Skip to main content Skip to search
15 Feb 2017
4 min 10 sec
Video Overview
Creators: 
Norzin Lhamo, Kencho Wangmo

ཨོ་ལོ་གཞོན་པ་མི་མཆོད་ཟེར་མི་འདི་ ལྷ་དང་ལྷམོ་ཚུ་ལུ་ མཆོདཔ་ཕུལ་དགོཔ་གལ་ཆེ་བའི་སྐོར་ལས་ གོ་བརྡ་བྱིན་མི་ བོད་སྒྲའི་གླུ་གཞས་རྙིངམ་ཅིག་ཨིན་པས། གླུ་གཞས་འདི་ ཚིགས་བཅད་སྡེ་ཚན་གཉིས་སྦེ་ཕྲེ་བཏུབ་ཨིནམ་ད་ ཚིགས་བཅད་དང་པ་འདི་གིས་ དོན་དག་ཐད་རི་བ་རི་སྟོན་ཨིནམ་ད་ ཚིགས་བཅད་ཤུལ་མམ་འདི་ནང་ མཚུངས་དཔེ་ཚུ་ལག་ལན་འཐབ་སྟེ་ དོན་དག་ཕྲངམ་ཕྲང་ས་སྦེ་ མི་བཏོན་མས། ཞབས་བྲོའི་ཚིག་རྒྱན་འདི་ནང་ ན་ཚོད་དར་བའི་བརྩམས་པ་པོ་གིས་ ལྷ་དང་ལྷམོ་ཚུ་ལུ་ དད་ཤུགས་དྲགས་པོའི་སྒོ་ལས་ མཆོདཔ་ཕུལ་ཨིནམ་ད་ ཁོ་གིས་ འདི་ནང་ཕུལ་བའི་མཆོད་པ་འདི་ མི་ཚེ་གཅིག་ནང་འགྱུར་པའི་གཏན་ཏོག་ཏོ་ཅིག་ཨིན་ཟེར་མས། འདི་འབདཝ་ལས་ ཁོ་གིས་ ལྷ་དང་ལྷམོ་ཚུ་ལུ་ སེམས་ཀྱི་གཏིང་ལས་མཆོདཔ་ཕུལཝ་ཨིན་པས།

Transcript search
No results found for this search
0 of 0
  • ཚང་ཁའི་ཨམ་སྲུ་ཚུ།
    ཨོ་ལོ་གཞོན་པ་མི་མཆོད་གཞོན་པ་རང་མཆོད་ལ། །གཞོན་པས་སྟེང་ཕྱོགས་ལྷ་ལུ་མཆོད། །གཞོན་པས་སྟེང་ཕྱོགས་ལྷ་ལུ་མཆོད། །
  • ཚང་ཁའི་ཨམ་སྲུ་ཚུ།
    ལྷ་དབང་པོའི་རྒྱལ་མཚན་ལན་གཅིག་རང་མཆོད་ལ། །ལྷ་དབང་པོའི་རྒྱལ་མཚན་ལན་གསུམ་རང་མཆོད། །ལྷ་དབང་པོའི་རྒྱལ་མཚན་ལན་གསུམ་རང་མཆོད། །
  • ཚང་ཁའི་ཨམ་སྲུ་ཚུ།
    ཕར་ལ་གསེར་གྱི་ཟམ་པ་ཅིག་བཙུགས་ལ། །གསེར་གྱི་ཟམ་པ་འགྱུར་ལྡོག་མེད། །གསེར་གྱི་ཟམ་པ་འགྱུར་ལྡོག་མེད། །
  • ཚང་ཁའི་ཨམ་སྲུ་ཚུ།
    ཚུར་ལ་གཡུ་ཡི་ལྡུམ་ར་ཅིག་བཙུགས་ལ། །གཡུ་ཡི་ལྡུམ་རས་(ར་)རྒྱུན་ཆད་མེད། །གཡུ་ཡི་ལྡུམ་རས་(ར་)རྒྱུན་ཆད་མེད།། །།