ ང་གིས་ ཏེ་དེམ་ཅིག་ལོ་ན་རྒས་རུང་ ཨ་པ་ལོ་ན་རྒསཔ་ ཐབས་མིན་འདུག ཁྱོད་ཀྱིས་དགྲ་དང་གཉེན་བཟློག་ཚུགསཔ་འོང་ [ཁྱོད་ཀྱི་ཚུགས་པས་?]ཟེར་ ཨ་པ་གིས་གླུ་གཞས་འཐེན་ནུག
  • ནག་ཀུ་ Naku
    ཨ་པ་ལ་རྒས་དང་མ་རྒས་གཉིས། །ཨ་པའི་མིག་ལ་ལྟ་ལ། །
  • ནག་ཀུ་ Naku
    མིག་གི་ལ་མིག་ཆུ་འབབ་པ་ནི་ཨ་པ་རྒས་པའི་རྟགས། །ཨའེ་བུ་ཆུང་ཁྱོད་ཀྱིས་ད་ལྟོ་ཡང་ ཏེ་ངེའི་ཕ་མ་བཟུམ་གསོ་ཡི་ ཁྱོད་ཕ་ལས་བུ་བཟང་ཟེར་འོང་བཅུག་ཅིག་ཟེར་ ང་གིས་ཁྱོད་སྨོན་ལམ་བཏབ་ཅི་ ངནི་ལོ་གྲངས་ལེ་ཤཱ་སོང་ཞིནམ་ལས་ཐབས་རང་མིན་འདུག་བ་ཨ་པ་འདི།
  • ནག་ཀུ་ Naku
    མགུ་ལ་ལྟོས་ན་ མགུ་ཏོག་དཀརཔོ་གྱུར་ཏེ་ཡོད་ཟེར་ མིག་ལ་ལྟོས་ན་ མིག་ཏོ་གིས་ཡང་མ་མཐོངམ་ཨིན་ དེ་ཏེ་སྲོག་ལུ་བརྟེན་ཏེ་འཐེན་གེ་སྨེ་ཨ་པ་གིས་ཟེར་ བཟའནི་ལྟོ་ཐོབ་ འཐུངནི་ཆུ།
  • ནག་ཀུ་ Naku
    ཨ་པ་ལ་རྒས་དང་མ་རྒས་ཨ་པའི་སོ་ལ་ལྟ་ལ། སོ་འདི་ལ་དུང་སོ་དཀར་མོ་ཤར་བས་ཨ་པ་རྒས་པའི་རྟགས།
  • ནག་ཀུ་ Naku
    ཨེའི་བུ་ཟེར་ ཕ་ལས་བུ་བཟང་ཟེར་ ཨ་པ་འདི་རྒས་པའི་སྟབས་ཀྱིས་ བལྟ་བ་ཅིན་མིག་ལུ་ཐོགས་ མགུ་ཏོག་འདིནི་དཀརཔོ་གྱུར་ཡི་ ད་བཟའ་བ་ཅིན་ ལྟོ་ཚོདམ་ག་ར་ སོ་གིས་འབད་མ་ཚུགས་ སོ་ག་ར་ཡར་སོ་ཡི་ཟེར་ ཨ་པ་གིས་ བུ་ཁྱེད་བཟུམ་ལུ་ ང་བཟུམ་གྱིས་སྨོན་ལམ་བཏབ་བཞགཔ་མས་ལགས།
  • ནག་ཀུ་ Naku
    ཕ་ལས་ ད་ང་དེམ་ཅིག་ཟེར་རུང་ ང་ལས་ཁྱོད་ ཕ་ལས་བུ་བཟང་ཟེར་ བཟང་བཅུག་ཟེར་ སོ་འབད་བ་ཅིན་ ང་ལས་སོ་གིས་ང་འབད་མ་ཚུགས་རུང་ ཁྱོད་ཀྱི་སོ་གིས་འབད་ཚུགས་སྦེ་ ཕ་ལས་བུ་བཟང་ རྨུར་ཡི་ཟ་སྨ་རེད་ཟེར་ དེ་ལས་ འདི་བཟུམ་ཨིན་དོན་དག
  • ནག་ཀུ་ Naku
    ཉི་ཨ་པ་རྒས་དང་མ་རྒས་གཉིས་ཨ་པའི་རྐང་ལ་ལྟ་ལ། །རྐང་འདི་ལ་[ཅུང་ལུང་?]ཤར་བས་ཨ་པ་རྒས་པའི་རྟགས། །
  • ནག་ཀུ་ Naku
    ཨ་པ་འདིནི་རྒས་ཞིནམ་ལས་ འེ་ལམ་འགྱོ་བ་ཅིན་ རྐངམ་ཡོར་འགྱོ་སྟེ་མི་བཏུབ་པས་ ད་ཕ་ལས་བུ་བཟང་འདི་ ཁྱོད་ལུ་ང་གིས་སྨོན་ལམ་བཏབ་པའི་སྐབས་ལུ་ ཁྱོད་ཀྱི་རྐངམ་ལུ་འབད་བ་ཅིན་ ཡོར་མ་འགྱོ་བར་ མིག་འབད་བ་ཅིན་ མཐོངམ་བཅུག་ཅིག་ སོ་འབད་བ་ཅིན་ ཤ་དང་ཉ་རྨུར་ཚུགས་པའི་ཕ་ལས་བུ་བཟང་ ཁྱོད་སྡོད་སྨ་རེད་ཟེར་ ཨ་པ་གིས་དེ་སྦེ་སྨོན་ལམ་བཏབ་པའི།
  • ནག་ཀུ་ Naku
    འ་ནཱི་འདི་བུ་ལུ་སྨོན་ལམ་བཏབ་པའི་ ཨ་པ་གི་གླུ་ལེགས་ཤོམ་ཨིན་སྨེ་འ་ནཱི་འདི་ ཨ་པ་རྒས་དོ་བཟུམ་སྦེ་ ཁྱོད་རྒས་མ་བཅུག་ཟེར་ རོགས་གོངམ་རིན་པོ་ཆེ་ལུ་ཕྱག་ལེགས་ཤོམ་འབད་ཞུ་སྟེ་ བླ་མ་བཟང་པོའི་ཕྱག་ལེགས་ཤོམ་འབད་ཞུ་སྟེ་ བྱིན་རླབས་འཇུག་སྟེ་ ཚོགས་བསགས་བྱིན་བསགས་པ་འོང་བཅུག་ཅིག་ཟེར།
  • ནག་ཀུ་ Naku
    ཁྱེད་ཚུ་གིས་ཡང་ སྨོན་ལམ་དེ་སྦེ་བཏབ་སྨ་རེད་ཟེར་ ཨ་པ་གིས་དེ་སྦེ་གསུངས་བཞག་བཞགཔ་མས་ དང་ཕུ་ང་བཅས་རའི་ཨང་རྒས་ཨ་རྒས་ཚུ་གིས་ གཏམ་དེ་སྦེ་ ང་གིས་ཨ་ཙི་ཅིག་སེམས་ཁར་བཞག་བལྟ་ཡི།། །།