Video Overview
This is an offering song to the protectors of Gelukpa monasteries, the main deities of Amdo, and the local deity of Arjong village.
བསང་མཆོད་འདིའི་ནང་དུ་དགེ་ལུགས་པའི་ལྷ་སྲུང་དང་བོད་མདོ་སྨད་ཀྱི་གཞི་བདག་རྩ་ཆེན་རྣམས་དང་།ཨ་ལྗོངས་སྡེ་བའི་ཡུལ་ལྷ་དག་ལ་མཆོད་པ་བྱས་ཡོད།
ངག་རྩོམ་འདི་ནི་མཆོད་པའི་ནང་གསེས་བསང་མཆོད་ཟེར་བ་དེ་ཡིན་ལ། ད་ལྟའི་བོད་ཀྱི་སྲིད་འཛིན་ས་ཁུལ་གྱི་དབྱེ་སྟངས་ཀྱི་ངོས་ནས་བཤད་ན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་། ལོ་རྟ་ཡུལ་ཚོའི་ཨ་ལྗོངས་སྡེ་བའི་བསང་མཆོད་ཅིག་རེད། སྡེ་བ་དེ་དགེ་ལུགས་པའི་གྲུབ་མཐའ་ལ་དད་པ་བྱེད་པའི་སྡེ་བ་ཞིག་ཡིན་པས་བསང་མཆོད་ཀྱི་ནང་དུ་དང་ཐོག་དགེ་ལུགས་པའི་ཆོས་སྐྱོང་སྲུང་མ་དང་ལྷ་ཚོགས་རྣམས་ལ་མཆོད་པ་བྱས་ཡོད་ལ། དེ་ནས་རིམ་བཞིན་བོད་ཁུལ་གྱི་གཞི་བདག་རྩ་ཆེན་རྣམས་དང་། མཇུག་ཏུ་རང་ཡུལ་གྱི་ཡུལ་ལྷ་གཞི་བདག་རྣམས་གཙོ་བོ་བྱས་ཏེ་མཆོད་ཡོད་པ་ཞིག་རེད།།
这是一首煨桑之歌,主要向格鲁派护法神、安多地区的土地神及阿君村的保护神祈祷。
这是一首叫做“清洁祭”的煨桑之歌,这首煨桑之歌出自四川省阿坝州阿坝县洛尔达乡阿君村。这个村庄信奉藏传佛教格鲁派,他们煨桑时首先祈祷格鲁派的护法神及神灵,然后向藏区的重要地方神灵做祈祷,最后向当地的保护者神及神灵祈祷。
- མཆོད། ཨཱོཾ་ཨ་ཧཱུྃ།ཨཱོཾ་ཨ་ཧཱུྃ།ཨཱོཾ་ཨ་ཧཱུྃ།
- རཾ་ཡཾ་ཁཾ།
- འོ་་་མཆོད་འགོས་ཀྱི་དང་པོ་གཅིག་གཉིས་གསུམ་བཞི་ལྔ་དྲུག་
- བདུན་བརྒྱད་དགུ་བཅུ་བཅུ་གཅིག་བཅུ་གཉིས་བཅུ་གསུམ།
- དང་པོ་ལྷ་བླ་མ་ཡི་དམ་སང་རྒྱས་བྱང་སེམས།དཔའ་བོ།
- མཁའ་འགྲོ་བསྟན་སྲུང་རྒྱ་མཚོའི་ཚོགས།
- སྤྱི་དང་ཁྱད་པར་དུ་མྱུར་འཛིན་ཡི་ཤེས་ཀྱི་མགོན་པོ།
- ཕྱག་དྲུག་པ་མགོན་དཀར་ཡིད་བཞིན་གྱི་ནོར་བུ། མགོན་པོ་ཀུར་ཞལ་བེར་གསུམ།
- མགོན་པོ་ཚོགས་ཀྱི་བདག་པོ།
- མགོན་པོའི་ལྷ་དམག་བྱེ་བ་དུང་ཕྱུར་གྱི་ཞལ་དུ།
- མཆོད།
- གཞན་ཡང་དམ་ཅན་ཆོས་ཀྱི་རྒྱལ་པོ།
- ཡབ་ཡུམ་དགྲ་སྲོག་གཅོད་མགོན་པོའི་ཚོགས་དང་བཅས་པ་རྣམས།
- མ་ཅིག་འདོད་པའི་ཁམས་ལྷ་དབང་འབྱོར་ཞིང་།
- དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་དུང་ཕྱུར་གཉིས་དང་།
- ཚེ་རིང་མཆེད་ལྔ། བརྟན་མ་བཅུ་གཉིས་སོགས།
- མོ་རྒྱུད་སྲུང་མའི་ཚོགས་རྣམས་དང་།
- སྟོང་གསུམ་ནོར་གྱི་བདག་པོ།
- རྒྱལ་ཆེན་རྣམས་མང་ཐོས་སྲས། ཆོས་སྐྱོང་ལྕམ་སྲིང་བག་ཙེ།
- བསྟན་སྲུང་བསམ་པའི་ཚོས་སྐྱོངས་རྣམས་ཀྱི་ཞལ་དུ་མཆོད།
- འཛམ་གླིང་དབུ་ཡི་བདག་པོ། རྒྱལ་ཆེན་རྡོ་རྗེ་སྐུ་ལྔ།
- ལྷ་ཆེན་ཚངས་པ་དཀར་པོ་དུང་གི་ཐོད་གཙུག་ཅན།
- སྐུ་འཁོར་བྱེ་བ་འབུམ་གྱི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད།
- གཞན་ཡང་དམ་ཆེན་རྡོ་རྗེ་ལེགས་པ།
- གཟའ་རྒོད་ཁྱབ་འཇུག་གི་མིང་།སློབ་དཔོན་པདྨའི་བཀའ་སྲུང་།
- སྤྱི་དང་ཁྱད་པར་དུ་གྲུབ་མཆོག་སྐྱེས་བུ་དམ་པ་རོང་བོའི་མཁས་གྲུབ་ཆེན་པོ།
- སྐྱབས་མགོན་རྡོ་རྗེ་འཆང་གིས་བཀུར་བའི་སྐུ་ཡི་བཀའ་སྲུང་ཆེན་མོ་ནོར་བདག་ཀརྨ་བཛུ།
- སྲོག་བདག་རྡོར་རྗེ་དཔལ་རྩལ།
- སྐུ་གསུང་ཐུགས་ཀྱི་ཡང་སྤྲུལ་རྣམས་ཀྱི་བཀའ་ངན་འཁོར་ཚོགས་ཀྱི་
- ཉི་ཟེར་གྱི་ཚུལ་དུ་འཁྲིགས་པ་རྣམས་ཀྱི་ཞལ་དུ་མཆོད།
- འཛམ་བུ་གླིང་གི་གཞི་བདག
- འཛམ་གླིང་སྐྱོང་བའི་གཙོ་བོ།
- ས་བཅུ་བ་ཐོབ་པའི་སང་རྒྱས་ཨ་མྱེ་རྨ་རྒྱལ་སྦོམ་ར།
- ཡུམ་ཆེན་གང་མང་དང་སྲས་དང་སྲས་མོ་བཅོ་བརྒྱད།
- ཕྱོགས་བཞིའི་བློན་ཆེན་སྡེ་བརྒྱད།
- སྡེ་དཔོན་ལྔ་བརྒྱ།
- ཚང་མའི་གནས་སྲུང་མ་རྣམས་ཀྱི་ཞལ་དུ་མཆོད།
- རྨ་རྒན་མ་གཏེར་གྱི་བདག་པོ།
- རྨ་གཡང་ཕྱུག་མོ།
- རྨ་ཆུ་དར་མ།
- རྨ་ཡུལ་སྟོད་ཀྱི་རྩེ་ལྷ་བཅུ་གསུམ།
- རྨ་སྨད་ཀྱི་མགོན་ལྷ་བཅུ་གསུམ།
- ཁྱེད་རྣམས་ཀྱི་ཞལ་དུ་གཙང་མ་ཕུད་ཀྱི་ཇ་ཕུད་རྒྱ་ཆེན་པོ་འདི་མཆོད།
- ཁྱད་པར་དུ་ས་བརྒྱད་ཐོབ་པའི་སེམས་དཔའ་གཞི་བདག གཉན་པོ་གཡུ་རྩེ།
- བཙུན་མོ་ལྷ་གཡང་སྒྲོལ་མ།
- ཤར་གྱི་སྒོ་སྲུང་ལྷ་ཡི་ཐོད་དཀར།
- ལྷོ་ཡི་སྒོ་སྲུང་དར་དཀར་ལྷིང་རྩེ།
- ནུབ་ཀྱི་སྒོ་སྲུང་རྫ་ཡི་གསེར་ཁྲབ།
- བྱང་གི་སྒོ་སྲུང་ཕ་བོང་གྲུ་བཞི
- སྒོ་ཟུར་གཡས་ན་ལྷ་གཡག་དཀར་པོ་།
- སྒོ་ཟུར་གཡོན་ན་རྒྱ་སྟག་དམར་པོ།
- གཉན་དམག་བརྒྱད་ཁྲི་བཞི་སྟོང་།
- མཚོ་སྨད་སུམ་བརྒྱ་དང་དྲུག་ཅུ།
- ཡང་སྨད་ཉིས་ཁྲི་དགུ་འབུམ།
- ནུབ་ཕྱོགས་ཀྱི་སྐུ་ལྷ་བཅུ་གསུམ།
- ཤར་ཕྱོགས་ཀྱི་གཉན་པོ་གཡུ་རྩེ།
- ཁྱེད་རྣམ་གྱི་ཞལ་དུ་མཆོད།
- ཁྱད་པར་དུ་རང་ཡུལ་གྱི་སྐྱེས་ལྷ།
- ལེགས་སྐྱོང་བཞི་ཡི་བདག་པོ་བྲག་རལ་ཅན།
- མདུན་དུ་ཡུམ་ཆེན་པདྨ་བཞིན་ལེགས།
- སྲས་མཆོག་ནོར་བུ་དཔལ་འབར།
- ཕྱི་བློན་ནག་པོ་བཙན་བདུན་དྲེགས་པའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད།
- གཡས་སུ་བཙན་རྒོན་དྲགས་ཤུལ་ཐོགས་མེད་བཙན་བདུན་དང་རུ་གཙོ
- ་དང་་བཅས་པ་རྣམས་ཀྱི་ཞལ་དུ་མཆོད།
- གཡོན་དུ་རྟ་ནག་རླུང་གི་ཤུགས་ལྡན་ཀྱི་སྟེང་དུ་
- མྱུར་མགྱོགས་སྟོབས་དང་ལྡན་པ་བླ་རྒོད་གཟི་བརྗིད་རྔམ་པ།
- མདུན་དུ་ལྷ་གཉེར་སྐུ་ལ་འོད་ལྡན་གནས་བདག་
- འབྱུང་བོའི་རིགས་སུ་གྱུར་བ་རྣམས་ཀྱི་ཞལ་དུ་མཆོད།
- གསེར་ཁྲི་བང་རིམ་གསུམ་གྱི་ཐོག་ན་ཁྱད་པར་དུ་
- ཤར་གྱི་བཀའ་སྟོད་ཆེན་པོ་དགྲ་ལྷ་དབང་ལྡན།
- ཡུམ་ཆེན་ཀླུ་མོ་རབ་དཀར་དུས་དཀྲིས་ཅན།
- བློན་ཆེན་ཤན་པ་དམར་ནག
- ལྷ་ཀླུ་གཉན་དམག་ཁྲི་འབུམ་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད།
- གཞན་ཡང་ཀིརྟིའི་རྒྱལ་ཆེན་རྡོ་རྗེ་འཆང་གི་བསྒོས་པའི་བཀའ་སྲུང་ཆེན་མོ་
- གཉན་པོ་སྟག་སྙིང་གཡུ་རྩེ་
- ཁྱེད་རྣམས་ཀྱི་ཞལ་དུ་གཙང་མ་ཕུད་ཀྱི་བསང་མཆོད་
- རྒྱ་ཆེན་པོ་འདི་མཆོད།
- འོ་་་་་གྲྭ་ས་སེ་འབྲས་དགེ་གསུམ་གྱི་
- བསྟན་པའི་སྲུང་མ་གནས་ཆུང་རྒྱལ་བོ་སྐུ་ལྔ།
- མ་ཅིག་དཔལ་ལྡན་ལྷ་མོ། ཨ་མ་བསྟན་སྐྱོངས་རྒྱལ་མོ།
- སྟག་པགས་ཆོས་ཀྱི་རྒྱལ་པོ།
- དགའ་ལྡན་ཆོས་རྒྱལ་རང་བྱོན།
- འབྲས་སྤུང་འཇིག་བྱེད་རང་བྱོན།
- སེར་རའི་རྟ་མགྲིན་རང་བྱོན།
- ཁྱེད་ཞལ་དུ་གཙང་མ་ཕུད་ཀྱི་བསང་མཆོད་རྒྱ་ཆེན་པོ་འདི་མཆོད།