Video Overview
In Pongchaling, people extract oil from seeds locally known as pharchakpa. First the seeds are ground using a hand-driven stone mill. Then two persons use wooden pestles to beat the ground seeds in turns, and crush them into powder. The powder is sieved to separate fine particles from coarser ones that require further crushing. The fine seed powder is then placed over a pot of boiling water to steam, after which the steamed seed powder is pressed inside a bamboo basket. The basket is sealed and then put under a wooden log presser to extract the oil into a container. One of the participants explains the items in Khengkha language. In the past, this oil was used for cooking and traded in a barter system.
གཞལམ་སྒང་རྫོང་ཁག་ སྤོང་ཅ་གླིང་གཡུས་ཚན་གྱི་ མི་སེར་ལ་ལུ་ཅིག་གིས་ ཁོང་རའི་ ཁ་ལས་ ཕར་ཅག་པ་ཟེར་མི་གི་ ནང་རྫས་ཀྱིས་སྦེ་ མར་ཁུ་བཙིར་དོ་ཡོདཔ་ད་ འདི་ཡང་ དང་པ་ར་ ནང་རྫས་འདི་ རང་འཐག་ནང་སྦེ་ ཕྱེ་འཐག་ཞིནམ་ལས་ དེ་ལས་ མི་གཉིས་ཀྱིས་སྦེ་ ལྷིའུ་་ནང་བླུག་སྟེ་ ལག་ལྷི་གིས་རྡུངས་ཏེ་ ཕྱེ་འཐག་དོ་ཡོདཔ་མས། དེ་ལས་ ཕྱེ་འདི་ གསིག་མ་ནང་ གསིག་ཞིནམ་ལས་ ཕྱེ་མ་ཚུ་སོ་སོར་སྦེ བསལ་ཞིནམ་ལས་ ཕྱེ་ལེགས་ཤོམ་འདི་ ཆུ་ལེགས་སྦེ་ འཁོལ་འཁོལ་བའི་ ཀ་ལ་རྫམ་གུ་བཀལ་ཏེ་ རླངམ་བདུག་རྐྱབ་ཞིནམ་ལས་ དེ་ལས་ ཕྱེ་འདི་ ཙིའུ་ནང་ལེགས་ཤོམ་སྦེ་ བླུགས་ཞིནམ་ལས་ ཨེབ་ཏེ་ བསྡམས་བཞག་དོ་ཡོདཔ་མས། དེ་ལས་ བསྡམས་ཏེ་ཡོད་པའི་ ཙིའུ་འདི་ མར་ཨེབ་ནི་གི་ ཤིང་གི་དུམ་ཅིག་ཡོད་མི་གི་ འོག་ལུ་བཙུགས་ཞིནམ་ལས་ མར་ཁུ་འདི་ ལྷོད་ཅིག་ནང་ བཙུརཝ་མས། ད་རུང་ འདི་ནང་བཅའ་མར་གཏོགས་མི་ཅིག་གིས་ ཁོང་རའི་ ཁེངས་ཁ་ནང་སྦེ་ མར་ཁུ་བཙིར་ཐེངས་ཀྱི་སྐོར་ལས་ བཤད་པ་རྐྱབ་ཨིནམ་ད ་དང་ཕུགས་འདི་བཟུམ་གྱི་ མར་ཁུ་བཙིར་ དེ་ལས་ལག་ལེན་འཐབ་ཡོདཔ་ད་ དེ་བསྒང་འབད་བ་ཅིན་ ཚོང་འབྲེལ་ཟེར་མེད་པ་ བརྗེ་སོར་སྦེ་ ལག་ལེན་འཐབ་ཡོདཔ་ཨིན་པས།
- Ngangla
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukལེབ་ཏེག་ཏེ་ཅིག་ཨིན་པས་ ཕྱེ་སྦེ་ར་འདི་ འཐག་མི་དགོ་པས་སྨོ? དེ་ལས་རྐྱངམ་ཅིག་བརྡུང་ནི་ཡ?It is a flat stone but it not necessary to be grind so fine right? then only it will be smashed?
- རྡོ་རྗེ་དབང་མོ་ Dorji Wangmoདེ་ལས་ ཨ་ནཱི་ ཐལཝ་ཚུ་བཏོན་བཏང་སྦེ་བརྡུང་ནི་ཨིན།Then we remove the dirt and then smash it.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Okay
- རྡོ་རྗེ་དབང་མོ་ Dorji Wangmoཔགས་ཀོ་འདི་ བཀོ་ཞིནམ་ལས་ ནང་རྫས་བརྡུང་ནི་ཨིན།Then will remover the cover and then will smash it.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Okey
- ལས་སྐྱིད་སྒྲོལ་མ་ Leki Dolmaདང་ཕུ་ཚོ་ཏོ་ར་འདི་བཟའ་འོང་། དེ་འབདཝ་ད་ དང་ཕུ་འབད་བ་ཅིན་ ང་བཅས་ཚུ་ ཚོ་ཏོ་མེདཔ་སྦེ་ བཟའ་སྡོད་འོང་། ད་རིས་ནངས་པ་ རི་ཕིན་མར་འདི་བཟའ་དོ།During olden days it is consume as oil as we don't get refined oil as of now.
- བསྟན་པ་ Tenpaདེ་འབདཝ་ད་ བཙིར་ཁུ་འདི་ནང་ མི་ཤོང་ཟེར་མ་པ་ལས།But then it doesn't fit in the basket (made out of bamboo)
- རྡོ་རྗེ་དབང་མོ་ Dorji Wangmoཁོད? (ཧ་རྔ་ནང་ ཚར་གཅིག་བརྔོ་མི་འདི་ལུ་ ཁོད་གཅིག་ཟེར་ སླབ་འོང) བཞི་ཡང་ཐོན་ནི་མས་ཏེ།Choe? (it is the one which is fried in the frying pain)
- རྡོ་རྗེ་དབང་མོ་ Dorji Wangmoཨཔ་གཉིས་བརྡུང་མ་ཤོག།Two guys can come and do the pounding work?
- ང་བཅས་གཉིས་ཀྱིས་ ཚར་གཅིག་བལྟ་གེ་ནུག།But once we will look in to it.
- ཁུ་བ་ར་ཐོན་དོ་མས་ ཁྱོད་ར་གཉིས།You both are sweeting so much.
- ང་གིས་འདི་ དེ་འཕྲོ་ལས་བཙོ་ཞིནམ་ན་ བཙིརཝ་ཨིན་ཟེར་ བརྡུང་ར་བརྡུང་དགོ་ཡ?I thought it will be boiled well, but it need to be pound?
- ཚར་གཅིག་འདི་ བརྡུང་ར་དགོ་དབའེ།Once it need to be pound.
- ཨ་ནཱི་ ཚར་གཅིག་ ཅོག་ཙེ་གུ་སྦེ་ སྒྲིལ་ནི་ཡོད་མེན་ན? (དང་ཕུ་རང་འཐག་ནང་ འཐག་མ་ཤེསཔ་ད་ ཅོག་ཙེ་འབད་རུང་ ཨེན་ཏ་འབད་རུང་ཅིག་གུ་ ཕར་ཅག་པ་བཀལ་ཞིནམ་ལས་ སྒྲིལ་ཤིང་གིས་ སྒྲིལ་ཡི་ར་པགས་ཀོ་ཤུབས་སྲོལ་ཅིག་འདུག། འདི་ལུ་ ཁེངས་ཁ་ནང་ ཕར་ཅག་པ་ཀྲཱེད་ཟེར་ སླབ་ཨིན་པས་)So, it is also smashed on the table right? (olden days the people use the flat table and a roller to smash the seed) in khengkha language it is called Pharchakpa
- རྡོ་རྗེ་དབང་མོ་ Dorji Wangmoཅོག་ཙེ་གུ་མེན་ རང་འཐག་ནང་ ད་ར་ར་བཏང་ནི་ཨིན།Not in the table but we do in the stone mill.
- རང་འཐག་ནང་ཨིན་ན?Is it on stone mill?
- རྡོ་རྗེ་དབང་མོ་ Dorji Wangmoཨིན།Yes
- ཅོག་ཙེ་གུ་ཡང་ འཐག་ནི་ཡོད་མེན་ན་ཏེ?It is also done at the flate table right?
- རང་འཐག་ནང་ཨིན།Its on the stone mill.
- བྲེ་ག་དེམ་ཅིག་སྡོད་ཡི་དགོ?How much it is put inside? (measured by the grain measuring vessel)
- རྡོ་རྗེ་དབང་མོ་ Dorji Wangmoབྲེ་བདུན་འདུག།Seven vessel
- བྲེ་བདུན? ག་ར་འབག་འོང་ཡི་བུ?Seven vessel? You brought all of it?
- རྡོ་རྗེ་དབང་མོ་ Dorji Wangmoག་ར་འབག་འོང་ཡི།Yes, i brought all.
- འེང་་་།Okey
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཆུ་འཁོལ་ནུག?Water is boiled?
- ལས་སྐྱིད་སྒྲོལ་མ་ Leki Dolmaམི་དགོ།No need of it.
- འཁོལ་དོ་ ཨ་ཙི་ཅིག་མ་འཁོལ་བས།Its boiling, its yet to boil.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་བླུགས་ཡི་ཡ? (ཕར་ཅག་པ་)ག་ར་བླུགས་ཡི་ཡ?Okay! did you put all of it? (pharchakpa)
- ལས་སྐྱིད་སྒྲོལ་མ་ Leki Dolmaབླུགས་ཡི་ག་ར་ འ་ནཱེ་ཅིག་ར་ཨིན།Yes, i put all of it.
- བསྟན་པ་ Tenpaབཙིར་ཐེངས་གཅིག་ལངས།One pestle will be fine in it.
- ལས་སྐྱིད་སྒྲོལ་མ་ Leki Dolmaཨ་ནཱི་བཀབ་ད།Cover it with this,
- ང་གིས་འདི་ ལྟག་ལས་ ཟངས་གཞོང་བཀབ་པ་ཅིན་ དྲག་ནི་བཟུམ་ཅིག་མཐོང་མས།I feel like if it is covered with bowl it will be nice.
- ཚར་གཅིག་བཏུབ།Once it will work
- མར་ཐོན་དོ་མས། ཐོན་ནི་མས་སྨ་རས།Oil is coming now, it coming now
- ང་གིས་ བུང་སྦ་(སྦ་གི་ཆག་) འབག་གེ་ཟེར་སླབ་པའི།I told i will bring the bamboo shoot.
- ཐོན་ནི་མས་བལྟ་ཤིག།It coming once you can see to it.
- བཟའ་ནི་ཐོབ་ནི་ཨིན་པས? བུང་སྦ་བརྔོ་ནི།Will get to consume it?
- ད་འདི་ ག་ཅི་སྨོ? ག་ཅི་སྦེ་དེ་སྦེ་བཞགཔ་སྨོ? ནང་ན་ཆུ་ཡོདཔ་ཨིན་ན?What is this? For what it is kept? is there water inside?
- ཨིན།Yes
- རླངསམ་ནང་བཙོཝ་ཨིན་ན?Is it cooked in the vapour?
- འཛག་མི་འགྱོ་ག?It won't break?
- མི་འགྱོ།No it won't.
- མར?Butter?
- བསྟན་པ་ Tenpaམི་འགྱོ་མི་འགྱོ།No it won't go.
- ལས་སྐྱིད་སྒྲོལ་མ་ Leki Dolmaགཟར་རུ་མ་བཟོ་བས་གཟར་རུ།Ladle is not made.
- གཟར་རུ་ཡོད་དོ་འོང་ཏེ་ ད་ཅི་ཁྱོད་གཉིས་ཀྱིས་ ཕར་ཅག་པ་སློང་སློངམ་གྱི།Ladle might be there. before that you two were stirring the pharchakpa.
- གཟའ་རུ་ཡོདཔ་ཨིན།There is ladle,
- ལས་སྐྱིད་སྒྲོལ་མ་ Leki Dolmaཀྭ་ལས་ སློང་གེ་གཟར་རུ།Where is the ladle, we need to stir.
- བསྟན་པ་ Tenpaད་བབས་དོ་མས་བལྟ་ཤིག
- ལས་སྐྱིད་སྒྲོལ་མ་ Leki Dolmaག་ཏེ་ལུ་ཡང་ ཅོག་ར་འཐདཔ་སྦེ་ སློང་དགོ།It is same everywhere the method of stirring.
- བསྟན་པ་ Tenpaབབས་ནུག་མས་བལྟ་ཤིགSee, [he] come down!
- རྡོ་རྗེ་དབང་མོ་ Dorji Wangmoལོག་གཅིག་ཁར་ལས་ག་ཅི་སྦེ་མ་བབས་སྨོ་ཏེ?Why it is not coming from the other side?
- ལས་སྐྱིད་སྒྲོལ་མ་ Leki Dolmaམེ་ཚུར་ཁ་ཐུག་ཡོད་དོ་མས་ ཕར་མེ་མེད།The fire is at the other side,
- བསྟན་པ་ Tenpaདཀྲུགས་ཤིག་དཀྲུགས་ཤིག།Let's stir, let's stir,
- ལས་སྐྱིད་སྒྲོལ་མ་ Leki Dolmaདཀྲུགས་དགོ།We have to stir.
- མར་ཐེངས་ཕོག་གཅིག་གུ་ ཕཱཝ་བཏང་ཐོན་འོང་མས།At once the butter came out.
- བསྟན་པ་ Tenpaབལྟ་ཤིག་འདུག་འདུག།See it's there.
- དྲོན་གོང་བཟུམ་སྦེ་ར།It's same like Dough.
- དེ་སྦེ་མི་ལེ་ཤ་འཛོམས་པའི་སྐབས་ ལེ་ཤ་སྦེ་བཙིར་ནི་ཡོད་པ་ཅིན་ཨིན་པས་ཏེ།If we could get the butter more when we have lots of people.
- All laughs All laughs
- རྡོ་རྗེ་དབང་མོ་ Dorji Wangmoལ་ཁག་བཏང་ནི་མས་ ང་གིས་འདི་ལ་ཁག་བཏང་འོང་།It's very hard to do this work, for me it's a hard job.
- ལེ་ཤ་བཟའ་ནི། ལགཔ་ཚ་ནི་མས་མེན་ན་ ཚ་ནི་འདི།Will have more, but it will burn our hand.
- ལས་སྐྱིད་སྒྲོལ་མ་ Leki Dolmaམར་འབདན་མི་བབས་པས་ཏེ།Butter won't fall down,
- བསྟན་པ་ Tenpaདུར་མང་ལ་མར་ བཙིར་གཅིག་གི་ ཕྱེད་ཀ་རྐྱངམ་ཅིག་ཐོན་འོང་མས། དེ་འབདཝ་ད་ ད་རུང་ དུར་མང་ལ་མར་གྱི་ གནམ་མེད་ས་མེད་ཞིམ་ཏེ།only a half of the butter comes out but it's the sweetest butter,
- བླ་མ་ཨ་ཕཱི་འདི་ གནམ་མེད་ས་མེད་ ལེགས་ཤོམ་སྦེ་ར་ འཚོ་ནུག་ཏེ།My god! the flour is cooked so well,
- བསྟན་པ་ Tenpaལེགས་ཤོམ་ཆུ་ཁོག་ཁོ་སྦེ།Good with all water,
- རྡོ་རྗེ་དབང་མོ་ Dorji Wangmoད་འཚོ་དོ་མས་ ཨ་ནཱི་སློང་དགོ་པས།It's cooked well now have to stir it,
- བསྟན་པ་ Tenpaད་འཚོ་དོ་མས་ད། ཀྭ་ལས་ ད་རུང་ ཨ་ནཱི་ལྟིར་ནི་གི་ ཤིང་གཅིག་དགོ།It's cooked well, now we need a wood to press it,
- རྡོ་རྗེ་དབང་མོ་ Dorji Wangmoག་ཅི་སྦེ་ཡེངས་སྡོད་སྨོ་ཏེ་ ད་ཅི་ལས་ར་མ་བཟོ་བར།Where your lost? Have to make it before hand
- ཡ་ད་བཏུབ་ཅི་ཏེ།Now it is done,
- ཡ།Ya!
- བསྟན་པ་ Tenpaཡ་ང་བཅས་རའི་ ཕར་ལུ་ གྲ་སྒྲིག་ག་དེ་སྦེ་སོང་ཡི?How is the prepration done there?
- ཕར་ལུ་ གྲ་སྒྲིག་བཟོ་ཨ་པ།Father go and make the preperation
- ཀ་ལ་འདི་ཡོད།The pot is there,
- ལྟིར་ནི་གི་ཤིང་ ག་ཅི་གི་བཟོ་ནི་སྨོ?FRom what matterial the pressing wood is made?
- རྡོ་རྗེ་དབང་མོ་ Dorji Wangmoབཏོག་ཞིནམ་ན་བཟོ་མས་ཏེ་ ཤིང་ཨ་ནཱ་ཡོད།Cut and make it, the wood is here,
- མར་ལས་ཡར་ ཆུ་ཚ་ཏོམ་ཞལ་འོང་དོ་འདྲས་མེན་ན?The hot water is over flowing right?
- རྡོ་རྗེ་དབང་མོ་ Dorji Wangmoམེནམ་འོང་།I don't think so.
- ལས་སྐྱིད་སྒྲོལ་མ་ Leki Dolmaཆུ་ཚན་གྱི་ རླངསམ་ཡང་ཤུགས་སྦེ་ཐོན་འོང་།The hot water vapour will come so fast.
- རྡོ་རྗེ་དབང་མོ་ Dorji Wangmoཆུ་འདི་མར་ར་ཡོད།Water is still there,
- བསྟན་པ་ Tenpaབབས་ནུག་ས་མེན་ན?It is steamed well,
- བབས་ནུག་བབས་ནུགNow it is steamed well,
- བསྟན་པ་ Tenpaབཏོན་ད་བཏོན་ད།Now you can take it out.
- ཁྱོད་ཀྱིས་ བཟོ་བཏོན་མི་དགོ་ བཏུབ་པས།You don't have to beautify yourself, it's fine.
- བསྟན་པ་ Tenpaཏོག་ཀ་རི་ ལྟིར་ནིའི་ཤིང་འབག་ཤོགPestle, Bring a wood to press it,
- རྡོ་རྗེ་དབང་མོ་ Dorji Wangmoཏོ་ཀ་རི་འབག་ཤོག་ལོ་ས་ ག་དེ་སྦེ་འབད་དོ?Bring the pestle, what you are doing?
- ཕར་ག་ཅི་བཟུམ་ཅིག་ བཟོ་སྟེ་སྡོད་ཡི?What tpye of things your doing there?
- རྡོ་རྗེ་དབང་མོ་ Dorji Wangmoཨའུ་འབག་ཤོག་ལོ་ཟེརཝ་ད།Bring it here, he is telling
- ཏོ་ཀ་རི་འབག་ཤོག་ལོ།Bring the pestle.
- ད་ལྟོ་བཟོ་ར་མ་ཚར།Not yet finish.
- ཡ་ཡ་ཏོ་ཀ་རི།Okey Pestle.
- ཏོ་ཀ་རི་འདི་ ག་ནི་ཡང་མ་འཇའ་སི་སི་ཡར་སོང་ཡི།The pestle went so horrible,
- ལས་སྐྱིད་སྒྲོལ་མ་ Leki Dolmaག་ཅི་ལེགས་དགོཔ?Why it has be nice?
- རྡོ་རྗེ་དབང་མོ་ Dorji Wangmoཨ་ནཱི་བཙིར་མ་འདི་ གང་ཡང་མི་གང་ནི་མས།It won't even fill up the bamboo strainer.
- བསྟན་པ་ Tenpaབཙིར་མ་སྦོམ་སོང་ཡི་ཏེ།The bamboo strainer is bigger.
- ཨ་ནཱི་ ཆུ་ཚན་གནམ་མེད་ས་མེད་འཁོལཝ་མས་ཏེ་ དཀར་སིང་སི་སྦེ།This hot water is boiling so much, so clean (colourless but seems so white and clean)
- དཀརཔོ་ཨིན་པས་དགོ? ཧོནམ་ཨིན་པས?Is it white or Blue?
- ལས་སྐྱིད་སྒྲོལ་མ་ Leki Dolmaཀྭ་ལས་ གང་རང་མི་གང་མས་ཏེ།It is not even filling up the pestle,
- ཡ་ཡ།Okay
- བསྟན་པ་ Tenpaཚར་གཅིག་འ་ནཱེ་སྦེ་བཙིར་ད།Once you can press extract it.
- འ་ནི་སྦེ་ཡ?Is it like this way?
- བསྟན་པ་ Tenpaམེན་མེན་ཨ་ནཱི་ཤིང་རྐྱངམ་གཅིག་སྦེ་བཙིར་ད། འ་ནཱེ་སྦེ།No with the help of the stict you acn press and extract it. Like this way
- མར་ཕྱི་ཁར་འགྱོ་འོང་མས་ཕྱི་ཁརIt will go outside, be careful
- ཨཱ་ཨཱ་ཕྱི་ཁར།It's going outside,
- མར་གྱི་ཀ་ལ་ཚུར་འབག་དགོ་པས། ཀ་ལ་ཀ་ལ་ ཤོག་ཡ་ཡ་ ད་ཐོན་མས་སྨ་རས། ཤོགBring that butter pot here, pot! pot! bring over here, the butter is coming, come
- རྡོ་རྗེ་དབང་མོ་ Dorji Wangmoམར་འདི་ཐོན་མས་བལྟ་ཤིགLook over here the butter is coming,
- མར་འདི་ཐོན་མས།།Butter is coming,
- རྡོ་རྗེ་དབང་མོ་ Dorji Wangmoཁྱོད་གཉིས་ཀྱིས་ ཐགཔ་དཀྱི་ད།You two can wrap the tread over it,
- ཨ་ཞེམོ་ ཐིག་པ་ཅིག་ ཕྱི་ཁར་ཡར་སོང་ཡི་ ཕྱི་ཁར།I droped a droplet of it outside siter,
- ཨ་ནཱི་ པགས་ཀོ་ལེགས་ཤོམ་ ཐིང་དགོ་ནི་མས།We need to spread the mat(usually made up of animal skin) properly
- བསྟན་པ་ Tenpaའ་ནཱེ་སྦེ་བསྒྱིར་ད་ འ་ནཱེ་སྦེ།Turn this way,
- ཨ་ནཱི་ ཨེན་ཏ་གས་ཡར་སོང་ནུག་བལྟ་ཤིག།See the floor, the wood is cracked.
- ཡ་ཨ་ནཱི་བཟུང་ད།Catch this one,
- རྡོ་རྗེ་དབང་མོ་ Dorji Wangmoཨ་པ་ཡར་འཐུ་སུ་ཅིག་སྦེ་འབད་བལྟ་ད།Father will you bit rise up and see to it.
- བསྟན་པ་ Tenpaཨ་ཙི་སྡོད་མས།Wait a bit,
- ད་རུང་ ཨེན་ཏ་གིས་ ཕོག་འོང་མས།Again the crack at the wood will hit you, be careful
- འགྱེལ་ཏ་རྐྱབ་སྟེ་ མི་འོང་པས་ག?Doesn't it slip and come?
- ཤོག་འོ།
- བསྟན་པ་ Tenpaམི་འོང་མི་འོང་།No it won't come.
- བཙིར་མ་ལོག་ཅིག་ཁར་ཡར་སོང་ནུགIt went from the other side.
- ད་འབདན་འ་ནཱི་ཨིན་སྨ་རས་ད་འབདན།Now it is the one.
- ཐགཔ་་་མེན་མེན། མར་ཁྲཱི་ཤིང(བཙིར་ཤིང)གུ་དཀྱི་དགོ།Not the tread, Keep the butter so press by the stict.
- བསྟན་པ་ Tenpaམར་བཙིར་ཤིང་གུ།Keep it on the pestle,
- བཙིར་ཤིང་ལས་ ནཱ་ལས་འདི་ ལྟ་མ་རང་གུ་ཕོག་འོང་སྦ།be careful with the pestle as it may hit you.
- ཡ་ ཡ་ ready one two three (གྲ་སྒྲིག་ གཅིག་ གཉིས་ གསུམ)་ཡ ཤོག་ཡ།Okay now, Ready one two three, now come.
- བསྟན་པ་ Tenpaཤིང་ཆག་འགྱོ་འོང་མས་ ཁྱོད་ར་ཚུ།
- ཡ་ ཐོན་མས་ག?is it coming?
- ལས་སྐྱིད་སྒྲོལ་མ་ Leki Dolmaའགོར་ལས་སྦེ་ ནར་བཏང་འཐེན་ཤིག།Bit slow and stretch it slowly,
- དབའེ་ དབའེ་ དབའེ་ ཨེན་ཏ་གག་འགྱོཝ་མས་ཨེན་ཏ།Hey! Hey! Hey! The floor will break,
- ལས་སྐྱིད་སྒྲོལ་མ་ Leki Dolmaཨེན་ཏ་ཨིན་ཨེན་ཏ།It's the floor,
- རྡོ་རྗེ་དབང་མོ་ Dorji Wangmoཨེན་ཏ་གག་འགྱོ་དོ་མས་ ཁྱད་མེད།The floor is going to break, It's fine,
- ཨ་ནཱི་ཤིང་གི་ ར་ཨེབ་མི་ཚུགས་པས།This stict can't press it.
- གག་འགྱོ་འགྱོཝ་འདུག།There is a crack
- བསྟན་པ་ Tenpaང་གིས་འདི་ ཨ་ནཱི་ཤིང་གི་ འབད་མི་ཚུགས་ནི་བཟུམ་ཅིག་མཐོང་མས།།I think this wood can't do the work
- ཨ་ནཱི་ འཐོན་འོང་ནི་བཟུམ་འབད་དེས།I think this one is coming out,
- རྡོ་རྗེ་དབང་མོ་ Dorji Wangmoད་རེས་ ཁྱོད་ཚུ་གིས་ ཨ་ནཱི་ ཤིང་འདི་འབདན་ རུལ་རུལཝ་བཟུམ་ཅིག་མཐོང་ཅི།།I think Today you guys have brought a rotten wood,
- ཨ་ནཱི་ཡ?Is this the one?
- བསྟན་པ་ Tenpaཤིང་གི་འགྱོ་ནི་མས།this wood will break,
- ཨ་པ་གཟུགས་གུ་ འཐོན་འོང་མས།Father it will hit you on you body be careful,
- འགོར་ལས་སྦེ་བཏང་ཤིག་ འགོར་ལས་སྦེ།Do it slowly, slowly,
- ཁྱོད་ར་ཚུ་ བཏང་བཏང་།You guys can leave.
- བསྟན་པ་ Tenpaམེན་ཤིང་གི་ ཐད་རི་བ་རི་འགྱོ་འོང་།I am sure enough the wood will break,
- རྡོ་རྗེ་དབང་མོ་ Dorji Wangmoཤིང་འདིནི་ཤིང་ཡང་ ག་ཅི་བཟུམ་ཅིག་ འཚོལ་བཞག་བཞགཔ་ཨིན་ན་ཏེ།What kind of wood you brought search it,
- ཤོག་་་Come
- ཤིང་ཨིན་ར་མེན་པས། ཨེན་ཏ་ཨིན་པས་ བལྟ་ཤིག་ཨེན་ཏ།It's not the problem of the wood it is because of the floor,
- ཨེན་ཏ་གས་འགྱོ་འགྱོཝ་ཡོད།The floor is already got a crack.
- ཡ་ཡ་ ཨིན་ན་ཨིན་ན། ཨིན་སྨ་རས། དེ་འབད་བ་ཅིན་ ཤོག་ཡ་ ཤོག་་་Oh! Okay, now come
- ཨེན་ཏ་གས་འགྱོ་འགྱོཝ་ཡོད་རང་།The flooor is already caracked
- ཨེན་ཏ་ཨིན་ན?Is it the floor?
- ཨེན་ཏ་ཨིན། ཤོག་་་Yes, it is. Come
- རྡོ་རྗེ་དབང་མོ་ Dorji Wangmoཁྱོད་ཆ་ཁྱབ་ རྦབ་རིལ་འོང་ རྦབ་རིལ་འོང་། རྦབ་རིལ་འོང་མས་ ཆོས་གྲུབ་པ།Be careful you all you fall down,
- ཤིང་མེན་ཟེར།It's not the wood
- ཨིན་པས་ཨེན་ཏ་སྡོད་སྡོདཔ་མས།Yes, your rigth it's the floor
- ཨིན་པས་ཤིང་ར་བལྟ་ཤིགYes, see the floor,
- ཨེན་ཏ་ཡང་ གས་འགྱོ་འགྱོཝ་ཡོད་བལྟ་ཤིགThe floor itself is cracked,
- ལས་སྐྱིད་སྒྲོལ་མ་ Leki Dolmaཨེན་ཏ་གས་འགྱོ་དོཝ་མས། The floor is cracking again,
- ཡ་ཨ་ནཱ་དཀྱི་ད།Is it where is it?
- ཤོག་ཡ།Come here
- བསྟན་པ་ Tenpaའོང་བལྟ་ཤིག་ ང་གིས་ ཤིང་ཆག་འགྱོ་དེས་ཟེར་ སླབ་ཅི་མེན་ན?Come here and see to it, i told you that the wood is going to break, i told you earlier?
- ལས་སྐྱིད་སྒྲོལ་མ་ Leki Dolmaད་རུང་ ཨ་ཕཱི་ཤིང་འདི་ འཐུ་འབག་ཤོག།Go there and bring that wood
- ཨ་ཕཱི་དེ་གིས་ ག་ནཱི་ཡང་མི་བཏུབ།That one won't work,
- ཤོག་ཤིག།come and catch.
- ཡ། ya
- ལས་སྐྱིད་སྒྲོལ་མ་ Leki Dolmaཕྱི་ཁར་ཡར་སོང་ནུག།It went outside
- ཤོགCome
- ཡ་་་ཡ་་་ཤོག།Come over here
- ཤོག་་་ཤོག།Come come
- ལས་སྐྱིད་སྒྲོལ་མ་ Leki Dolmaཁོང་ར་གཉིས་རྐྱངམ་ཅིག་ ག་དེ་སྦེ་སྨོ་ཤོག་ཤོག།What you two doing over there, come here
- ཤོག།Come
- ལས་སྐྱིད་སྒྲོལ་མ་ Leki Dolmaཨ་ནཱ་ཨ་ནཱ།Here, here
- ཡ་་་ready one two threeReady! One Two three
- ལས་སྐྱིད་སྒྲོལ་མ་ Leki Dolmaཐགཔ་བཟུང་ཤིག་ཐགཔ།Catch the rope,
- ཡ་་་ཤོག།Come
- ལས་སྐྱིད་སྒྲོལ་མ་ Leki Dolmaཐགཔ་བཟུང་པ་ཅིན་འབད་ཚུགས།If we catch the rope, it will work
- ཤོག་ཡ་་་འོང་ནུག་ག་་ཤོག་་་ཡ།Is it coming, come here
- འོང་་་།coming
- ཤོག་་་ཡ་་་ཤོག་་་ཡ་་་ཤོག་་་ཡ།Come over here,
- ཆག་སྟེ་ ཡར་ལྷོང་འོང་མས་ ད་ནེམ་ཅིག་སྦེ་བཞག་ད།It will break and will hit you, now keep for awhile
- ལས་སྐྱིད་སྒྲོལ་མ་ Leki Dolmaག་ཏེ་ལས་ ཆག་འགྱོཝ་ཨིན་ན་ཅིག་འགྱོ་དེས་ད།I don't know from where it will break but its breaking,
- ནང་ན་གི་ ཆག་འགྱོ་དོཝ་མེན་ན?Isn't it from the inside, its breaking?
- ནང་ན་གི་ཆག་འགྱོ་སོང་ཡི་མེན་ན?It's breaking from inside?
- ནང་ན་གི་ཆག་དོ་བཟུམ་འབད་ཡི་འ་ནཱི།I feel its breaking from inside,
- ནང་ན་གི་ཆག་འགྱོ་དོ།Its breaking from inside,
- ཨིན་པས་སྨ་རས་ ཨ་ནཱི་བལྟ་ཤིགYes, look over here
- རྙིངམ་འབད་ནི་དེ་གིས་ཨིན་པས་ཏེ།It may be because its old,
- རྫོགས་རང་རྫོགས་ནི་མས་ད།It will finsih i guess
- ལས་སྐྱིད་སྒྲོལ་མ་ Leki Dolmaཨ་ནཱི་ ཤིང་རློནམ་རྐྱངམ་ཅིག་བཏང་དགོ་ཏེ། སྐམ་འབད་ནི་དེ་གིས་ ཆག་འགྱོ་དོ་མས་ཏེ།We have to put the wet wood, because of dry wood it's breaking up,
- རྡོ་རྗེ་དབང་མོ་ Dorji Wangmoཨ་ནཱ་ལས་ ལུས་སོང་ནུག་བལྟ་ཤིག།The work is left from here, see over here
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཕུད་ཨིན་ན་འདི?This one is for the offering?
- བསྟན་པ་ Tenpaལགས?Yes?
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཕུད་ཕུལཝ་ཨིན་ན?You keeping that for the offering?
- བསྟན་པ་ Tenpaཕུད་ཨིན།Yes, it's for the offering
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukབསངས་?Incense?
- བསྟན་པ་ Tenpaགཞན་ཡང་འོང་ནི་ཨིན་ལོ། ང་བཅས་བཟུམ་སྦེ་ སྤྲོ་བ་བྱུང་སྟེ་ གཞན་ཡང་བལྟ་བར་འོང་ནི་ཡོད་ལོ།There are others too. Like us there are others who come to see,
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Okay!
- བསྟན་པ་ Tenpaའ་ནཱི་འབདཝ་ད་ ང་བཅས་ ཕོཝ་ན་སྟེ་ ཤི་ནི་ཨིན་པས།When this happen we are going to die out of stomache,
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Okay!
- བསྟན་པ་ Tenpaའ་ནཱེ་སྦེ་འབད་འོང་། འ་ནཱེ་སྦེ་འབད་ནི་ཡོད་ལོ།They do like that and have been doing this way.
- བསྟན་པ་ Tenpaམར་བཀང་ཤིང་ཟེར་ སླབ་འོང་། འ་ནཱི་ལུ་བཙིར་མ། འ་ནཱི་ལུ་ མར་བཀང་པགས་ཀོ། དེ་ལས་ འ་ནཱི་ལུ་ ཨ་ནཱི་འདིནི་ བཙིར་མ་གི་ ཏཱན་བ་ཟེར་གདན།It's called Pestle, or the container for the butter made from wood
- བསྟན་པ་ Tenpaའ་ནཱི་འབད་བ་ཅིན། ཨ་ནཱི་བཙིར་ཤིང་།If we do like that, it's called Pestle(made from wood)
- བསྟན་པ་ Tenpaམར་གྱི་དེ་ མར་གྱི་ཡང་བཙིར་ཤིང་།Butter have it's own pestle,
- བསྟན་པ་ Tenpaའ་ནཱི་ པགས་ཀོ་ཡང་ཡོད་པ་ཅིན་ ཁོང་ཨ་པ་དང་ ཨའི་གི་ དང་ཕུ་གི་པགས་ཀོ་ར་ཨིན་པས་ཏེ། དང་ཕུ་གི་ར་ཨིན་པས།if there is skin hides, then it's the parent's olden days skin hides,
- བསྟན་པ་ Tenpaའ་ནཱི་བཟུམ་ར་ཡོདཔ་འོང་ དང་ཕུ་གི་ཡང་། དེ་ལས་མེད་པ་ཅིན་ ཤིང་གི་པགས་ཀོ་ ཤུབས་ཞིནམ་ལས་ལག་ལེན་འཐབ་འོང་། ཤིང་གི་པགས་ཀོ་ཤུབས་ཏེ།It may be same like this skin hides, if not it may be the tree's hides, it will be removed from the tree to use it.
- བསྟན་པ་ Tenpaཨ་པ་དང་ ཨ་མ་གི་ དང་ཕུ་གི་ར་ཨིན་པས།This are the parent's olden days skin hides.
- བསྟན་པ་ Tenpaཨ་ནཱི་ལུ་ ཝའི་བཀང་ཟེར་ སླབ་འོང་། ཨ་ནཱི་ལུ་ ཝའི་བཀང། འ་ནཱི་ལུ་ ཝའི་བཀང་། འ་ནཱི་ལུ་ འ་ནཱི་ལུ་ ད་ལྟོ་འབད་བ་ཅིན་འདི་ ལྕགས་ཀྱི་ཐགཔ་ཨིན་པས། དང་ཕུ་འབད་བ་ཅིན་ གིང་ཟེར་ཚར་གྱི་སྦེ་ བཟོ་འོང་།This is called wakang rope, this modern days it is made from metal, and olden time it is made from bamboo. ging (type of bamboo plant for making the rope)
- བསྟན་པ་ Tenpaགིང་འ་ནཱེ་སྦེ་ དཀྱི་ཡི་དཀྱི་ཡི་ འ་ནཱེ་སྦེ་བཟོ་འོང་།Ging will be twist then turn and will form the rope,
- མི་བཏུབ་ ད་གིང་གིས་ཆད་འགྱོ་འོང་།It will not work Ging will break down,
- བསྟན་པ་ Tenpaགིང་ཆད་འགྱོ་འོང་། ད་རེས་ནངས་པ་འབད་བ་ཅིན་ ལྕགས་ཀྱི་བཏུབ་པས་སྦ། ལྕགས་ཀྱི་དེ་སྦེ་བཟོཝ་ད་ འ་ནི་ཱསྒྲིང་སྒྲིང་འདུག།Ging will break so, this days it's made from metal and it's strong to hold on.
- བསྟན་པ་ Tenpaདེ་འབདཝ་ད་ ཧེ་མ་འབད་བ་ཅིན་ ལྕགས་མི་ཐོབ་པས་སྦ། དང་ཕུ་ ལྕགས་ག་ཏེ་ལས་ཐོབ་ནི་ གིང་རང་ཨིན། གིང་ལག་ལེན་འཐབ་སྡོད་ནུག།Olden days we don't get metal, we make use of ging,
- འཆར་གཞི་བཞི་པའི་ནང་ལས་ འདི་ལྕགས་ཀྱི་བཟོ་ཡི།From the fourth year plan its made from metal.
- བསྟན་པ་ Tenpaང་གིས་ ཤིང་གཉིས་ལས་བསྡུ་ཡི། ཤིང་གཉིས་ཀྱི་ འ་ནཱེམ་ཅིག་ཐོན་ཡི།I did with two wood, from that we get this much.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukལོ་བཅུ་གཉིས་འགྱོཝ་མས་ཏེ་སྨོ?Its been 12 Years right?
- བསྟན་པ་ Tenpaལོ་བཅུ་གཉིས་ཀྲིག་ཀྲི་སོང་ཡི།Yes, it's been 12 years.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukརྙིངམ་འགྱོ་རུང་ མར་ཐོན་ནི་འདི་ཐོན་མས་སྨོ?It's old but butter is coming right?
- རྙིངམ་དྲག།Old is better,
- བསྟན་པ་ Tenpaརྙིངམ་དྲག་ལོ་མེན་ན་ རྙིང་དྲག་ལོ།Old is betteri feel, old is better,
- གསརཔ་ལས་རྙིངམ་དྲག།Old is better than the new one,
- རྡོ་རྗེ་དབང་མོ་ Dorji Wangmoང་གིས་འདི་ བཀོ་བཏང་ད་ཟེར་ སླབ་སླབ་ཨིན་ན་ཧིང་དེ།I told them to throw away the seed last year only,
- རྙིངམ་དྲགOld is better,
- ཨ་ནཱི་བསྒྱིར་བ་ཅིན་ ཐོན་འོང་སྟེ་གཞན།If we turn this then we will again get some butter,
- བསྒྱིར་ཏེ་བཙིར་པ་ཅིན་ དྲག་ནུག་ཏེ་གཞན་ ཨ་ནཱི་ ལོག་གཅིག་ཁ་ཐུག་ལུསཔ་ཨིན་པས་ཏེ།If we turn and press the pestle then it would be better because from the other
- རྡོ་རྗེ་དབང་མོ་ Dorji Wangmoམ་བསྒྱིར་བར་ལུས་སོང་ཡི་ཟེར་ སླབ་ཅི་ཏེ་ང་གིས།I told you ealier that some parts are left,
- ཨ་པ་ལགཔ་ཨེབ་ཏེ་ བཅག་བཀོ་འོང་མས།Father be careful with the hand it will hit you and break your hand,
- ཡ་ཡ་ཕར་ལས་ཐོན་ཏེ་འགྱོ་དེས།Okay but it's going from the other side,
- ཨ་རྒས་ ལག་ཁར་རེག་འོང་མས།Grandfather it will hit your hand, be careful
- ལོག་བཏོནམ་ཨིན་པས་མེན་ན?Again it's taking out right?
- བཏོནམ་ཨིན།Yes! we are taking out
- འམ་བཏུབ་བཏུབ།Ummmm!! oh okay okay
- རྡོ་རྗེ་དབང་མོ་ Dorji Wangmoབཏོནམ་ཨིན།We are taking out,
- ལོག་བཏོནམ་འདྲས་མེན་ན?Again it's taking out?
- ཨིན།Yes!
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའདི་བཏོན་ནིའི་ཐབས་ཤེས་ཨིན་ན?This is the idea of taking out?
- བཏོན་ནིའི་ཐབས་ཤེས་ལགས།Yes! it's the idea of taking out,
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Okay
- བསྟན་པ་ Tenpaཡ་བཏུབ་ ཧོད་ཅིག་འབག་ཤོག།Now fine, bring a container,
- ཨ་ནཱི་བརྡལ་མི་དགོ་ག?We don't have to spread it?
- བསྟན་པ་ Tenpaཨ?Ahhh!
- བརྡལ་མི་དགོ? བརྡལ་དགོ་ནི་འདྲས་མེན་ན?Don't have to spread? I think we have to spread it?
- བསྟན་པ་ Tenpaབརྡལ་དགོ།Have to spread it,
- བསྟན་པ་ Tenpaཨ་ཙའུ་ ཚ་ཏོམ་མས།Ouch! It's hot,
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukད་ཅི་བཙིར་མི་འདི་ རག་མ་ཟེར་ སླབ་ནི་ཨིན་ན?The one we got from pressing the seed is called Rama? (the first extracted oil)
- བསྟན་པ་ Tenpaཨིན།Yes!
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukསྦང་ཆང་བཟུམ་སྦེ་ར།It's same like Bangchang alcohol,
- ད་ལོག་སྟེ་ བརྡུང་ཞིནམ་ན་ བཙིར་བ་ཅིན་མི་ལིང་མ།Again if we extract then a oil will come that's called Milingma,(from the left over seed if we press again a oil will come its called milingma)
- ཕོག་གཅིག(སྲང་ལྔ་)འདི་འོང་ནི་མས་ མར་ཨ་ནཱི།May be around a 5 sang measuring butter will come,
- སྲང་ལྔ་ཡ?Five sang measuring?
- ཕོག་གཅིག་ཐོན་ནི་མས།Will it come Five sang measuring
- བསྟན་པ་ Tenpaཕོག་གཅིག་ཡ? ཐོན་འོང་ག་ཏེ་མི་ཐོན་ནི།Yes it's sure it will come.
- ཕོག་གཅིག་ཐོན་འོང་།Yes! it will
- སྲང་ལྔ་?Five sang measuring?
- ཨིན་སྲང་ལྔ།Yes it is five sang measuring.
- སྲང་ལྔ་ལྷག་ཡང་ལྷག་འོང་།It will even exceed Five sang measuring
- ལྗིད་ར་འདུག་བལྟ་ཤིག།It's so heavy, i can feel it,