Skip to main content Skip to search
15 Dec 2011
2 min 17 sec
Rating
0
No votes yet
Video Overview
Creators: 
Unknown

A couple waits in the lobby for their friends to come downstairs. After they are reunited, the men go wait in the restaurant. 

Show More

  • ཁོང་གཉིས་མ་མཇལ་པར་ལ་ཞེ་པོ་ཅིག་ཕྱིན་སོང་ང་ནི།
  • ད་རིང་ཐོབ་ཀྱག་གོ་ཀྱག་༼གློ་བུར་དུ་༽དེ་འདྲས་ཅིག་སླེབས་འགྲོ་སླེབས་ཡོད་འགྲོ་བསམ་པའི༼ཡང༽་མ་བྱུང་།
  • བྱས་ཙང་ཞུས།
  • ཁོང་རྣམས་གཉིས་ད་གང་འདྲས་རེ་ཞིག་གནང་བཞུགས་ཡོད་ན་ཨ།
  • ད་གང་འདྲ་རེ་ཅིག་བྱས་ཡོད་ན་ད།
  • འོ་ཙི།
  • ཨ་ལས།
  • འོ་ཙི་ལ། མ་མཇལ་ཡུན་རིང།
  • མཇལ་ནས་གཞལ་ངོ་དཀར་ར།
  • ད་ད་ག་རང་སྤྲོ་པོ་ཞེ་དྲག་བྱུང་འདུག་ག།
  • ཞེ་དྲག་མགྲེས་མིན་འདུག།
  • ད་སྤོ་ཏོ་ཆགས།་གཟིགས་དང་སྐྲ་དཀར་ཀྱང་།་གཡས་གཡོན་གཉིས་ཆ་ལོགས་ནས་དཀར་པོ་ཆགས་བྱས།་
  • ཨོའོ་ཙད་༼ཨོའོ་ཙམ་༽ཨོའོ་ཙད་༼ཨོའོ་ཙམ་༽སྣང་དག་མིན་འདུག་ད་ལྟ་རང་སྣང་དག་མིན་འདུག།
  • ཞེ་པོ་བགྲེས་མིན་འདུག་ག།
  • ཨོའོ་གནོངས་སོ་གནོངས་སོ།
  • ད་ལྟ་ཡིན་ན་གཞོན་གཞོན་རེ་དེ་ད་ག་རང་ལ་བཞུགས་བཞག།
  • ལ་འོང་ཕྱག་ཕེབས་གནང་བྱུང་ང།ཕྱག་ཕེབས་གནང་བྱུང་ང།
  • ལགས་ཡོད་ལགས་ཡོད་སྐུ་གཟུགས་གསལ་ཐང།
  • འོང་ལགས་འོང།
  • རྒྱགས་པ་ར་ཞིག་གནང་ཤག་མ་གཏོགས།
  • རྒྱུ་ནས་༼རྩ་བ་ནས་༽གནང་དག་གཅིག་གའི་༼ཡང་༽མིན་འདུག་ག་ཡ།
  • འདུག་ལ།
  • ད་བྲེལ་བས་
  • ང་ཚོས་ཞལ་པར་གཅིག་ཕུལ་དགོས་བསམ་བྱས་ཁྱོན་ནས་༼རྩ་བ་ནས་༽བྱུང་མ་སོང་ཞལ་པར་ཨང་གྲངས་འདའི་༼འདི་ཡང་༽མ་རྙེད་པ་བྱས།
  • འོ་རྩིས་ད་ངས་སུའི་རའི་ཡིན་ན་བསམ་བྱུང། བྱས་ཙང།
  • ཞལ་པར་ངེས་པ་ཁོ་རང་གིས།
  • ངས་ཞེ་དྲག་༼མང་པོ་༽འཚལ་པ་ཡིན་ལྟའི་༼ཡིན་ནའང༽ཁྱོན་ནས་༼རྩ་བ་ནས་༽རྙེད་མ་བྱུང།
  • ང་རས་སྔན་ལ་༼སྔོན་ལ་༽བརྡ་ཞིག་ཕུལ་དགོ་༼དགོས་༽བསམ་བྱུང་སྟེ།
  • ད་ག་ཚོད་ཕྱིན་པ་རས་༼རེད་དམ་༽ལོ།
  • ད། འོ་རྩིས་ད། ཕལ་ཆེར་བརྒྱད་ཙ་༼ཙམ་༽གཅིག་འགྲོ་གི་ཡོའོ་༼ཡོད་༽རེད་ད། ད།
  • རེད་ད་ བརྒྱད་ཙ་༼ཙམ་༽དཔེ་ལ།
  • ད་ལོ་བརྒྱད་ཕྱིན་པ་རེད་རེད་པཱ་ལ།
  • འོང།
  • ད་འདིའི་པ་རུག་༼བར་ལ་༽གཅིག་ཡའི་མ་ཕེབས་པ་རེད་ད།
  • གཞུ་གུར་༼རྗེས་ལ་༽མར་ཡོང་ཡག་དང་སེམས་ཐག་རེད་ཤག།
  • གཟིགས་དང་ད་འགྱུར་ལྡོག་ཞེ་པོ་༼མང་པོ་༽བྱུང་འདུག་ག་ལ།
  • དཔེ་བྱུང་ཤག།
  • ལྷག་པར་དུ་ང་མ་ནས་ཡར་ཡོང་དུས་ཙ་ནས་༼ཡོང་བའི་སྐབས༽།
  • ལ་རེད་ཤག།
  • དེ་མོ་གྲྭ་དེ་མིའི་ཁོ་རང་ཚོའི་བོད་རིགས་ཞིག་འདུག་འདིས་ཡག་པོ་ཞིག་བསྐྱལ་བྱུང་མ་གཏོགས་ཤན་ད་༼ཤན་མ་གཏོགས༽སྐད་ཆ་དྲིས་དགོ་༼དགོས་༽ཡག་འདི་འདྲ་རེད་ཤག།
  • འོང་རེད་པཱ་ལ་ཨ་ནི་སྒྲོལ་དཀར་ལགས་ག་པར་སོང་༼སོང་ངམ་༽ད་ལྟ།
  • ད་རིང་ཏས་ཙ་༼ཏོག་ཙམ་༽སྙུང་གིས་གསུངས་གིས་བདེ་པོ་རང་མི་འདུག་གསུངས་གིས།
  • ཨ་ནི་ཡར་གཅིག་གཟིགས་གར་ཕེབས་ན་ཨ་ནི་ད་གང་ཡ་གའི་༼གིར་༽གཅིག་ཕྱིན་ན།
  • ཨ་ནི་ངས་ཡར་གཅིག་བཅར་དགོ་རེད་པཱ་ལ།
  • ལགས་ཐུགས་རྗེ།
  • ཨ་ནི་ལྷན་རྒྱས་གསོལ་ཚིགས་ལ་ཕེབས་རེད་པཱ་ལ་ང་སྒྲོལ་དཀར་ལགས་མར་ཕེབས་ཞུས་གོ།
  • ཨ་ལའི་གཅིག་ཐད་དང། རེད་ཏག་ཏག་རེད།
  • ད་ད་རེས་ཡིན་ན་ང་གཉིས་གཉིས་གསོལ་ཚིགས་ཡག་པོ་ཞིག་ཞུས།
  • མཆོད་ཆང་ཡག་པོ་ཞིག་ཞུས།
  • ཏག་ཏག་རེད།
  • སྔན་མ་༼སྔོན་མ་༽མཆོད་ཆང་ཡག་པོ་མཆོད་ཀྱི་ཡོད་པཱ།
  • ད་ང་དང་གཅིག་ཡའི་༼ཡང་༽རྦད་དེ་བཅད་པ་རེད་ད་ཆང་བཅད་ཐ་མག་བཅད་པ་ཡིན།
  • ཨ་ནི་ད་ཁྱོན་ནའི་༼རྩ་བ་ནས་༽བྱུང་མ་སོང་ང་གཅིག་པུ་བྱས་ན་ད།
  • གའི་༼གང་ཡང་༽གནང་གི་མ་རེད་གའི་༼གང་ཡང་༽གནང་གི་མ་རེད།
  • ཨ་ནི་ངས་ཆང་འདི་ཞུས་ཆོག།ད་ཨ་ལའི་ཕར་གཅིག་ཕེབས་ཏོ།
  • ལྷན་རྒྱས་གཉིས་གཅིག་ཕེབས་ཞིག་ངས་ཡར་གཅིག་བཅར།
  • ད་ཆ་གོ་མ་ཆེ་༼དཔེ་ལ་༽དེ་འདྲས་༼དེ་འདྲ་༽འོང།
  • མཆོད་ཆང་མ་མཆོད་ན་ད།
  • ཕོ་བ་ཏིས་ཙ་༼ཏོག་ཙམ་༽ན་བྱུང་ང།
  • བྱས་ཙང་དེ་ནས་ད་ཨམ་ཆི་༼སྨན་པ༽ཚོས་ད་ཆང་བཏུང་རྒྱུ་མིན་འདུག་ག་ཐ་མག་འཐེན་རྒྱུ་མིན་འདུག་ག་གསུང་གིས།
  • ཨ་ནི་ཁོ་ནས་༼དེ་ནས་༽བཅད་པ་རེད་ད་རྦད་དེ་ཁོ་ར།
  • ད་རེས་དམིགས་གསལ་ཞིག་གནང་དང་ད་རེས་ཡག་པོ་ཞིག་མཆོད་དང།
  • ད་རྩ་ནས་༼རྩ་བ་ནས་༽ཞུ་ཐུབ་གྱི་མ་རེད་མཆོད་ཆང་ད།