15 Dec 2011
50 sec
Video Overview
Creators:
Unknown
An old lover of a girl has arrived, but she doesn't care.
- Lhasa
- Ü
- འོ་བྱས་པ། དེ་རིང་ང་རྡོ་རྗེ་ཐུགས་བྱུང་ང་།Today I came across Dorjee.
- རྡོ་རྗེ་སུ།Dorjee who?
- རྡོ་རྗེ་འོ་ཛཱི། ང་ཚོ་སློབ་གྲྭར་འགྲོ་དུས་རྡོ་རྗེ་མེད་པས། སོ་སོ་དང་གཅིག་མེད་པས།The one from our school days. Your old lover.
- འ་ཨང་། ཁོང་སླེབས་པར་ག་རེ་བྱེད་དགོས་རེད།It is a not a big deal. What do I have to do if he is here?
- འ་ཇཱི། ཨེ་འདྲས་ནི་མ་ལབ་ཨོ་གོ རྡོ་རྗེ་སོ་སོ་རྒྱོའོ་དྲིས་ཀྱི་འདུག་གཱOh, don't say that. He is asking about you.
- ཧཱ་ཧཱ་རེད་པས།Haha. Really?
- འོ།Yes.
- གཡུག་བཞག་གནང་། ཡ་གནང་དགོས་ཀྱི་མ་རེད།Leave it. Just ignore him.
- ལྟ་མིང་ཤིང་གིས་ཡ་གནང་གི་མ་རེད།Now our star is ignoring him.
- ཁོང་ལྟ་ཆང་ས་སྐྱོན་ཚར་ཟེར་།It is said that he got married.
- ཆང་ས་བརྒྱབ་ཡོག་མ་རེད་ཟེར་ལྟ་མི།He is not married yet.
- ལགས། འ་ཨང་ལྟ་ཁོང་ལ་ཡ་བྱེད་ཡག་ཡོག་མ་རེད་ལྟ།What? There is no point to heed him.
- རྡོ་རྗེས་རང་སྐད་ཞེ་པོ་དྲིས་ཀྱིས། སོ་སོས་གང་འདྲ་བྱེད་ཀས། ཁ་པར་གཅིག་རྒྱག་གི གང་འདྲ་བྱེད་ཀས།Dorjee is asking a lot of you. What are you going to do? How about you make a call?
- གཡུག་བཞག་གནང་། ཁ་པར་རྒྱག་དགོས་ཀྱི་མ་རེད། དུས་ཚོད་ཕྱིན་ཚར་པ་རེད་པ།Leave it, and there is no need to call. Those times are gone.
- ཁ་པར་ཞིག་རྒྱོབ། ཁ་པར་ཞིག་རྒྱོབ།Call him. Call him now.
- མིན་མིན་མིན། ལྟ་གཡུག་བཞག་གནང་།No! No! No! Leave it.
- ཨཱ་དངོས་གནས། ཨ་ཡིན།Are you sure?
- དངོས་གནས་རྒྱག་གི་མིན།I am serious.
- དངོས་གནས་ཨེས།You sure?
- ལྟ་ཁོང་ལོ་གཉིས་ཙམ་ཕ་གིར་ཕྱིན་བྱས་འདྲ་མིན་འདྲ་ཞེ་དྲགས་གནང་ཚར་ཡོད་འགྲོHe had been living there for two years and must have done all sort of things.
- ཧེ་ཧེ་ཧེ།Ha ha.
- དངོས་གནས།I am serious.