11 Jan 2016
1 min 45 sec
Video Overview
Creators:
Tibetan & Himalayan Library
This a video of Khyungdo from Garu Village in Tsekhok singing a song called "The Old and Young Gathered at Home." This song is part of a collection of folk songs from the Rebgong cultural area.
འདི་ནི་སྐྱེ་ཕོ་མོ་རྒན་གཞོན་ཚང་མ་མཉམ་དུ་འཛོམས་ཏེ་ཆང་བདུད་རྩི་འཐུང་བའི་སྐྱིད་ལ་འདུས་པར་བསྟོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་སྟག་གཟིག་ཐམས་ཅད་ནགས་ལ་འདུས་ཏེ་ཟས་ལ་རོལ་བ་དང་ཤ་བ་དང་རྒོ་བ་ཚང་མ་སྤང་ལ་འདུས་ཏེ་རྩྭ་རྩི་ཏོག་ལ་རོལ་བའི་དཔེ་བཞིན་དུ་སྐྱེ་ཕོ་མོ་རྒན་གཞོན་ཚང་མ་ཁྱིམ་གཅིག་ལ་འཛོམས་ནས་ཞིམ་པའི་ཟས་དང་བདུད་རྩི་ཆང་ལ་རོལ་བ་བརྗོད་ཡོད།
- ༼ཨོ་ཡེ་་་ཞང་ཡ་རེ་འ་འགྲོ་ཡ་རེ་ངས་ཡ་རེ་འ་འགྲོ་ལེན།ཞང་ཡ་རེ་འ་འགྲོ་ཟེར་ར་གླུ་ཞིག་འ་འགྲོ་ལེན༽
- སྟག་འདུས་གཟིག་འདུས་ནགས་ལ་འདུས།།
- ནགས་སིལ་ཏོག་ཟ་བའི་སྐྱིད་ལ་འདུས།།
- ཤ་འདུས་རྒོད་འདུས་སྤང་ལ་འདུས།།
- སྤང་མེ་ཏོག་ཟ་བའི་སྐྱིད་ལ་འདུས།།
- ཆེ་འདུས་ཆུང་འདུས་ཁྱིམ་ལ་འདུས།།
- ཆང་བདུད་རྩི་འཐུང་བའི་སྐྱིད་ལ་འདུས།།
- གླུ་འདི་འདྲ་ལངས་ན་ཅི་འདྲ་རེད།།