Video Overview
We do not know the origin of the song, Om Chee Shenla, but her mother taught this song to her. Most elders take interest in learning this song, but youth rarely do. There are different lyrics in various versions of this song.
མོ་རའི་ཨའི་གིས་ མོ་ལུ་སླབ་སླབ་ཨིན་མས། དེ་འབདཝ་ད་ འབྱུངས་ཁུངས་འདི་ མི་ཤེས་དོ་ཡོདཔ་ཨིན་མས། ཨོམ་ཅི་གསེན་ལ་ ཟེར་མི་འདི་ གཡུས་དགོ་འདི་ནང་གི་ མི་རྒས་ཤོག་ཚུ་གིས་ མ་བཏོག་ ན་གཞོན་ཚུ་གིས་ མི་ཤེས་དོ་ཡོདཔ་ཨིན་པས། གླུ་གཞས་འདི་ གཡུས་གོ་འདི་ནང ཅམ་ཅིག་སྐོར་སླབ་སྲོལ་ཡོདཔ་ཨིན་མས། མིང་འདི་ ཨོམ་ཅི་གསེལ་ལ་ཟེར་ རུག་ཚིག་འདི་ཚུ་ སྤྱིར་བཏང་གི་ ཨོམ་ཅི་གསེན་ལ་དང་ མི་འདྲ་བས་ཟེར་ཨིན་མས། ཨོམ་ཅི་གསེན་ལ་ཟེར་མི་འདི་ སྤྱིར་བཏང་ཨོམ་ཅི་གསེན་ལ་དང་ མི་འདྲ་བས། དཔེར་ན་ཨོམ་ཅི་གསེར་ལ། ཆོས་རྟེན་པད་མའི་ལོག་ལ་བཞེངས་བཞག་། རྩ་ཝ་ལོག་འདབ་ད་དགའ་འགློལ། བོད་ཁ་དང་རྩ་བ་ལུག་ཏོག མས་ལ་རིན་ཆེན་གཏེར་ལྔ་ལ་ཞུགས། ཟེར་ཨིན་མས།
- ཀུན་བཟང་དབང་མོ་ Kuenzang Wangmoཨོཾ་ཆེ་གསལ་ལགས། །མཆོད་རྟེན་པདྨའི་ལོགས་ལ་ལ་བཞེངས་བཞག་ཡོད་ལ།།རྩ་བ་པདྨའི་ལོ་འདབ་ལ་གང་(བྲེལ་)ཡོང་ལ།རྩ་བ་པདྨའི་ལོ་འདབ་ལ་གང་(བྲེལ་)ཡོང་།།
- ཀུན་བཟང་དབང་མོ་ Kuenzang Wangmoཨོཾ་ཆེ་གསལ་ལགས།།ཨེ་ཧེམ་(speaker clears throat)འདབ་དང་རྩ་བ་པདྨའི་ལ་ལོ་འདབ་མེད་ལ།རིན་ཆེན་གཏེར་ལྔ་བཟང་པོ་ལས་བཞུགས་ས།།རེད་ལ་རིན་ཆེན་གཏེར་ལྔ་བཟང་པོ་ལས་བཞུགས་ས་ཡོད། ཨེ་ཧེམ་(speaker clears throat)
- ཀུན་བཟང་དབང་མོ་ Kuenzang Wangmoཨོཾ་ཆེ་གསལ་ལགས།།ཤིང་མོ་ཆུ་མོའི་ལོགས་ལ་ལ་བཞེངས་བཞག་ཡོད་ལ།།རྩ་བ་ཆུ་ཡི་འཁྱེར་ན་ལས་གང་(བྲེལ་)ཡོང་ལ།།རྩ་བ་ཆུ་ཡི་(འཁྱེར་ན་) ལས་གང་(བྲེལ་)ཡོང་།།
- ཀུན་བཟང་དབང་མོ་ Kuenzang Wangmoཨོཾ་ཆེ་གསལ་ལ།།འདབ་དང་རྩ་བ་ཆུ་ཡི་ལ་(འཁྱེར་དུ་)མེད་ལ།།ཆུ་མོ་ལྔ་བཅུ་ཐམ་པ་ལས་བཞུགས་ས།།རེད་ལ་ཆུ་མོ་ལྔ་བཅུ་ཐམ་པ་ལས་བཞུགས་ས་ཡོད། །
- ཀུན་བཟང་དབང་མོ་ Kuenzang Wangmoཨོཾ་ཆེ་གསལ་ལ།།དར་ཅུང་གངས་རི་ལོགས་ལ་ལ་བཞེངས་བཞག་ཡོད་ལ།།དར་ཅུང་རླུང་གིས་གཡབ་ན་ལས་གང་(བྲེལ་) ཡོང་ལ།།དར་ཅུང་རླུང་གིས་གཡབ་ན་ལས་གང་(བྲེལ་)ཡོང་།།
- ཀུན་བཟང་དབང་མོ་ Kuenzang Wangmoཨོཾ་ཆེ་གསལ་ལ།།དར་དང་དར་ཅུང་རླུང་གིས་ལ་གཡབ་ཏུ་མེད་ལ།།ལྷ་ཡི་བརྒྱ་བྱིན་དབང་པོ་ལས་བཞུགས་ས་རེ་ལ།།ལྷ་ཡི་བརྒྱ་བྱིན་དབང་པོ་ལས་བཞུགས་ས་རེ།།
- ཀུན་བཟང་དབང་མོ་ Kuenzang Wangmoཨོཾ་ཆེ་གསལ་ལ།།རྫོང་ཆེན་ཡངས་པའི་ལོགས་ལ་ལ་བཞེངས་བཞག་ཡོད་ལ།།རྫོང་ཆེན་ཡང་ལ་འགྲོ་ན་ལ་གང་(བྲེལ་)ཡོང་ལ།།རྫོང་ཆེན་ཡང་ལ་འགྲོ་ན་ལ་གང་(བྲེལ་)ཡོང་། །
- ཀུན་བཟང་དབང་མོ/Kuenzang Wangmo:ཨོཾ་ཆེ་གསལ་ལ།།(ད་ན་)དང་རྫོང་ཆེན་ཡང་ལ་འགྲོ་དོ་མེད་ལ།།དབང་ཆེན་དཔོན་པོ་བཟང་པོ་ལས་བཞུགས་ས།།རེ་ལ་དབང་ཆེན་དཔོན་པོ་བཟང་པོ་ལས་བཞུགས་ས།།ཡ་ལགས་སོ།།ལེགས་ཤོམ་འགྱོ་མི་བཏུབ་པས་ ཧན་ཏོང་ཏོ་ག་ནི་ཡང་མེད་ ཧ་ཧ་་་།