Skip to main content Skip to search
31 Jan 2012
27 min
Video Overview
Creators: 
Columbia University, Tibetan Academy of Social Sciences, Tibet University, University of Virginia

An interview with Wangchen

Transcript search
No results found for this search
0 of 0
  • བཅའ་འདྲི་བྱ་ཡུལ་
    ད་ང་། ང་ཚོའི་དེ་ནང་དེ་ལ་བཀྲ་ཤིས་མཁར་པ་ཟེར་གྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ང་ལོ། བོད་ལོ་བརྩིས་ན། འོ། བདུན་བཅུ་དོན་བདུན་ལ་སླེབས་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་འདྲས་རེད་ད།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་སེ་བྱས་འཚོ་བ་རགས་ཅིག་བསྐྱལ་བྱས་བསྡད་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་ང་ཚོ་དེ་སྤྱི་ཚོགས་རྙིང་པའི་གང་ལ་བྱས་པ་ཡིན་ན། དམག་རྐྱང་རེད།
  • བཅའ་འདྲི་བྱ་ཡུལ་
    དམག་མིའི། དམག་མི་བཙུགས་སའི་ཁང་པ།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་འདྲས་རེད། དའ། ད་ལྟ་ངས།
  • བཅའ་འདྲི་བྱ་ཡུལ་
    ད་ལྟ་གསུངས་ཡས་དེ་བྱས་ན། ད་ང་ཚོའི་དེའི་སྡོད་ས་དེ་ག་རེ་རེད་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    ལུང་པ་དེར་རྒྱལ་སྨན་ཟེར་གྱི་ཡོད་རེད། རྒྱལ་སྨན་ཟེར་ཡས་དེ།
  • བཅའ་འདྲི་བྱ་ཡུལ་
    ད་ག་རེ་རེད་ཟེར་ན། ཆུ་བོ་ཡན་ལག་བརྒྱད་ཚང་ཡོད་ཟེར་གྱི་ཡོད་རེད་།
  • བཅའ་འདྲི་བྱ་ཡུལ་
    རྒྱལ་སྨན་ཟེར་ཡས་དེ། དེའི་ཡར་གིའི་ཕུ་ཡར་གི།
  • བཅའ་འདྲི་བྱ་ཡུལ་
    ད་ལྟ་རྒྱལ་ཞིང་ཟེར་ཡས་ཅིག་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    གསུང་ཡས་རགས་ཅིག འོ་དེ་རུ་རྒྱལ་ཞིང་འཕགས་མ་སྒྲོལ་མ་ཟེར། དེ། དེ་ལ་འོ་རྒྱ་དཀར་ལ་ཐད་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་བོད་ཀྱི་ཆུ་དེ་དེ་ནི་ཡན་ལག་བརྒྱད་ཚང་ཡོད་སེ་བྱས།
  • བཅའ་འདྲི་བྱ་ཡུལ་
    ཨ་རུ་ཀ ཨ་རུ་ར་ཡིན་ནའང་གཅིག་བསྣམ་ཕེབས། གཅིག་ཁྲོམ་གྱི་འདུག་པ་ལ་ཅིག་ལ་སྦས།
  • བཅའ་འདྲི་བྱ་ཡུལ་
    གཅིག་ཁོང་འདྲའི་༼ཁོང་འདྲའི། ཁ་སྐད། ཞེས་ས་ཏེ། ཁོ་རང་ཞེས་པའི་དོན།༽འདི་རུ།
  • བཅའ་འདྲི་བྱ་ཡུལ་
    རྒྱལ་ཞིང་དེ་རུ་ཆུ་མིག་གཅིག་ཡོག་རེད། འོ་དེའི་ནང་ལ་སྦས་བྱས་བཞག་ཡོད་སེ།བྱས་ཙང་།
  • བཅའ་འདྲི་བྱ་ཡུལ་
    ད་རྒྱལ་སྨན་རྒྱལ་སྨན་ཟེར་ཡས་དེ། ཆུ་ཡན་ལག་བརྒྱད་ཀྱིས་ཚང་ཡོད་ཟེར་གྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    འོ་རེད། ད་ཁ་ཤས་བྱས་ན། ཨོའོ་ཡང་རྒྱལ་སྨན་ཟེར་ཡས། ང་ཚོའི་ཡི་གེ་ནས་བྱས་ན།
  • བཅའ་འདྲི་བ་
    ར་ག་བཏགས་ག་ཡ་བཏགས་རྒྱས་ས་རྒྱས་ཡིན་སེ།
  • བཅའ་འདྲི་བྱ་ཡུལ་
    ལུང་པ་ཁ་རྒྱས་པ་གཅིག དེ་ངས་འོ་ཤོད་སྲོལ་རེད་པོ་གཉིས་ཙམ་ཡོང་གི་སེ།
  • བཅའ་འདྲི་བྱ་ཡུལ་
    ལྟེ་བ་དེ་བྱས་ན། ཆུ་བོ་ཡན་ལག་བརྒྱད་དང་ལྡན་པ།
  • བཅའ་འདྲི་བྱ་ཡུལ་
    བརྒྱད་ཟེར་ཡས་ཅིག་ཡོད་རེད་པ་ལ། ཆུ།
  • བཅའ་འདྲི་བྱ་ཡུལ་
    གང་ཟེར།ད་བསིལ་བ་དང་ཚ་བ་དང་གཅིག གཅིག་གཅིག་སེ་འོ་འདུག་སེ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་འདུག་སེ་ཞུས་པ་རེད་ཅིག་བྱས་ན།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཡར་གིའི་ད་ལྟ་སྤྱན་གཡས་ཀྱི་དགོན་པ་ཅིག་ཡོད་པ་ན། དེ་རུ། དེའི།
  • བཅའ་འདྲི་བྱ་ཡུལ་
    དེའི་ད་ལྟ་རྒྱལ་ཞིང་ནས་ཟེར་དུས་ལགས་ཀ༼ ཟེར་དུས་ལགས་ཀ ཁ་སྐད། ཟེར་སྲོལ་ལ་ཞེས་པའོ།༽
  • བཅའ་འདྲི་བྱ་ཡུལ་
    དེའི་རོང་ལ་གཞོག་འདི་ངོགས་འདི་ལ།
  • བཅའ་འདྲི་བྱ་ཡུལ་
    རྒྱལ་སྨན་སྔོ་དོག་ཟེར་ཡས་ཀྱི་མི་ཚང་ཆེན་པོ་ཅིག་ཡོད་རེད། སྔོན་མ། སྔོན་དོག་ཟེར་ཡས་ཅིག
  • བཅའ་འདྲི་བྱ་ཡུལ་
    དེའི་གང་རེ་བྱས་པ་རེད། ད་སྒྲུམ་༼སྒྲུམ་ཁ་སྐད། སྒྲུང་གི་དོན།༽བཟོ་རགས་ཅིག་ཤར་བསྡད་ཡོད་རེད་ད།
  • བཅའ་འདྲི་བྱ་ཡུལ་
    དེ་ག་རེ་རེད་ཟེར་ན། ལུག། ལུག་རྫི་ཅིག་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་ཁོས་དབྱར་ཁའི་སྒང་ལ། རི་དེའི་ཐོན་ལ་ཡར་ཕྱིན།
  • བཅའ་འདྲི་བྱ་ཡུལ་
    དགུན་ཁ་འོ་སྔོ་དོག་མི་ཚང་དེ་ལ་ད། ར་ལུག་མར་སྤབ་༼སྤབ། ཁ་སྐད། ཕབ་པའི་དོན།༽བྱས་བྱེད་ཀྱི་འབའ་ནའ།
  • བཅའ་འདྲི་བྱ་ཡུལ་
    དེ་དབྱར་ཁ་འོ་འདུག་སེ་བྱས་པ་དང་། ཁྱོན་ནི་ར་དཀར་པོ་གཅིག་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཁྱོན་ནི་སྡོད་ཀྱི་མེད་པར། ཉིན་ལྟར་རིའི་ཡར་རུ་སླེབས་པ་དང་།
  • བཅའ་འདྲི་བྱ་ཡུལ་
    དེ་མ་བསྡད་ཙང་།དེ་ཡ་མཚན།ར་དེ་གང་ཡིན་ན། ཁྱོན་ནི་སྡོད་ཀྱི་མི་འདུག་བསམ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཁོ་བརྟག་དཔྱད་རེད་ཅིག་བྱས། རའི་མགོ་བོ་ལ་ཡ་ཕོ་ལོང་།
  • བཅའ་འདྲི་བྱ་ཡུལ་
    ཕོ་ལོང་ཟེར་ན་ད་ཕུན་རུབ་ཀྱི་གྲུ་གུ། གྲུ་གུ་གཅིག་སྒྲོག་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ད་འདས་གང་ཙམ་ར་དེ་ད་མིན་འདུག་བསམ་བསམ་རེད་པོ་ཁོ་རང་།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཕོ་ལོང་དེ་དཀྲིས་ཀྱིན་དཀྲིས་ཀྱིན་ཕྱིན་ཙང་། དོ་རུ།
  • བཅའ་འདྲི་བྱ་ཡུལ་
    དེའི་རྒྱལ་ཞིང་གི་ཚུ་རོལ་དེ་ལ་བདེ་གཤེགས་ཐང་ཟེར་ཡས་ཅིག་ཡོད་རེད་ལ།
  • བཅའ་འདྲི་བྱ་ཡུལ་
    ཐང་ཅིག དེའི་དཀྱིལ་དེ་ལ། ད།གང་རེད་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    སྟོན་པ། སྨན་བླ་བདེ་གཤེགས་བརྒྱད། འོ་དེ་རུ་ཕེབས་བཞུགས་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཕེབས་ནས་དེ་ནི་ར་དེས་འོ་མ་ཕུལ་གྱི་ཡོད་པ། ད་གང་བྱས་དེ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཁོས་འོ་མ་ཕུལ་བསྡད་པའི་སྒང་དེ་ལ། རྫི་ཤ། རྫི་ཤ་ཟེར་ཡས་ཅིག་ཡོད་རེད་ལ།
  • བཅའ་འདྲི་བྱ་ཡུལ་
    གང་རེད་ཟེར་ན། ཨེ་རེའི་སྣམ་བུས་བཙེམས་བཞག་པའི་ཆར་པ་བཏང་དུས།
  • བཅའ་འདྲི་བྱ་ཡུལ་
    མགོ་ལ་གྱོན་འགྲོ་ཡས་ཅིག འོ་དེ་གཡུག་བྱས།
  • བཅའ་འདྲི་བྱ་ཡུལ་
    བྱེད་དུས་ལགས་ཀ། དེ་ནི་ལྷ་རུའི་སྨན་པའི་རྒྱལ་པོ་བྱས།
  • བཅའ་འདྲི་བྱ་ཡུལ་
    ཨོའོ་སྤྱན་གཡས་རིན་ཆེན་ཟླ་བ་བྱས། ཨོའོ་རོལ་ཁང་གི་སྟོན་པ་མཚན་ལེགས་བྱས།
  • བཅའ་འདྲི་བྱ་ཡུལ་
    ཁོང་རྣམ་ཚོ་པ་གསུམ་དེ་ཀས་ལ། དེ། ཁོའི་དེ་དེ།
  • བཅའ་འདྲི་བྱ་ཡུལ་
    གྲིབ་ནག་དེ་ཕོག་བྱས། འོ་དེ། དེ་ནི་ནམ་མཁའ་ལ་འཕུར་མ་ཐུབ་པ་བྱས། བཞུགས་དགོས་བྱུང་པ་རེད་ལ།
  • བཅའ་འདྲི་བྱ་ཡུལ་
    བཞུགས་དགོས་བྱུང་ཙང་། དེ་ནི་བསམ་བློ་རེད་ཅིག་ཞེ་དྲག་བཏང་།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཁོས་ར་ལུག་དེ་ཀས་དེ། མར་དེ་བྱས་དེ་ནི།
  • བཅའ་འདྲི་བྱ་ཡུལ་
    སྟོན་པ་དེའི། གང་རེ་ཟ། དེའི་ལྷ་རུའི་སྟོན་པ་དེ་ཆེ་ཤོས་ཅིག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་སྒལ་པ་ལ་འཁྱེར། ཨོའོ། རོལ་ཁང་གི་སྟོན་པ་དེའི་ཅུང་དེ་ལས་ཆུང་ཙམ་ཡོད་པ་འདྲ།
  • བཅའ་འདྲི་བྱ་ཡུལ་
    དེ་པང་ཁ། པང་ཁ་ལ་བཏབ། ད། ད་ལྟ་སྤྱན་གཡས་དེ་རིན་ཆེན་ཟླ་བ་ཟེར་ཡས་དེ་ཆུང་ཆུང་ཅིག་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཆུང་ཆུང་ཏོག་ཙམ་ཞིག སྐུ་དེ་ཚོ་ཅང་སྐྱེམ་རེད།
  • བཅའ་འདྲི་བྱ་ཡུལ་
    ཅང་སྐྱེམ་ཟེར་ན་གཟུངས་གཞུག་མ་གོ
  • བཅའ་འདྲི་བྱ་ཡུལ་
    ཅང་དེ་གཅིག་གིས་ཚུལ་བྱས་པ་འདྲ། འོ་དེ་ཁོས་སྒུར་རྡོ་ལ་ཡར་སྒྲོག།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཡར་ནས་མར་ཁྱེར་ཡོང་བྱས། རྒྱལ་ཞིང་ཟེར་ཡས་དེ་བར་དུ་ཡོང་པ་རེད་ལ།
  • བཅའ་འདྲི་བྱ་ཡུལ་
    ད་རྒྱལ་ཞིང་ལ་ཡོང་ནི། དེ་ནི་སྐུ་དེ་ད་འདུག་སེ་ཁྱེར་ཡོང་ཙང་།
  • བཅའ་འདྲི་བྱ་ཡུལ་
    མཚམས་རེ་བག་ཀོང་ར་༼བག་ཀོང་། ཁ་སྐད། བྲག་ཀོང་།༽དེ་འདྲ་ལ་བརྡབ་བྱས།
  • བཅའ་འདྲི་བྱ་ཡུལ་
    དོ་པ་བརྡབ་སྐྱོན་འདྲ་ཡོད་ཟེར་གྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་ས་བྱས། དེ་ནི་ཡར་ནས་མར་ཡོང་། དགོང་མོ་གཅིག་རྒྱལ་ཞིང་ལ་བཞག
  • བཅའ་འདྲི་བྱ་ཡུལ་
    དེ་ནི་སང་ཉིན་དེར། ད་སྐུ་དེ་བསྐྱལ་དགོས་རེད་པ་ལ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་དེ་བྱས་སྒལ་པ་ལ་ཁྱེར་བྱས་སྔར་རྒྱུན་ཡོང་ཙང་།
  • བཅའ་འདྲི་བྱ་ཡུལ་
    དེ་རོལ་ཁང་ལ་སླེབས་པའི་གང་ལ། སྟོན་པ་དེས་ད་ང་འདི་ནས་འགྲོ་གི་མིན་སེ།
  • བཅའ་འདྲི་བྱ་ཡུལ་
    ང་ནི་རུ་༼ནི་རུ། ཁ་སྐད། འདི་རུ་ཞེས་པའོ།༽སྡོད་ཡས་བྱས།
  • བཅའ་འདྲི་བྱ་ཡུལ་
    ང་རའི་དེ་དེ་འདི་རུ་ཡོད་སེ། སྐྱེ་བ་དེ། དེ་ནི་ཁོ་རང་གིས་གསུང་བྱོན་པ་ཡིན་ཙང་།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་རུ་བཞག་པ་རེད། ད་དེ་ནས་དེའི་འོག་དེ།
  • བཅའ་འདྲི་བྱ་ཡུལ་
    ཨོའོ་སྦྱན་གཡས་དགོན་པ་ལ་སླེབས་པ་དང་། སྟོན་པ་མཚན་ལེགས་ཟེར་ཡས་དེ།
  • བཅའ་འདྲི་བྱ་ཡུལ་
    འོ། དེས་ད་ང། རིན་ཆེན་ཟླ་བ་དེ་རེད། འོ་རིན་ཆེན་ཟླ་བ་དེ་རེད་ལ།
  • བཅའ་འདྲི་བྱ་ཡུལ་
    ད་ང་དེ་རུ་བཞོག་རོགས་ཅིག སྡོད་ས་འདི་རུ་ཡིན་སེ། མ་འོངས་ཀྱི་ད་ང་།
  • བཅའ་འདྲི་བྱ་ཡུལ་
    སྡོད་སའི་སྐྱེ་བ་དེ་དེ་རུ་ཡོད་སེ། དེ་ནི་འོ་དེ། ད་ཆེ་ཤོས་དེ་བསྡད་ཡོད་རེད། དེ་ནི་སྒལ་པར་ཁྱེར་བྱས་ཕྱིན།
  • བཅའ་འདྲི་བྱ་ཡུལ་
    ཤར་རྒྱག་ཡར་ལུང་ལྷ་རི་ཟེར་ཡས་དེ་ལ་མ་སླེབས་བར་དུ་སྒལ་པ་ལ་ཁྱེར།
  • བཅའ་འདྲི་བྱ་ཡུལ་
    ཡར་རུ་སླེབས་དུས་ལྷ་རིའི་སྨན་རྒྱལ་ཟེར་ཡས་དེ་འོ་དེ་རུ་བཞུགས་གདན་འཇགས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཡར་ཞོར། དེ་ནི་མོ་རང་ཐང་ཞེ་དྲག་ཆད། ཡིན་དུས་ཙང་།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན་ཟེར་གྱི་ཡོད་རེད་ལ། ད་གང་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་སྤྲོམ་བཙན་༼སྤྲོམ་བཙན། ཁ་སྐད། སྲོང་བཙན་བང་གསོ་ལ་གོ༽ལ་སླེབས་པ་དང་།
  • བཅའ་འདྲི་བྱ་ཡུལ་
    སྤྲོམ་བཙན་ལ་དེའི། དེ་ཡོད་རེད། ཨོའོ་ཕྱག་རྡོར་གཅིག་དང་རྟ་མགྲིན་གཅིག
  • བཅའ་འདྲི་བྱ་ཡུལ་
    དེ་ནི་འོ། རྟམ་མགྲིན། ཕྱག་ན་རྡོ་རྗེ་དེས་ཁོ་ད་ཐུགས་ཀ་དེ་རུ། ད་ཁོ་ཐིམ་པ་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་འོ་ད་སྒྲུམ་བཟོ་ར་ཅིག བཤད་རྒྱུ་འོ་ཞུ་ཡས་དེ་འོ་འདུག་སེ་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ང་ཚོའི་དེ་རྒྱལ་སྨན་དང་ད་དེའི་ལམ་དེ་ཞུས་ན་འོ་འདུག་སེ་རེད།
  • བཅའ་འདྲི་བྱ་ཡུལ་
    འོ་དེ། སྤྲོམ་བཙན་ལ་དེ་ཟེར་ཡས་བྱས་ན་ད། སྤྲོམ་བཙན་ལ་དེའི་ཕྱག་རྡོར་དེ།
  • བཅའ་འདྲི་བྱ་ཡུལ་
    འོ་དེའི་སྤྲུལ་པ་ཡིན་ཟེར་ཡས་དེ། འོ་འདུག་སེ་འབའ་ལགས།༼ འབའ་ལགས། ཁ་སྐད། རེད་ལགས་ཞེས་པའོ།༽ད་དེ།
  • བཅའ་འདྲི་བྱ་ཡུལ་
    ད་བར་མཚམས་ལ་སྒང་ཅིག་ལ། ཕུན་རབ་ཟེར་ཡས་དེ་གང་རེད་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    སྤྱི་ཚོགས་རྙིང་པའི་སྒང་ལ། དེ་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    མི་ཚང་གཅིག་ལ་ཆ་བཞག་ན། དྲུང་སྐོར་དང་རྩིས་དྲུང་ཟེར་ཡས་ཅིག ད་ནི་ཕུན་རབ་ཟེར་ཡས་ནིེ།
  • བཅའ་འདྲི་བྱ་ཡུལ་
    མོན་མ་ཟེར་ཡས་དེ་རྩིས་དྲུང་གཅིག་གི་ཕ་གཞིས་རེད།
  • བཅའ་འདྲི་བྱ་ཡུལ་
    ལུང་པ་ཁོ་རང་རང་མོན་མ་ཟེར་ཡས་དེ་རྒྱ་ཆེན་པོ་རེད་།
  • བཅའ་འདྲི་བྱ་ཡུལ་
    རྩི་དྲུང་གི་ཕ་གཞིས་ཏོག་ཙམ་ཆུང་གི་རེད།
  • བཅའ་འདྲི་བྱ་ཡུལ་
    ཨོའོ་དྲུང་སྐོར་དེ་ད། འདོན་གཅིག་ཟེར་ཡས་ཅིག
  • བཅའ་འདྲི་བྱ་ཡུལ་
    ད་དེ་དེ་ད་ལྟ་མར་ཀའི་མར་བསྡད་ཡོད་རེད། ཕུན་རབ་ཟེར་ཡས་མིང་ལྟེ་བ་ད་ལྟ་ས་གནས་སྲིད་གཞུང་གི་དེབ་ནང་བྱས་ན།
  • བཅའ་འདྲི་བྱ་ཡུལ་
    ཕུན་རབ་སེ་མིང་ཐོག་ས་དེ་མར་ཀའི་བསྡད་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཕུན་རབ་སེ་ཕྱོངས་རྒྱས་ཞོལ་ལ།
  • བཅའ་འདྲི་བྱ་ཡུལ་
    ད་ལྟ་དེའི་སྐུ་མདུན་ལྔ་པ་ཆེན་པོའི་འཁྲུངས་ཁང་འབའ་༼ འབའ། ཁ་སྐད། རེད་ཞེས་པའི་དོན།༽ཟེར་སའི་བྱང་ཁོག་དེ་རུ།
  • བཅའ་འདྲི་བྱ་ཡུལ་
    ཕུན་རབ་སེ་འོ་དེ་རུ་ཡོད་པ། ད་ནི་མོན་མ་ཟེར་ཡས་དེ་རྩི་དྲུང་གཅིག་གི་ཕ་གཞིས་འབའ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་འདྲས་ཡོང་གི་འདུག་ཀ་ལ། དེ་ཁོ་ར་ཁོ་རའི་ཆུ་སྒེར་ཙེམ།༼ སྒེར་ཙེམ།ཁ་སྐད།སྐབས་འདིར་སྒེར་ལ་དབང་བའི་དོན།༽ རྩྭ་སྒེར་ཙེམ།
  • བཅའ་འདྲི་བྱ་ཡུལ་
    འདིའི་རིང་གི་ས་དེ་འོ་ད། ཡར་ནས་མར་རྒྱབ་སློག ལོགས་ནི་ནས་ཡར་བྱས། དེ་ནས་མར་བྱས་པའི།
  • བཅའ་འདྲི་བྱ་ཡུལ་
    ཁོ་རའི་གཞན་དག་ཅིག་གིས་དེ་ལ། དེ་ལ་ག་རེ་ཟེར་དགོས་རེད་ད།
  • བཅའ་འདྲི་བྱ་ཡུལ་
    ཐོ་གཏོང་༼ ཐོ་གཏོང་། ཁ་སྐད། སྐབས་འདིར་གཞན་གྱིས་ཇུས་གཏོགས་བྱེད་མི་ཆོག་པ།༽ཡས་ཡོད་མ་རེད།
  • བཅའ་འདྲི་བྱ་ཡུལ་
    སོ་སོ་རང་གི་འོ། ཕར་རུབ་ཟེར་འདི། དེ་ནི་ཕར་གའི་མི་ཚང་ཆེན་པོ་རེད་ཅིག་ནོ་ནའ།༼ ནོ་ནའ། ཁ་སྐད། འདུག་ག་ཞེས་པའོ།༽
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་སེ་འབའ་ལ། ད་ང་ཚོ་རྒྱལ་སྨན་རང་དེ་ལ་ཆ་བཞག་ན།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་དམག་མིའི་དེའི། མང་ཆེ་བ་འབའ་ལ།
  • བཅའ་འདྲི་བྱ་ཡུལ་
    དམག་མིའི་དེ་འབའ། ད་ད་ལྟའི་རྒན་ལགས་ཀྱིས་གསུངས་ཡས་དེ། བདེ་སྐྱིད་གླིང་ཟེར་ཡས་དེ།
  • བཅའ་འདྲི་བྱ་ཡུལ་
    སྐུ་མདུན་ལྔ་པ་ཆེན་པོས་མར་ནས་ཡར་ཕེབས་བྱས། དེ་ནི་བདེ་སྐྱིད་གླིང་ལ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་འདིའི་ལ་སྡེ་ཆེན་པོ་རེད་ཅིག་ནོ་༼ ནོ། ཁ་སྐད། སྐབས་འདིར་ཡོད་པ་ལ་གོ༽སེ།
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་སེ་བཀའ་མོལ་རེད་ཅིག་གནང་། དེ་ནི་དེ་ནས་བདེ་སྐྱིད་གླིང་འདི་རུ།
  • བཅའ་འདྲི་བྱ་ཡུལ་
    འོ་ད། ང་ཚོའི་དེ་རུ། དེ་བཞག་བྱས་ན།
  • བཅའ་འདྲི་བྱ་ཡུལ་
    ནོར་བུ་གླིང་ཟེར་ཡས་དེ་རེད། ད་གྱང་ཁོག་བྱས་དེང་སང་། སྔོན་མ་ཡིན་ན་
  • བཅའ་འདྲི་བྱ་ཡུལ་
    དོ་པ་ལ་༼ དོ་པ་ལ། ཁ་སྐད། དེའི་ཁུལ་ལ་ཞེས་པའོ།༽ཁང་པ་ཞེ་དག་ཡག་ན་ས་ཡོད་ལ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་རྦད་དེ་མཐའ་དེ་སྦྱར་པ་དེ་འདྲས་དེ་བྱས། བཟོ་ར་ཅིག་ཞེད་དྲག་ཡོད་པ་ལ། བྱས་ཙང་འོ་དེ།
  • བཅའ་འདྲི་བྱ་ཡུལ་
    ད་དེའི་ལ་སྡེ་ཆེན་པོ་ར་ཅིག་ནོ་སེ། བྱས་ཙང་བདེ་སྐྱིད་གླིང་སེ།
  • བཅའ་འདྲི་བྱ་ཡུལ་
    མིང་ཐོག་དགོས་ཡས་དེ་འོ་འདུག་སེ་འབའ་ལ།
  • བཅའ་འདྲི་བྱ་ཡུལ་
    ད་ཨོའོ་གཞན་དག ད། ཕྱོངས་རྒྱས་ལ་ཆ་བཞག་ན།
  • བཅའ་འདྲི་བྱ་ཡུལ་
    སྐུ་མདུན་ལྔ་པ་ཆེན་པོ་མ་གའི་འཁྲུངས། དེ་ནི། དེ་འབའ་ན་ལ།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ད་ཕྱོངས་རྒྱས་རྫོང་ལ་ཞེ་དག་ད་དེ་ཞག་བསྡད་མེད་པ། ཤེན་འོ།
  • བཅའ་འདྲི་བྱ་ཡུལ་
    སྡེ་པ་གཙང་པས་ཕྱོངས་རྒྱས་ལ་སྐུ་མདུན་ལྔ་པ་ཆེན་པོའི་ད་ག་རེ་ཟེར་དགོས་ཟེར་གོ་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་བྱས་དམག་བརྒྱབ་པའི་རྗེས་ལ། ཨ་ནི་མར་གའི་ཕྱོངས་རྒྱས་རྫོང་དེ་ལ། ཨོའོ་ད་ག་རེ་ཟེར་དགོས་རེད།
  • བཅའ་འདྲི་བྱ་ཡུལ་
    ཨོའོ་ཕྱོངས་རྒྱས་རྫོང་དེའི་ཡ། སོ་ཁུང་ཞེ་དག་ཞེད་པོ་ཡོད་པ།
  • བཅའ་འདྲི་བྱ་ཡུལ་
    འོ་དེ། དེ་སྡེ་པ་གཙང་པའི་དེ་ཡིན་པའི་ཁུལ་འབའ། ད་ཉེན་འགོག་ཚོད་རེད་དེ།
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་སེ་འབའ་ལ། འོ། ད་མཇུག་ལ་གཏོར་པ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་རིང་ཁ་སང་ད་ཡུལ་སྐོར་ར་སང་ཕེབས་མཁན་ཡོད་ནའི།
  • བཅའ་འདྲི་བྱ་ཡུལ་
    དེ་བསྡད་མེད་པ་ལ། ཤེན། ཐག་ཉེ་པོ་བར་དུ་བསྡད་པའ།
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་སེ་པ་ལ། སྐུ་མདུན་ལྔ་པ་ཆེན་པོ།
  • བཅའ་འདྲི་བ་
    ཟླ་བ་སྒྲོན་མའི་སྐོར་ལ་ཡ།
  • བཅའ་འདྲི་བྱ་ཡུལ་
    ཟླ་བ་སྒྲོན་མ་ཟེར་ཡས་དེ། སྐད་གྲགས་ཞེད་དྲག་འདུག་མ་ཞོག
  • བཅའ་འདྲི་བྱ་ཡུལ་
    དམིགས་བསལ་ཕྱོངས་རྒྱས་ལ་དེ་སེ་མིན་ནི། ཟེར་ཡས་རེད་པོ་གཅིག་ལ།
  • བཅའ་འདྲི་བྱ་ཡུལ་
    དེ། ཨོའོ། ཟླ་བ་སྒྲོན་མ་ཟེར་ཡས་དེ།
  • བཅའ་འདྲི་བྱ་ཡུལ་
    འོལ་ཁ་སྣེ་གདོང་མོ་པ་མར་གཅིག་ལ། ཕྱོངས་རྒྱས་ནས་འོ་མར་གཅིག་ལ།
  • བཅའ་འདྲི་བྱ་ཡུལ་
    ཁོ་འདྲའི་ད་མཐའ་མཇུག་གི་འཚོ་བ་བསྐྱལ་ས། འོ་དོ་པ་ཅིག་ལ་ཡོད་པ་ཡིན་ན་ཅིག་བྱས་པ་མ་གཏོག་ཤེན།
  • བཅའ་འདྲི་བྱ་ཡུལ་
    ཕྱོངས་རྒྱས་ཟླ་བ་སྒྲོན་མ་ཟེར་སྐད་གྲགས་ཆེན་པོ་རེད་ཅིག་བྱེད་ཀ་བྱས་པ་མ་གཏོག
  • བཅའ་འདྲི་བྱ་ཡུལ་
    དེ་དམིགས་བསལ་བྱས་བྱས་གའི་༼ གའི། སྐབས་འདིར་གང་ཡང་ཞེས་པ་ལ་གོ༽ མི་ནི་ལ།
  • བཅའ་འདྲི་བྱ་ཡུལ་
    ང་ད་ལོ་མཐོ་པོ་སླེབས་འོ་དེ། དེ་ནི་ཤོད་ཡས་སེ་མི་འདུག
  • བཅའ་འདྲི་བྱ་ཡུལ་
    ག་པར་ཡོད་པ་སེ་བྱས་བརྩད་རེད་ཅིག་བཅད་དུས། ཨ་ནི་འོ།
  • བཅའ་འདྲི་བྱ་ཡུལ་
    མཐར་ཐུག་རེད་དེ་འོལ་ཀ་སྣེ་གདོང་དེ་རུ་སྣེ་གདོང་ཞལ་པའི་རྡོ་རྗེ་ཟེར་ཡས་ཅིག་ཡོད་པ་ན་ལ།
  • བཅའ་འདྲི་བྱ་ཡུལ་
    འོ་དེའི་གསང་ཡུམ་རེད་ཅིག་བྱས། ཅིག་བྱས་པ་འདྲ། འོ་འདུག་སེ་འབའ་ལ།
  • བཅའ་འདྲི་བ་
    ཁྱེད་རང་གི་ད་དེའི་གང་ཟེར་གོ་རེད། ང་ཚོའི་གཟིམ་ཁང་ནང་བཞིན། བཀྲ་ཤིས་མཁར་སེ་རེད་པ་ལ།
  • བཅའ་འདྲི་བྱ་ཡུལ་
    འོ་འབའ་ལ།
  • བཅའ་འདྲི་བ་
    དེ་ནང་བཞིན་གྱི་དེའི་རྒྱུད་ལ་དམག་སྒར་དེ་ག་དུས་ཙམ་ཅིག་ལ་ཡིན་ནམ།
  • བཅའ་འདྲི་བ་
    སྔར་མཁར་ག་ཚོད་ཙམ་ཞིག་ཡོད་གྲོའོ།
  • བཅའ་འདྲི་བྱ་ཡུལ་
    ཨོའོ། ད།
  • བཅའ་འདྲི་བ་
    ལས་འགན་རེད་ཅིག་གཙོ་བོ་ག་རེ་ར་ཅིག་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    ད་ལྟ་ཡེ་ཚོའི་༼ ཡེ་ཚོའི། ང་ཚོ་ཞེས་པའོ།༽ནང་ནས་ཞུས་ན། ཁང་ག་རྙིང་པའི་ཁོངས་ཡིན་ཟེར་པ་ད།
  • བཅའ་འདྲི་བྱ་ཡུལ་
    མཁར་མཁར་སེ། བཀྲ་ཤི་མཁར་པ་སེ་ཟེར་པ། འོ་འདུག་སེ་ཟེར་པ།
  • བཅའ་འདྲི་བྱ་ཡུལ་
    ད་ནི་ནས་ཡར་ཕྱོངས་རྒྱས་ལ་བྱས་ན། སྔོན་མ་དམག་མི།
  • བཅའ་འདྲི་བྱ་ཡུལ་
    ས་གནས་སྲིད་གཞུང་འདོན་དམག་ཟེར་ཡས་ཅིག་ཡོད་པ་ན། འོ་དེ། དམངས་ཆེ་བ།
  • བཅའ་འདྲི་བྱ་ཡུལ་
  • བཅའ་འདྲི་བྱ་ཡུལ་
    བརྒྱ་ལ་གཅིག་ཆགས་ཡོད་སེ། ཟེར་ཡས་བྱས་ན་དེ་ནས་ཡར།
  • བཅའ་འདྲི་བྱ་ཡུལ་
    བརྒྱ་ལ་གཅིག་གིས་ཆགས་པའི་ཕྱོངས་རྒྱས་ཟེར། སྒེར་པ་ཞེད་པོ་མའ་༼མའ། ཡུལ་སྐད། མེད་པའི་དོན།༽།
  • བཅའ་འདྲི་བྱ་ཡུལ་
    སྒེར་པ་ད་དེ་ནས་བྱས་ན། ཕར་གིའི་ཕུན་རབ་ཟེར་ཡས་དེ་ད་སྒེར་པའི་ཁོངས་འབའ་ན་ལ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་སྨད་ལ་མར་ཡོང་ན། ཀྲག་༼ཀྲག ཡུལ་སྐད། བར་དུ་ཞེས་པའི་དོན།༽དེ་རུ་རྐང་ནས་མེད་པ་ལ། ཨོའོ།
  • བཅའ་འདྲི་བྱ་ཡུལ་
    མ་གའི་དེ་ལ་ཕྱོངས་རྒྱས་ཞོལ་ལ་ཆ་བཞག་ན། འབུམ་ཐང་ཡོད་པ།
  • བཅའ་འདྲི་བྱ་ཡུལ་
    ཕྱོངས་རྒྱས་འབུམ་ཐང་། དེ་ག་ནང་བཞིན་འདུས་ར་ཁང་གསར་ཡོད་པ་ལ།
  • བཅའ་འདྲི་བྱ་ཡུལ་
    ཨོའོ། བཀྲ་ཤིས་དཔལ་རབ་ཡོད་པ་ལ། འོ་དེ་ཚོ་སྒེར་པའི་ཁོངས་པ་ལ།
  • བཅའ་འདྲི་བྱ་ཡུལ་
    ཡེ་ཚོ་རང་ནི་ནས་ཡར་དམག་རྐྱང་པ་ལ།དམག་མི། ཞབས་ཕྱི་ལྟེ་བ་དེ་གང་རེད་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    དམག་མིའི་ཞབས་ཕྱི་ཞུས། འོ་འདུག་སེ་སྡོད་མཁན་འབའ་ལ།
  • བཅའ་འདྲི་བྱ་ཡུལ་
    གཞན་དག་གི་ཁྲལ་ཨམ་ལྕོག གཞན་དག་གའི་བཟེད་དགོས་མ་འབའ།
  • བཅའ་འདྲི་བྱ་ཡུལ་
    དམག་མིའི་ཁུངས་དེ་ལ། དམག་མི་ད་ཡང་ལོ་གཅིག་འགྲོ་དུས་ལ་གར།
  • བཅའ་འདྲི་བྱ་ཡུལ་
    དམག་གོས། ལོ་གསུམ་འགྲོ་དུས་ལ་གར་དམག་ཆས། འོ་འདུག་སེ་བཟོས་བྱེད་གོ་འབའ།
  • བཅའ་འདྲི་བྱ་ཡུལ་
    ཡང་སོ་སོའི་བཟོ་བ་པོ་ཕ་ནས་ཚུར་ཡོང་སྣམ་བུ་དང་ཞེ་དག་སྤུས་ཚད་བྱས་ཕ་ནས་ཚུར་སླེབས་ཀྱི་འབའ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་འོ་འདུག་སེ་བྱས་སྣམ་བུ་དེ་ལ་གང་ཟ་ད། འགྱོགས་མདའ་ལ་འཇལ་བྱས།
  • བཅའ་འདྲི་བྱ་ཡུལ་
    ཕར་ཕུལ་དེ་བྱེད་ཀོ་འབའ། དེ་བྱས། དེ་ནི་དེ་ནས་མར་བསྡོམས་རེད་དེ་བརྒྱབ་བྱས།
  • བཅའ་འདྲི་བྱ་ཡུལ་
    ད་སོ་སོ་སོའི་དམག་མིའི་མིང་དེ་བླུགས་བྱས་བཏང་ན། དེ་ནི་ཕར་ནས་བཙེམ།དམག་སྒར།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་དམག་ཆས་དེ། ཚོས་གཞི་རེད་དེ་འོ་ཕར་ནས་བརྒྱབ་བྱེད་ཀྱི་འབའ། འོ་འདུག་སེ་འབའ་ལ།
  • བཅའ་འདྲི་བྱ་ཡུལ་
    ལས་ཀ་བྱེད་ཡས་དེ་འོ་འདུག་སེ་འབའ་ལ། དེའི་རྒྱུད་ལ་ད་སྒེར་པ་ཞེད་པོ་མའ་ལ།
  • བཅའ་འདྲི་བྱ་ཡུལ་
    ད་མདོར་བསྡུས་ནས་བྱས་ན། ཡེ་ཚོ་གཞུང་པའི་ཁོངས་འབའ་ལ།
  • བཅའ་འདྲི་བྱ་ཡུལ་
    གཞན་ཡང་གཞུང་པ་གཅིག་དང་སྒེར་པ་གཅིག་གཉིས་ཡོད་པ་ན་ལ། གཞུང་པ་བ།
  • བཅའ་འདྲི་བྱ་ཡུལ་
    ཡེ་ཚོ་དམག་མིའི་དེ་བྱས་འདུག་སེ་འབའ། ཡང་ཁ་ཤས་ཁྲལ་བསྐྱལ་ས་ཡོད་པ་ལ།
  • བཅའ་འདྲི་བྱ་ཡུལ་
    འོ་ད་གའི་གཞུང་བསྒྱུར་ཟེར་འབའ། དེ་ནི་ཡེ་ཚོའི་ནིའི་ཁོངས་ལ།
  • བཅའ་འདྲི་བྱ་ཡུལ་
    མར་ཚོ་དེ་རུ་ད་ལྟ་བདེ་སྐྱིད་གླིང་གི་ཁོངས་ཡིན་པའི། ལོགས་ཕར་རི་ཕུ་རུ་འཛམ་གླིང་ཟེར་ཡས་ཅིག་ཡོད་ལ།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་གཞུང་བསྒྱུར་གྱི་འབའ། ཤེན་མ་ཞེ།༼ ཤེན་མ་ཞེ། ཡུལ་སྐད། གཞན་མ་གཏོགས་ཞེས་པའོ།༽དེ་མའ།
  • བཅའ་འདྲི་བྱ་ཡུལ་
    དམག་རྐྱང་རྐྱང་རྐྱང་འབའ་ལ། ཡར་ནས་ཡར་བྱས་ན།
  • བཅའ་འདྲི་བྱ་ཡུལ་
    རྒྱལ་སྨན་ནས་བྱས་ནའང་། འཁྲིག་༼འཁྲིག ཡུལ་སྐད། ཡོངས་རྫོགས་ཞེས་པའོ།༽དམག་མི་འབའ་ལ།
  • བཅའ་འདྲི་བྱ་ཡུལ་
    འབའ་ལ། འབའ་ལ།
  • བཅའ་འདྲི་བ་
    རྒྱལ་སྨན་ནང་ལོག་ལ་ཡ་ད། ད་ལྟ་དགོན་པ་ཆེ་བ་རེད་པོ་སྤྱན་གཡས་དགོན་པ་རེད་པ་ལ།
  • བཅའ་འདྲི་བྱ་ཡུལ་
    འོ་འབའ་ལ།
  • བཅའ་འདྲི་བ་
    སྤྱན་གཡས་དགོན་པ་དང་ང་ཚོའི་ད་གཞུང་སྐྱབས་ཀྱི་ད་དམག་ཁྲལ་དེ་རེད་པ་ལ།
  • བཅའ་འདྲི་བ་
    ང་ཚོ་མི་སེར་པར་རུབ་གྱི་འབྲེལ་བ་རེད་དེ་གང་འདྲ་ཅིག་ཡོད་ན་ལ།
  • བཅའ་འདྲི་བྱ་ཡུལ་
    སྤྱན་གཡས་གྲྭ་ཚང་དེ་ལོའོ།སྤྱན་གཡས་གྲྭ་ཚང་།
  • བཅའ་འདྲི་བྱ་ཡུལ་
    ད་ཡར་གིའི་ཁོ་ཚོའི་སྡེ་བསྐོར་བསྐོར་ཡར་རུ།
  • བཅའ་འདྲི་བྱ་ཡུལ་
    ཁོ་ཚོའི་གྲྭ་ཚང་གི་མཐའ་སྡེ་བསྐོར་བསྐོར་ཡར་རུ་ཡོད་པ། མི་སེར།ཁོང་རྣམས་ཚོའི་མི་སེར།
  • བཅའ་འདྲི་བྱ་ཡུལ་
    འོ་ད་གཞན་དག་ཡང་ཡར་ལུང་འོག་ལ་བྱང་བྲིས་ཟེར་པའང་ཡོད་པ་ད།
  • བཅའ་འདྲི་བྱ་ཡུལ་
    ཤེན་མ་ཞེ་འོ་དེ་ཀས་འབའ། དགོན་པའི་དོ་པར་ཡང་མི་ཅིག་ད།
  • བཅའ་འདྲི་བྱ་ཡུལ་
    ཕོག་བསྐྱལ་དགོས་ཡས་རེད་པོ། ཡང་ཅིག་དེ་ཕར་ཞབས་ཕྱི་ཞུ་དགོས་ཡས།
  • བཅའ་འདྲི་བྱ་ཡུལ་
    ཁོ་ར་ཁོ་ར།ཡོད་ཚོ་ག་ཀའི་ཁོང་རྣམས་ཚོའི་དེ་མའ་ལ།
  • བཅའ་འདྲི་བྱ་ཡུལ་
    ཨམ་ཅོག་བཟེད་དགོས་ཡས་མའ་ལ། དེ་ཡང་ཁོ་ར་ཁོང་ཚོའི་དེ་ཅིག་བྱེད་པ་ལ།
  • བཅའ་འདྲི་བ་
    ངེད་རྣམས་ཚོ་ག་པར་ཚུད་ཀྱི་རེད་ལ། ཡར་ལུང་ངོགས་ལ་ཚུད་ཀྱི་རེད་པས།
  • བཅའ་འདྲི་བྱ་ཡུལ་
    མིན། མིན། དེ་ལྟེ་བ་བྱས་ན་ཕྱོངས་རྒྱས་ཀྱི་ཁོངས་འབའ་ན་ལ།
  • བཅའ་འདྲི་བྱ་ཡུལ་
    དེ་ནང་གསེས་རེད་པོ་བྱས་ན། ཆུང་ཆུང་རྟ་རྐྱང་འབའ་ན་ལ།
  • བཅའ་འདྲི་བྱ་ཡུལ་
    ད་གང་བྱས་དམག་མིའི་ལས་ཀ་རྐྱང་རྐྱང་བྱས་བསྡད་མཁན།
  • བཅའ་འདྲི་བྱ་ཡུལ་
    རྟ་རྐྱང་སེ་འོ་འདུག་སེ་ཟེར་པ་ལ། འོ་གཞན་དག་ཁོང་རྣམས་ཚོ་ཡང་།
  • བཅའ་འདྲི་བྱ་ཡུལ་
    ཁྲལ་གཅིག ཅིག་ཟེར་ཡས་འཇལ་དགོས་ཡས། སྡོད་མཁན་གཏོང་དགོས་རེད་ཟེར་ཡས།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་འདྲ་ཡོད་པ་ན། དེ་གཞུང་བསྒྱུར་གྱི་འབའ།
  • བཅའ་འདྲི་བྱ་ཡུལ་
    གཞུང་བསྒྱུར་གྱི་འབའ།
  • བཅའ་འདྲི་བྱ་ཡུལ་
    ད་ཕུགས་རྩ་རེད་ཅིག་བྱས་ན། ང་ཚོ་དང་།
  • བཅའ་འདྲི་བྱ་ཡུལ་
    དེ་ཨོའོ་གཞུང་བསྒྱུར་དེ་གཅིག་པ་ལ། ལྟེ་བ་དེ་ད། ས་གནས་སྲིད་གཞུང་ལ་ཞབས་ཕྱི་ཞུ་ངན་འབའ་ན།
  • བཅའ་འདྲི་བྱ་ཡུལ་
    ཨོའོ་སྒེར་པ་དེ་ཚོ་ཡང་། ཡང་དེ་ལོགས་བཀར་བརྩིས་ཀྱི་འབའ་ལ།
  • བཅའ་འདྲི་བྱ་ཡུལ་
    དེ་དེའི་ནང་ནས་དགོན་པ་དེ་ཚོ་ཡང་། ཆོས་གཞིས་སེ་བྱས་ལོགས་བཀར་གཅིག་བརྩིས་ཀྱི་འབའ་ལ།
  • བཅའ་འདྲི་བྱ་ཡུལ་
    འོ་ལ། འོ་འདུག་སེ་བརྩིས་ཀྱི་འབའ། བརྩི་སྟངས་དེ།
  • བཅའ་འདྲི་བ་
    ཨ་ནི་ང་ཚོ་ལོ་གཅིག་ལ་ཡ། ཕྱོངས་རྒྱས་རྫོང་ལ་ཡར་གཅིག་སྙན་གསེང་ཞུས་གནང་དགོས་རེད།
  • བཅའ་འདྲི་བ་
    གང་རེད་ལ། ལས་ཀ་དེ་ཚོ་དམག་ཁྲལ་གྱི་ད་རྟ་རྐྱང་གི་དེ་བྱས་བྱས་རྫོང་ནས་བཀའ་བཏང་གི་རེད།
  • བཅའ་འདྲི་བྱ་ཡུལ་
    འོ་ལ་རྫོང་ནས་བཀའ་གཏོང་གི་ཡོད་པ་ལ། རྫོང་ནས་བཀའ་བཏང་ནས།
  • བཅའ་འདྲི་བྱ་ཡུལ་
    ཕ་གིའི་ལས་ཀ་གང་ཡིན་ནའང་། མར་ནས་ཡར་ཡི་གེ་བསྐུར་སླེབས་ཀྱི་འབའ་ལ།
  • བཅའ་འདྲི་བྱ་ཡུལ་
    ཤོག་སེ། འོ་ད་དེ་རིང་ཚེས་རེས་བྱས་ན།
  • བཅའ་འདྲི་བྱ་ཡུལ་
    ལྷ་སྡེ་མི་སྡེའི་འགན་ཙང་ཡོད་པ་བྱས་ན། ལྷ་སྡེ་ཟེར་དུས་གྲྭ་ཚང་དེ་ཚོ་འབའ།
  • བཅའ་འདྲི་བྱ་ཡུལ་
    མི་སྡེ་ཟེར་ཡས་དེ་ད། ང་ཚོའི་གྲངས་ལ་བརྩིས་འབའ་ན།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་དེ་ནི་མར་གིར་སླེབས་པ་དང་དེ་ནི། ག་རེ་ག་རེ་བྱེད་དགོས་ཀྱི་ཡོད་མེད།
  • བཅའ་འདྲི་བྱ་ཡུལ་
    དེ་མར་རྫོང་གིས་ཁྱབ་བསྒྲགས་དེ་བཏང་། ལས་འགན་དེ་བསྐུར། འོ་འདུག་སེ་བྱེད་འབའ།
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་སེ་པ་ལ།
  • བཅའ་འདྲི་བ་
    རྫོང་ལ་ཡར་དམིགས་བསལ་ང་རང་ཚོ་ལ་ཡ་བཀོད་པ་གཏོང་ངན་དེ་སུས་བྱེད་ཀྱི་ཡོད་ན་ལ།
  • བཅའ་འདྲི་བྱ་ཡུལ་
    ཨོའོ། ས་གནས་སྲིད་གཞུང་ནས་རྩིས་དྲུང་གཅིག་དང་དྲུང་བསྐོར་གཅིག་སླེབས་ཀྱི་འབའ། ལྟེ་བ་རེད་དེ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ང་ཚོ་ནམ་ཞག་རྒྱུན་དུ་ལོ་གསུམ་འཕྲོས་ནས་བྱས། མར་རུ་སྡོད་རྒྱུ་འབའ།
  • བཅའ་འདྲི་བྱ་ཡུལ་
    ཁོ་ར་ལོ་གསུམ་ཕྲོད་པ་དང་། དེ་ནི་ཁོང་ཚོ་ལོག་སོང་ན། ཡང་གསར་པ་སླེབས་ཀྱི་འབའ།
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་སེ་འབའ་ལ།
  • བཅའ་འདྲི་བ་
    ཨ་ནི་རྫོང་དེའི་ཕྱོངས་རྒྱས་རྫོང་དེ།
  • བཅའ་འདྲི་བ་
    སྔོན་མ་མར་གའི་འཇུ་ཟེར་ཡས་གཅིག་འདུག་ག་ལ།
  • བཅའ་འདྲི་བ་
    དེ་དེང་སང་ཕྱོངས་རྒྱས་རྫོང་ཁོངས་ལ་ཚུད་ཀྱི་ཡོད་མ་རེད་སེ་སྔོན་མ། དེ་འདྲ་རེད་པས་ལ།
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་སེ་ཟེར་གྱི་ཡོད་པ་ལ། དེ་གང་ཡིན་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    ལྷ་རྒྱ་རིའི་མི་སེར་ཡིན་ཟེར་གྱི་ཡོད་པ་ལ་ད། ཇུ་ཟེར་ཡས་དེ།
  • བཅའ་འདྲི་བྱ་ཡུལ་
    དེ་ལྷ་རྒྱ་རིའི་ད་མི། སྔོན་མ་དེ་སྐུ་དྲག་ལྟེ་བ་དེ།
  • བཅའ་འདྲི་བྱ་ཡུལ་
    ས་ཐོག་དེ་རུ་ཞེད་པོ་སྡོད་མྱོང་མའ་ལ། ཨ་ནི་དེ་འདི་རུ་གང་འདྲ་སེ་བྱུང་པ་ཡིན་ནམ།
  • བཅའ་འདྲི་བྱ་ཡུལ་
    ཁོང་ཚོས་འོ་དེ་པ་ལ་རི་བོ་བདེ་ཆེན་གྱི་ཆོས་གཞིས་ལ་ཕུལ་རོ་འབའ་ན།
  • བཅའ་འདྲི་བྱ་ཡུལ་
    ཕུལ་ཙང་དེ་ནི་འོ་ལུང་པ་ཆེན་པོ་མེད་ནའང་ཐག་པའི་སྣེ་འཇུ་གང་ཙམ་གཅིག་ཡོད་སེ།
  • བཅའ་འདྲི་བྱ་ཡུལ་
    དེ་དགོན་པ་རི་བོ་བདེ་ཆེན་ལ་ཕུལ་པ་ཡིན་སེ་བྱས། ད་ལས་ཀ་བྱེད་ངན་རེད་གཅིག་ཡོད་འབའ་ན་ལ།
  • བཅའ་འདྲི་བྱ་ཡུལ་
    འོ་དེས་སྙན་གསེང་འོ་འདུག་སེ་སྒྲོན། ད་འོ་དེ་ནས་བཟུང་སྟེ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་འཇུ་འཇུ་ཟེར་ཡས་དེ་འོ་ཐག་པའི་ལན་འཇུ་གང་ལས་མེད་སེ། ལུང་པ་ཆུང་ཆུང་གཅིག་ལ་འོ་འདུག་སེ་བྱས་པ་ལ།
  • བཅའ་འདྲི་བྱ་ཡུལ་
    ད་མཇུག་མ་ཡང་རི་བོ་བདེ་ཆེན་ལ་བདག་བསྡད་ཡོད་པ་ལ།
  • བཅའ་འདྲི་བྱ་ཡུལ་
    ཁྲལ་འུ་ལག་རི་བོ་བདེ་ཆེན་ལ་བསྐྱལ་ན་བྱས་པ་ལ། འོ་འདུག་སེ་པ་ལ།
  • བཅའ་འདྲི་བ་
    ཨ་ནི་ང་ཚོའི་དེའི་རྒྱུད་ལ་ཡ།
  • བཅའ་འདྲི་བྱ་ཡུལ་
    ཨོའོ་སྤུན་བདུན་འབག་དཀར་པོའོ་ལྷ་མོ་གཅིག་ཡོད་རེད་པ་ལ། ད་དེའི། དེའི།
  • བཅའ་འདྲི་བྱ་ཡུལ་
    ཐང་ཀ་རྗེ་དེ། དེ་རེད་ལ།
  • བཅའ་འདྲི་བྱ་ཡུལ་
    ད་གང་བྱས་སྐུ་མདུན་ལྔ་པ་ཆེན་པོའི་སྐབས་ལ། བོད་དེ་རྒྱལ་ཕྲན་ཁ་ཐོར་རེད་པ་ལ།
  • བཅའ་འདྲི་བྱ་ཡུལ་
    ཐང་ཀ་རྗེ། ཐང་ཀ་རྗེ་གཅིག་རེད་ལ། ཐང་ཀ་རྗེ་དེ་རུ།
  • བཅའ་འདྲི་བྱ་ཡུལ་
    ཐང་ཀ་རྗེ་དེ་ཁུ་སྟོན། ཁུ་སྟོན་པ་ཟེར་ཡས་དེ་ཐང་ཀ་རྗེའི་བླ་མ་དེ་རེད།
  • བཅའ་འདྲི་བྱ་ཡུལ་
    དེའི། བོད་ཁྲི་བསྐོར་བཅུ་གསུམ་འབའ་ན་ལ།
  • བཅའ་འདྲི་བྱ་ཡུལ་
    འོ་ད་བོད་པའི་ལོ་རྒྱུས་བྱས་ན། ཁྲི་བསྐོར་བཅུ་གསུམ་ཟེར་འབའ།
  • བཅའ་འདྲི་བྱ་ཡུལ་
    དེ་སོང་ཙང་། ཁྲི་གཅིག་གི་ཁྲི་དཔོན་ཡིན་ཟེར་པ་ད།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་ཐང་ཀ་རྗེ། འོ་ལ།
  • བཅའ་འདྲི་བྱ་ཡུལ་
    ཁྲི་བསྐོར་བཅུ་གསུམ། ད་དེ་ནས་སྐུ་མདུན་ལྔ་པ་ཆེན་པོའི་ཐོག་ནས་རྒྱལ་ཕྲན་ཁ་ཐོར་དེ།
  • བཅའ་འདྲི་བྱ་ཡུལ་
    ཚུར་མཁུ་སྡུད་པ་ན། འོ་འདུག་སེ་འབའ་ལ། ཨ་ནི་ཐང་ཀ་རྗེ་དེ་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་མཇུག་རྩ་ལ་ཡང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རྒྱ་གར་ནས་གདན་འདྲེན་ཞུས་བྱས་ཙང་།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཐང་ཀ་རྗེ་དེའི། ཁུ་སྟོན་པ་དེ་ཕྱག་ན་རྡོར་རྗེའི་སྤྲུལ་པ་ཡིན་ཟེར་གྱི་ཡོད་པ་ན།
  • བཅའ་འདྲི་བྱ་ཡུལ་
    ཨོའོ་དེའི་དེ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སྤྱན་རས་གཟིགས་ཡིན་ཟེར་གྱི་ཡོད་པ་ན།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་དེ་ནས། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དེ། སྤྱན་རས་གཟིགས་བྱས། ཨོའོ།
  • བཅའ་འདྲི་བྱ་ཡུལ་
    ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་འཇམ་དབྱངས། འོ་འདུག་སེ་བྱས། ད་རིག་གསུམ་མགོན་པོ།
  • བཅའ་འདྲི་བྱ་ཡུལ་
    དེ་ཀས་གསུམ་རིག་གསུམ་མགོན་པོ་ཡིན་ཙང་། ལྷ་སའི་ད་ལྟ་ཡེར་པ་ལ། ལྷན་རྒྱས་འཛོམས།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་དེ་ནས་དཔེ་ཆ་ཆེ་དག་ཞེད་དྲག་རྩོམ་བཞག་པ་ཡོད་པ་ན་ལ།
  • བཅའ་འདྲི་བྱ་ཡུལ་
    བཀའ་གདམས་ཕ་ཆོས་དང་བུ་ཆོས་ཟེར་ཡས། འོ་དེ་ཀས་རྩོམ་བྱས།
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་སེ་ད་དྲན་པོ་རེད་པོ་གཅིག་སེ་རྙེད་པའི་གང་ལ་དེ་ནི། ཁུ་སྟོན་པ།
  • བཅའ་འདྲི་བྱ་ཡུལ་
    འོ་ད་ཕར་རུ་ཕར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ།
  • བཅའ་འདྲི་བྱ་ཡུལ་
    ད་གུས་བསྐུར་དང་མ་སོང་ནས་ཞུས་བྱས། འོ་འདུག་སེ་གནང་པ།
  • བཅའ་འདྲི་བྱ་ཡུལ་
    འདུག་སེ་པ་ལ། དེ་ཚོ་རྫུན་མ་སེ་མའ།
  • བཅའ་འདྲི་བ་
    ཨ་ནི་དེའི་སྤུན་བདུ་ན་བླ་མའི་སྐོར་དེ། སྤུན་བདུན་འབག་དཀར་པོའི་ལྷ་མོའི་སྐོར་དེ།
  • བཅའ་འདྲི་བ་
    པ་ལགས་ཀྱིས་ཐུགས་མཁྱེན་གྱི་ཡོད་པས་ལ། དེ་ནས་མར།
  • བཅའ་འདྲི་བྱ་ཡུལ་
    ད་ང་ལ་དེ་ཞུ་ཡས་ཞེད་ཅིག་མེད་ད་ལ། མེད་ལ། མེད།
  • བཅའ་འདྲི་བ་
    ཨ་ནི་གཞན་དག་བྱས་ན་དེ་ཅིག་འདུག ཨོའོ་དཔལ་རི་ལ་ཡ།
  • བཅའ་འདྲི་བ་
    དཔལ་རིའི་ཨེམ་ཆེ་ལགས་ཟེར་ཡས་གཅིག་ཡོད་རེད་སེ།
  • བཅའ་འདྲི་བྱ་ཡུལ་
    འོ། ཡོད་པ། ཡོད་པ།
  • བཅའ་འདྲི་བ་
    ཨ་ནི་དེའི་མཚན་དང་ཁོ་རང་གི་མཛད་རྗེས་གང་རེད་ཅིག་ཡོད་ན་ལ།
  • བཅའ་འདྲི་བྱ་ཡུལ་
    པ་ལགས་ཀྱིས་ངོ་སྤྲོད་གཅིག་གནང་ན་ཡོང་གི་རེད་པས་ལ།
  • བཅའ་འདྲི་བྱ་ཡུལ་
    ཨོའོ། དབང་ཕྱུག་རྡོ་རྗེ་ལགས་ཟེར། དཔལ་རིའི་ཨེམ་ཆེ་ལགས།
  • བཅའ་འདྲི་བྱ་ཡུལ་
    དེའི་ཨོའོ། ང་ཡང་དེ་པ་ལ། ད་གང་ཟེར་ཀོ་རས་དགེ་རྒན་བཟོ་ར་ད།
  • བཅའ་འདྲི་བྱ་ཡུལ་
    ཏོག་ཙམ་གནང་མྱོང་ཡོད་རེད་ལ། དེར་དབང་ཕྱུག་རྡོ་རྗེ་ལགས་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཁོ་རང་ཕྱག་དེ་ཡག་པོ་རང་མེད། གཞན་སྨན་པ་བྱས་ན་གང་མན་མཛད་ཡོད་པ།
  • བཅའ་འདྲི་བྱ་ཡུལ་
    དེ་ད་ལྟ་སྨན་རྩིས་ཁང་དེ་རུ་དེ་གནང་། དེ་དབང་ཕྱུག་རྡོ་རྗེ་དང་པོའོ་དང་པོ་ཡིན་གསུངས་ཀྱི་ཡོད་པ་ལ།
  • བཅའ་འདྲི་བྱ་ཡུལ་
    དང་པོའི་དང་པོ་ཡིན་སེ་གསུངས་ཡས་དེ་གང་ཡིན་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    ཁོ་འདྲའི་དགེ་རྒན་གཅིག་ཡོད་རེད་པ། ཁོང་གིས་སྨན་བཅོས་སྒྲུབ་པའི་གང་ལ།
  • བཅའ་འདྲི་བྱ་ཡུལ་
    དགེ་རྒན་དེས་ཚིག་གཅིག་ནོར་པ་ཡིན་པ། ཁོང་འདྲས་གཅིག་ཀྱང་མ་ནོར་པ་གནང་ལ།
  • བཅའ་འདྲི་བྱ་ཡུལ་
    ནོར་མེད་པ་ལ། ད་གང་བྱས་སྨན།
  • བཅའ་འདྲི་བྱ་ཡུལ་
    སྔོ་སྨན་རེད་ཅིག་ཞིབ་ཞིབ་རེད་ཅིག་དང་ཁ་གཏུག་འཁེལ་པ་ཡིན་ན། འོ་འདུག་སེ་བྱས་ནི།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་དང་པོའི་དང་པོ་ཡིན་སེ། དབང་ཕྱུག་རྡོ་རྗེ་དང་པོའི་དང་པོ་ཡིན་སེ།
  • བཅའ་འདྲི་བྱ་ཡུལ་
    འོ་དགེ་རྒན་ཨང་དང་པོ་གཅིག་གི་བྱེད་ཀྱི་རེད་སེ། དེ་ལས་ཁོས་དེ་ནི་དེ་བྱུང་ཙང་།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་དང་པོའི་དང་པོ་ཡིན་སེ། འོ་འདུག་སེ་པ་ལ།
  • བཅའ་འདྲི་བྱ་ཡུལ་
    མཁས་པ་ཞེད་དྲག་འབའ་ལ། ཨོའོ་དེ་པ་ལ་ད་སྙན་ངག་སུམ་རྟགས་དེ་ད་ཨ་ལ་ཅང་ཅང་འབའ་ན་ལ།
  • བཅའ་འདྲི་བྱ་ཡུལ་
    སྙན་ངག་གི་ཐོག་ནས་ཞེད་དྲག་མཁྱེན་གྱི་པ་ལ། འོ་འདུག་སེ་པ་ལ།
  • བཅའ་འདྲི་བ་
    ཨ་ནི་སྨན་གྱི་ཐོ་ག་ལ་མཛད་རྗེས་དེ་འདྲ། དཔེ་ཆ་བཞག་ན།
  • བཅའ་འདྲི་བ་
    དེ་པ་ལ་གཅིག་སྐྱབས་གནང་ཡས་དང་། དེ་འདྲའི་ཐོག་ལ་ཡ་གཅིག་གསུངས་སྲོལ་དེ་འདྲ་ཡོད་རེད་པས་ལ།
  • བཅའ་འདྲི་བྱ་ཡུལ་
    ཨོའོ་འདུག་སེ་ཡང་ང་ལ་སྨན་གྱི་ཐོག་ལ་ད་མི་གཅིག་སོང་ན་ཡོང་གི་འབའ་ན་ལ།
  • བཅའ་འདྲི་བྱ་ཡུལ་
    དེ་ཡང་ཞེད་དྲག་ཞེད་དྲག་ཞུ་ཡས་སེ་མེད་ལ། ཁོ་རང་ཡིན་ཡས་ལ་དེ་བྱེད་པོ་ཞེད་པོ་པ་ལ།
  • བཅའ་འདྲི་བྱ་ཡུལ་
    ད་ང་ཚོའི་དེ་བྱས་ན། དེའི་རྒྱུད་ལ་ཁོང་ཨང་དང་པོ་འབའ་ལ། འབའ་ལ།
  • བཅའ་འདྲི་བྱ་ཡུལ་
    ཚུར་ལའང་རྩེད་ཐང་ལ་མར་བསྐོང་། ཞེད་དྲག་བྱས་སོང་།
  • བཅའ་འདྲི་བྱ་ཡུལ་
    མར་ཀའི་སྨན་ཁང་ཨ་མ་ལའང་བཞུགས་གནང་པ་ལ། འབའ་ལ། འབའ་ལ།
  • བཅའ་འདྲི་བ་
    དཔལ་རིའི་ཨེམ་ཆེ་ལགས་སེ།
  • བཅའ་འདྲི་བྱ་ཡུལ་
    འོ་ལ། དཔལ་རིའི་ཨེམ་ཆེ་ལགས།
  • བཅའ་འདྲི་བྱ་ཡུལ་
    འོ་ད། སྨན་རྩིས་ཁང་ནང་ནས་དེ་བྱེད་ཤོས་གཅིག་འདྲ་ལ།
  • བཅའ་འདྲི་བྱ་ཡུལ་
    འོ་དགེ་རྒན་གྱིས་འོ་འདུག་སེ་བཀའ་གནང་པ་ན། འོ་དེ་འབའ་ལ།
  • བཅའ་འདྲི་བ་
    ཨ་ནི་ང་ཚོའི་ཕྱོངས་རྒྱས་ཀྱི་གཞུང་དེའི་ནང་ནས་རྒྱལ་དབང་སྐུ་ཕྲེང་ལྔ་པ་བྱས།
  • བཅའ་འདྲི་བ་
    ད་དེ་མིན་པའི་མཁས་པ་དེ་འདྲ་རིམ་བྱོན་དེ་འདྲ་ཕེབས་མྱོང་པ་དེ་འདྲ། པ་ལགས་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    སྐལ་བཟང་།
  • བཅའ་འདྲི་བ་
    དྲན་གནང་གི་འདུག་གམ་ལ།
  • བཅའ་འདྲི་བྱ་ཡུལ་
    རྒྱལ་དབང་སྐལ་བཟང་།
  • བཅའ་འདྲི་བ་
    རྒྱལ་དབང་སྐལ་བཟང་།
  • བཅའ་འདྲི་བྱ་ཡུལ་
    སྐལ་བཟང་རྒྱ་མཚོ།
  • བཅའ་འདྲི་བ་
    ང་ཚོའི་ཕྱོངས་རྒྱས་ནས་རེད་ལ།
  • བཅའ་འདྲི་བྱ་ཡུལ་
    འོ་འབའ་ལ། སྐལ་བཟང་གི་ཡབ་དེ་ཨོའོ། གང་བྱས་དེ་བྱས་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་འཁྲུངས་ས་དེ་ཁམས་དོ་པ་གཅིག་ལ་འཁྲུངས་པ་ཡིན་དོགས་མེད།
  • བཅའ་འདྲི་བྱ་ཡུལ་
    ཡབ་དེ་ཕྱོངས་རྒྱས་ནས་འདྲ། འོ་འདུག་སེ་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་མར་པ་ལ་ཕེབས། འོ་མར་པ་ལ་བསྡད་གནང་པ་ལ།
  • བཅའ་འདྲི་བྱ་ཡུལ་
    རྒྱལ་དབང་སྐལ་བཟང་། སྐུ་མདུན་ལྔ་པ་བྱས། ད་ཕལ་ཆེར།
  • བཅའ་འདྲི་བྱ་ཡུལ་
    དྲུག་པ་ཡིན་ནམ་བདུན་པ་ཡིན་ནམ་གཅིག་པ་ན་ལ། རྒྱལ་དབང་སྐལ་བཟང་དེ།
  • བཅའ་འདྲི་བ་
    བདུན་པ་ལ།
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་སེ་པ་ལ།
  • བཅའ་འདྲི་བ་
    གཞན་དག་བླ་མ་རྩ་ཆེན་པོ་དེ་འདྲ་དང་།ཡང་མིན་ན།
  • བཅའ་འདྲི་བ་
    རིག་གཞུང་ཐོག་ལ་མཁས་པ་དེ་འདྲ་དང་། ཤ་སྟག་པ་ལགས་ཀྱིས་ཐུགས་དྲན་གསོས་ཀྱི་འདུག་གམ་ལ།
  • བཅའ་འདྲི་བྱ་ཡུལ་
    ཐེ་ནི་ད། ངས་ད་ལྟ། ཨེ་རའི་དེ་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་ཟེར་ཡས་གཅིག་ཡོད་པ་ལ།
  • བཅའ་འདྲི་བྱ་ཡུལ་
    ཨོའོ། དེ་ཤ་སྟག་སྤྱན་གཡས་དགེ་འདུན་མིན་པའི། དེ་ད་དྲན་གྱི་མིན་འདུག
  • བཅའ་འདྲི་བྱ་ཡུལ་
    ད་ལོ་ཡར་སླེབས་པ་སོང་ཙང་དྲན་གྱི་མིན་འདུག་ལ། འོ་དེའི་འཁྲུངས་ཁང་དེ་ཕར་རུ།
  • བཅའ་འདྲི་བྱ་ཡུལ་
    རྒྱལ་སྨན་གྱི་ད་ལྟ་ཕ་གིའི་མདའ་ཕར་རུ། འོ་ཕར་པ་གཅིག་ལ་འབའ་ཟ། དེ། འགོས་ལོ་རྩ།
  • བཅའ་འདྲི་བ་
    འགོས་ལོ་རྩ་བ།
  • བཅའ་འདྲི་བྱ་ཡུལ་
    འགོས་ལོ་རྩ།
  • བཅའ་འདྲི་བ་
    འོ་རེད་ལ།འགོས་ལོ་རྩ་བ་གཞོན་ནུ་དཔལ།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་སྐད་གྲགས་ཞེད་དྲག་འདུག་ཀ་ལ།
  • བཅའ་འདྲི་བ་
    ལོ་སེ་ལ།
  • བཅའ་འདྲི་བྱ་ཡུལ་
    དེའི་འཁྲུངས་ཁང་ཕར་པ་གཅིག་ལ་ཡོད་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    དེ་སྤྱན་གཡས་ཀྱི་་དགེ་འདུན་པ་ཡིན་པ་འདྲ། ཆུང་དུས་གང་ལ།
  • བཅའ་འདྲི་བ་
    སྤུན་གསུམ་གྱི་རྩ་དེ་པ་ལ་རེད་པས་ལ།
  • བཅའ་འདྲི་བྱ་ཡུལ་
    འོ་ལ་སྤུན་གསུམ་གྱི་རྩ་དེ་རུ། སྤུན་གསུམ་གྱི་སྨད་རྩ་རུ་མར་པ་ལ་པ་ལ།
  • བཅའ་འདྲི་བྱ་ཡུལ་
    ད་ཕར་རི་ཕར་རུ། ད་ལྟ། མར་ཙམ་དེ་ནས་ཟམ་པ་གཅིག་འདུག་ཀ་ལ།
  • བཅའ་འདྲི་བྱ་ཡུལ་
    ཟམ་པ་དེའི་ཚུར་ནང་ལ་བཀྲ་ཤིས་པ་ལ། ཕར་ནང་དེ་སྤུམ་གསུམ་འབའ་།
  • བཅའ་འདྲི་བྱ་ཡུལ་
    འོ་ཕར་པ་གཅིག་ལ། དེ་བྱས་ནི་དེ་འདུག་སེ།
  • བཅའ་འདྲི་བྱ་ཡུལ་
    འགོས་ལོ་ཙ་བའི་འཁྲུངས་ཁང་། འོ་ཕར་པ་གཅིག་ལ་ཡོད་པ་སེ་བྱས།
  • བཅའ་འདྲི་བྱ་ཡུལ་
    ད་རྒྱང་རོ་རེད་པོ་དེ་ལས་མཛུམ་མོ་བཙུགས་ཡས་མེད་ནི། འོ་དེ་ཡང་སྐད་གྲགས་ཆེན་པོ་གཅིག་ནོ་ན།
  • བཅའ་འདྲི་བ་
    ཀུན་མཁྱེན་འཇིག་མེད་གླིང་པའི་སྐོར་དེ།
  • བཅའ་འདྲི་བྱ་ཡུལ་
    འཇིག་མེད་གླིང་པའི་དེ་དཔལ་རི་ལ་ཡར་རུ་ཆིབས་བསྒྱུར་གནང་མྱོང་ངམ།
  • བཅའ་འདྲི་བ་
    ད་ལྟ་འགྲོ་རྒྱུ་ཡིན།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་ཡར་རུ་བཀའ་འདྲི་བཀའ་མོལ་ཞུས་དང་།
  • བཅའ་འདྲི་བྱ་ཡུལ་
    ཡ་ར་རུ་འཇིག་མེད་གླིང་པའི་འཁྲུངས་ཁང་ཡར་རུ་ཡོད་པ་ལ། དཔལ་རིའི་ཡར་རུ།
  • བཅའ་འདྲི་བ་
    འཁྲུངས་ས་དཔལ་རི་ནས་རེད་པས་ལ།
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་སེ་འབའ་ལ། འཇིག་མེད་གླིང་པ་དེ་དཔལ་རི་ནས་འབའ།
  • བཅའ་འདྲི་བྱ་ཡུལ་
    དེ་ལྟེ་བ་དེ་ཚེ་རིང་ལྗོངས་ལ་ཞེ་དྲག་ཡོད་པ་ན་ལ།
  • བཅའ་འདྲི་བ་
    ཀུན་མཁྱེན་འཇིག་མེད་གླིང་པ་ལ་གདུང་སྲས་དེ་འདྲ་གང་།
  • བཅའ་འདྲི་བྱ་ཡུལ་
    ད། ད་ལྟ་སྤུན་མཆེད་དེ་འདྲ་དང་གཅིག་བསྡད་ཡོད་རེད་པས་ལ།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་རུ་བཀའ་འདྲི་བཀའ་མོལ་ཞུས་དང་། དེ་རུ་ཡོད་པ་ཟེར། འོ་པ་ལ།