Skip to main content Skip to search
23 Aug 2018
5 min 6 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • ཨུ་ར་/ Ura
    ཨོཾ་ཆེ་གསལ་ལགས། །དྷ་ན་ཀོ་ཥའི་མཚོ་གླིང་ལས་ཤིང་ཅིག་འཁྲུངས་ལ། །ཤིང་མོ་དེ་ཡང་པདྨའི་ལས་སྡོང་པོ་འཁྲུངས། །ཤིང་མོ་དེ་ཡང་པདྨའི་ལས་སྡོང་པོ་འཁྲུངས། །
  • ཨུ་ར་/ Ura
    ཨོཾ་ཆེ་གསལ་ལགས། །དྷ་ན་(མེ་ཏོག)པདྨ་མཚོ་ཤིང་ལས་ཡངས་པའི་སྟེང༌ལ། །དེ་ལ་ཡ་མཚན་ཆེ་བའི་ལས་སྐུ་ཅིག་འཁྲུངས་ལ། །དེ་ལ་ཡ་མཚན་ཆེ་བའི་ལས་སྐུ་ཅིག་འཁྲུངས། །
  • ཨུ་ར་/ Ura
    ཨོཾ་ཆེ་གསལ་ལགས། །ཞབས་གཉིས་རྡོ་རྗེ་དཀྱིལ་ཀྲུངམ་ལས་འཁྲུངས་དུ་ཞུ་ལ། །མཚན་ཡང་ཨོ་རྒྱན་པདྨ་ལས་འབྱུང་གནས་ཞུ་ལ། །མཚན་ཡང་ཨོ་རྒྱན་པདྨ་ལས་འབྱུང་གནས། །
  • ཨུ་ར་/ Ura
    ཨོཾ་ཆེ་གསལ་ལགས། །ཕྱག་གཡས་གསེར་གྱི་རྡོ་རྗེ་ལས་རྩེ་ལྔ་བསྣམས་ལ། །ཕྱག་གཡོན་ཐོད་པ་བདུད་རྩི་ལས་གང་བར་ཞུ་ལ། །ཕྱག་གཡོན་ཐོད་པ་བདུད་རྩི་ལས་གང་བར། །
  • ཨུ་ར་/ Ura
    ཨོཾ་ཆེ་གསལ་ལགས། །སྤྱན་གཉིས་བསོད་ནམས་འཛོམས་ཅིག་ལས་ཀུན་གྱིས་ཕུལ་ལ། །སྙན་པའི་གླུ་དང་དབྱངས་ཀྱི་ལས་མཆོད་པ་ཕུལ་ལ། །སྙན་པའི་གླུ་དང་དབྱངས་ཀྱི་ལས་མཆོད་པ། །
  • ཨུ་ར་/ Ura
    ཨོཾ་ཆེ་གསལ་ལགས། །སྤྱན་གཉིས་གཟིགས་པ་འཛམ་གླིང་ལས་ཡོངས་ལ། །གཟིགས་ལ་སྔོན་ཡང་ལས་འཕྲོ་ཅན་གྱི་ལས་ལྷག་པར་ཨོམ་ལ། །ཐུགས་ཡང་ལས་འཕྲོ་ཅན་གྱི་ལས་ལྷག་པར། །
  • ཨུ་ར་/ Ura
    ཨོཾ་ཆེ་གསལ་ལགས། །བདག་དང་མཐའ་ཡས་འགྲོ་བ་ལས་སེམས་ཅན་རྣམས་ལ། །ཕྱི་མ་ཟངས་མདོག་དཔལ་རི་ལས་དྲངས་བར་ཤོག་ལ། །ཕྱི་མ་ཟངས་མདོག་དཔལ་རི་ལས་དྲངས་བར་ཤོག །