Video Overview
An offering song to the protectors of Nyingma sect, to the significant local deities of Amdo, and to the local protector of Serdé area.
བསང་མཆོད་འདིའི་ནང་དུ་རྙིང་མའི་ལྷ་སྲུང་དང་བོད་མདོ་སྨད་ཀྱི་གཞི་བདག་རྩ་ཆེན་རྣམས། དེ་མིན་གསེར་རྡེའུ་ཡུལ་གྱི་ཡུལ་ལྷ་དག་ལ་མཆོད་པ་བྱས་ཡོད།
ངག་རྩོམ་འདི་ནི་མཆོད་པའི་ནང་གསེས་བསང་མཆོད་ཟེར་བ་དེ་ཡིན་ལ། ད་ལྟའི་སྲིད་འཛིན་ས་ཁུལ་དབྱེ་སྟངས་ཀྱི་ངོས་ནས་བཤད་ན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་། རྨེའུ་རུ་མའི་གསེར་རྡེའུ་ཡུལ་ཚོའི་བསང་མཆོད་ཅིག་རེད། ཡུལ་ཚོ་དེ་ནི་དགེ་ལུགས་པ་དང་རྙིང་མའི་གྲུབ་མཐའ་ལ་དད་པ་བྱེད་པའི་སྡེ་བ་ཞིག་ཡིན་པས། བསང་མཆོད་ཀྱི་ནང་དུ་དང་ཐོག་དགེ་ལུགས་པ་དང་རྙིང་མའི་ཆོས་སྐྱོང་སྲུང་མ་དང་ལྷ་ཚོགས་རྣམས་ལ་མཆོད་པ་བྱས་ཡོད་ལ། དེ་ནས་རིམ་བཞིན་བོད་ཁུལ་གྱི་གཞི་བདག་རྩ་ཆེན་རྣམས་དང་།མཇུག་ཏུ་ཡུལ་དེའི་ཡུལ་ལྷ་གཞི་བདག་རྣམས་གཙོ་བོ་བྱས་ཏེ་མཆོད་ཁ་བྱས་ཡོད་པ་ཞིག་རེད།
这是一首煨桑祝辞,主要通过煨桑的方式向尼玛派的保护神、安多地区的重要地方神灵及塞尔德地区的地方保护神做祷告。
这是一种煨桑祝词,叫做“清洁祭”的煨桑祷告仪式。这首民歌源自麦尔玛乡塞尔德村。这个村庄村民主要信奉藏传佛教的格鲁派和尼玛派。每当村民进行祈祷仪式的时候,他们首先向格鲁派和尼玛派的保护神做祷告,然后是向藏区重要的地方神灵,最后向当地保的护神和神灵做祷告。
- Meu Ruma
- Serdeu
- མཆོད། ཨཱོཾ་ཨ་ཧཱུྃ།ཨཱོཾ་ཨ་ཧཱུྃ།ཨཱོཾ་ཨ་ཧཱུྃ།
- རཾ་ཡཾ་ཁཾ།
- མཆོད་མགོ་གཅིག་གཉིས་གསུམ་བཞི་ལྔ་དྲུག་
- བདུན་བརྒྱད་དགུ་བཅུ་བཅུ་གཅིག་བཅུ་གཉིས་བཅུ་གསུམ་གྱི་རྩེ་མོ་ན།
- འོ་་་མཆོད་དང་པོ་ལ་ལྷ་བླ་མ་ཡི་དམ་བྱང་སེམས།
- དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ།
- ཡུལ་ལྷ་གཞི་བདག ནོར་ལྷ་གཏེར་བདག
- འོ་་་་ཁྱད་པར་དུ་དཔལ་ལྡན་སྐུ་ཡི་མགོན་པོ།
- གསུང་གི་མགོན་པོ། ཐུགས་ཀྱི་མགོན་པོ།
- ཡོན་ཏན་གྱི་མགོན་པོ། འཕྲིན་ལས་ཀྱི་མགོན་པོ།
- སྡེ་བརྒྱད་ཀྱི་མགོན་པོ།
- འོ་མགོན་པོའི་ལྷ་དམག་བྱེ་བ་དུང་ཕྱུར།
- ཤྲཱི་མཧཱ་ཀཱ་ལ། དུག་གསུམ་ནད་གྱི་སྨན་འདྲ།
- རིག་འཛིན་ཡོངས་ཀྱི་སྲོག་ཤིང་།
- འོ་་རྣལ་འབྱོར་ཀུན་གྱི་དགྲ་ལྷ།
- དབུས་ཀྱི་དེ་བ་མགོན་པོ། ཕྱི་ནང་གཉིས་ཀྱི་ཚོགས་བདག།
- འོ་་་འཇམ་དཔལ་སྐུ། པདྨ་གསུང་། ཡང་དག་ཐུགས།
- བདུད་རྩི་ཡོན་ཏན། ཕུར་བ་འཕྲིན་ལས།
- མ་མོ་འོད་སྦོད་གཏོང་། འཇིག་རྟེན་མཆོད་སྟོད།
- དམོད་པ་དྲགས་སྔགས་ཀྱི་ལྷ་ཚོགས་བཀའ་སྲུང་དམ་ཅན་རྒྱ་མཚོ།
- འོ་ཁྱད་པར་དུ་ས་བཅུ་བ་ཐོབ་པའི་སངས་རྒྱས་ཨ་མྱེས་རྨ་ཆེན་སྦོམ་ར།
- རྨ་ཆུ་དལ་མ་ལ་ཞལ་གཟིགས་ནས།
- རྨ་ཡུལ་གྲུབ་པའི་གཞི་བདག
- ཞིང་བོ་ཕ་བྲག་དང་བློན་པོ་དགེ་མཐོང་བྲག་དཀར།
- གཉེར་བ་འབྲེང་རྗེ་ཞལ་དཀར།
- ཨ་མཆོད་ཁ་སར་པ་ཎི།
- སྨུག་ཆུང་དགྲ་འདུལ་དབང་ཕྱུག
- འོ་སྟོད་ཀྱི་མངའ་རི་སྐོར་གསུམ།
- སྨད་ཀྱི་མདོ་ཁམས་སྒང་དྲུག སྲིད་པ་ཆགས་གྱི་ལྷ་དགུ།
- རོང་བོ་རྒྱལ་བོ་སྤུན་དགུ།
- འཛམ་གླིང་བརྟན་མ་བཅུ་གཉིས།
- འོ་་བོད་ཀྱི་མགུར་ལྷ་བཅུ་གསུམ།
- ཁྱད་པར་དུ་རྨ་རྗེ་གཡུང་དྲུང་ཕྱོགས་བཞི།
- ལྕགས་གཞུ་ལྕགས་མདའ་ཅན་ལ་སྟོང་དང་དགུ་བརྒྱའི་བདག་པོ།
- སྔགས་པ་ཕུར་དར་ཅན་ལ་སྟོད་དང་དགུ་བརྒྱའི་བདག་པོ།
- མགོ་གསེར་ཞྭ་ཅན་ལ་སྟོད་དང་དགུ་བརྒྱའི་བདག་པོ།
- ཀོ་བ་སྟོང་གི་བདག་པོ།
- ཀོ་གྲུ་འབུམ་གྱི་བདག་པོ།
- ཤར་གྱི་གཉན་པོ་གཡུ་རྩེ།
- གཉན་དམག་བརྒྱད་ཁྲི་བཞི་སྟོང་།
- མཚོ་དམག་སུམ་བརྒྱ་དང་དྲུག་ཅུ།
- ཡང་དམག་དགུ་ཁྲི་དགུ་འབུམ།
- ཤར་གྱི་སྒོ་སྲུང་ལྷ་ཡི་ཐོད་དཀར།
- ལྷོ་ཡི་སྒོ་སྲུང་དར་དཀར་ལྷིང་རྩེ།
- ནུབ་ཀྱི་སྒོ་སྲུང་རྫ་ཡི་གསེར་ཁྲབ།
- བྱང་གི་སྒོ་སྲུང་ཕ་བོང་གྲུ་བཞི།
- སྒོ་ཟུར་གཡས་ལྷ་གཡག་ཁམ་པ།
- སྒོ་ཟུར་གཡོན་ན་རྒྱ་སྟག་ཁྲ་བོ།
- མགོ་མི་འཆུག་གི་རྨོག་སྒར་བྱེད་དགོས།
- རྒྱབ་མི་འཆུག་གི་ཁྲབ་སྒར་བྱེད་དགོས།
- ས་མི་འཆུག་གི་ཟམ་པ་བྱེད་དགོས།
- རྐང་མི་འཆུག་གི་རྟ་ཕོ་བྱེད་དགོས།
- ལས་ཅི་བསམ་གྱི་དོན་འགྲུབ་དགོས།
- ཅི་འདོད་ཀྱི་རྩེ་ཟིན་དགོས།
- བསམ་པ་ལམ་དུ་འགྲོ་དགོས།འདོད་པ་ལག་ཏུ་ཡོང་དགོས།
- མང་མང་ནང་གི་དགེ་དང་འཕྲད་དགོས།
- ཉུང་ཉུང་ནང་གི་དོན་དང་འཕྲད་དགོས།
- ས་འདི་ལ་གནས་པའི་ས་བདག
- ཡུལ་འདི་ལ་གནས་པའི་ཡུལ་བདག
- གངས་རི་དཀར་ལ་གནས་པ།
- བྲག་རི་ནགས་ལ་གནས་པ། འབབ་པ་ཆུ་ལ་གནས་པ།
- འགྲོ་བ་ལམ་ལ་གནས་པའི་རྩྭ་ཆུ་ཤིང་གསུམ་གྱི་བདག་པོ།
- ལྷ་ཀླུ་དགེ་བསྙེན་མཐུ་བོ་ཆེ།
- ཁ་འཛིན་གྱི་གནམ་ལྷ་དཀར་པོ།
- གདུང་གྲོགས་ཀྱི་ཡུལ་ལྷ་དྲག་རྩལ།
- རྒྱབ་རྟེན་གྱི་གླིང་རྗེ་གེ་སེར་རྒྱལ་བོ།
- འོ་ཁྱེད་རྣམས་ཀྱི་ཞལ་དུ་
- གཙང་མ་ཕུད་ཀྱི་བསང་མཆོད་རྒྱ་ཆེན་པོ་འདི་མཆོད།
- ཨཱོཾ་ཨ་ཧཱུྃ། རཾ་ཡཾ་ཁཾ། ཨཱོཾ་ཨ་ཧཱུྃ། ཨཱོཾ་ཨ་ཧཱུྃ།