Skip to main content Skip to search
07 Jun 2018
11 min 3 sec
Video Overview
Creators: 
penchela

The local song and dance performed by the women of Balung village was recorded during the annual archery  festival called Lodha.  This particular dance was performed in the temple to invoke peace and prosperity in the community. The song also invites the deities to witness the archery match. The lyrics of the song are similar to a song that was sung by Ap Dorji during the same event, but while the women perform in the temple, the males perform it later after the match. 

༉  དར་དཀར་ན་རྫོང་ཁག་ བ་ལུང་གཡུས་ཚན་གྱི་ཨམ་སྲུ་ཚུ་གིས་རྐྱབ་མི་ཞབས་བྲོ་འདི་ བ་ལུང་གཡུས་ཚན་ནང་ ལོ་ལྟར་གྱི་ལོ་མདའ་རྐྱབ་པའི་སྐབས་ སྒྲ་བཟུང་འབད་འབདཝ་ཨིནམ་ད་ ང་བཅས་ར་ དུས་ནམ་ར་ཨིནརུང་ ཕྱོགས་མདའ་རྐྱབ་པའི་སྐབས་སུ་ ཨམ་སྲུ་ཚུ་གིས་ གོ་ལ་གཟབ་སྤྲོས་རྡིག་གྱོན་ཞིནམ་ལས་ འབའ་སྐྱོར་ནང་ཐོན་ཏེ་ཞབས་བྲོ་རྐྱབ་ནི་འདི་ ལམ་སྲོལ་བཟང་པོ་ཅིག་ཨིན། ད་ལྟོའི་ཞབས་བྲོ་འདི་ གཡུས་སྒོ་ནང་ཞི་བདེ་དང་དགའ་སྐྱིད་འབྱུང་ཐབས་ལུ་ གཡུས་ལྷ་ཆོས་སྐྱོང་སྲུང་མ་ཚུ་ལུ་ གསོལཝ་བཏབ་ནིའི་དོན་ལུ་དང་ ཁོང་ཆ་ཁྱབ་ ལོ་མདའ་གཟིགས་པར་འབྱོན་གནང་ ཟེར་སྤྱན་འདྲེན་འབདཝ་ཨིན་མས།

Transcript search
No results found for this search
0 of 0
  • བ་ལུང་གི་ཨམ་སྲུ་ཚུ་
    Ladies of Balung: གསུང་གི་མཆོད་པ་འབུལ་ལོ་དཀོན་མཆོག་གསུམ་ལ། ཨེ་་་་་་་་་་་་། གནམ་འཁོར་ལོ་རྩིབས་བརྒྱད་སྤུབས་པའི་གཞོལ། ཨེ་་་་་་་་་་་་། ས་འདི་པདྨ་འདབ་བརྒྱད་ཐིང་མི་ནང་ལ། ཨེ་་་་་་་་་་་་། བར་བཀྲ་ཤིས་རྟགས་བརྒྱད་ཚངས་པའི་དབྱངས། ཨེ་་་་་་་་་་་་། A..A.......... གསུང་ནི་ཚངས་པའི་དབྱངས་ལས་གསུང་ཞུ་དགོས་ལ། ཨེ་་་་་་་་་་་་།
  • བ་ལུང་གི་ཨམ་སྲུ་ཚུ་
    Ladies of Balung: ཉིནམ་ཁ་ཙ་ཉིན་མོ་དཔལ་ཨིན་ལ། ཨེ་་་་་་་་་་་་། ཉིནམ་འདི་ད་རིས་ཉིན་མོ་འབྲུག་ཨིན་ལ། ཨེ་་་་་་་་་་་་། དཔལ་འབྲུག་མཆོག་དཔལ་གྱི་ཉི་མ་ལུ། ཨེ་་་་་་་་་་་་། ཡ་ནི་ཡར་ལ་དཀར་པོའི་ལྷ་གསོལ་དགོས་ལ། ཨེ་་་་་་་་་་་་། མར་ལ་ནག་པོའི་སྲི་གནོན་དགོས། ཨེ་་་་་་་་་་་་།
  • བ་ལུང་གི་ཨམ་སྲུ་ཚུ་
    Ladies of Balung: བར་ནི་བར་ལས་ཕྱྭ་དང་གཡང་ཁུག་དགོས་ལ། ཨེ་་་་་་་་་་་་། ནཱ་ཕྱི་གི་དར་དཀར་ལུང་གསུམ་ན། ཨེ་་་་་་་་་་་་། ན་ནི་སྐོར་གྱི་བ་ལུང་གདང་རས་ལུ་ལ། ཨེ་་་་་་་་་་་་། ལོ་ན་ཧིང་ཟེར་ཏེ་མ་ཧ་ལ། ཨེ་་་་་་་་་་་་། ལོ་ནི་དུས་ཅི་ཟེར་ཏེ་མ་ཕྱི་དགོ་ལ། ཨེ་་་་་་་་་་་་། ལོ་དུས་ཞག་གི་མཆོད་པ་བཞེས་ལ། ཨེ་་་་་་་་་་་་།
  • བ་ལུང་གི་ཨམ་སྲུ་ཚུ་
    Ladies of Balung: ཡར་ནི་བོད་ཁམས་དག་པའི་ཞིང་ཁམས་ལས་ལ། ཨེ་་་་་་་་་་་་། བོད་ཀྱི་གངས་ཆེན་[བརྒྱད་?]ཀྱི་ཆོས་སྲུང་བྱོན་ལ། ཨེ་་་་་་་་་་་་། ད་ནི་བྱོན་ཅིག་བྱོན་ཅིག་ངེའི་ཆོས་སྲུང་ལ། ཨེ་་་་་་་་་་་་། དུས་གཏན་ཀྱང་ག་བཞུགས་གུ་བཞུགས་རུང་། ཨེ་་་་་་་་་་་་།
  • བ་ལུང་གི་ཨམ་སྲུ་ཚུ་
    Ladies of Balung: ཉིནམ་འདི་ད་རིས་ཞུ་བའི་སྟེང་ལུ་བྱོན་ལ། ཨེ་་་་་་་་་་་་། ཉིམ་སུ་ཉི་མའི་རེ་ཐོག་ལས། ཨེ་་་་་་་་་་་་། ད་ནི་ཕྱྭ་དང་ཧུ་གི་སྟེང་ལུ་བྱོན་ལ། ཨེ་་་་་་་་་་་་། སྐྱེས་པའི་སྐྱེས་བུ་མདའ་ཁ་གནང་ས་བྱོན། ཨེ་་་་་་་་་་་་། ད་ནི་སྐྱེས་པའི་མདའ་ཁ་གཟིགས་པར་བྱོན་ལ། ཨེ་་་་་་་་་་་་།
  • བ་ལུང་གི་ཨམ་སྲུ་ཚུ་
    Ladies of Balung: ངེའི་སྐྱེས་པ་དམག་འཁྲུགས་ཞུགས་མ་བཅུག ཨེ་་་་་་་་་་་་། ད་འདི་ནུབ་སུ་ནུབ་མོའི་རེ་ཐོག་ལུ་ལ། ཨེ་་་་་་་་་་་་། སྤོས་དང་དཀར་མེའི་སྟེང་ལུ་བྱོན། ཨེ་་་་་་་་་་་་། ད་ནི་ཟ་མོའི་གསུང་ལ་བསྡུར་ས་བྱོན་ལ། ཨེ་་་་་་་་་་་་། ངེའི་གསུང་ལ་ལྷག་ཆད་མ་ཞུགས་ལ། ཨེ་་་་་་་་་་་་།
  • བ་ལུང་གི་ཨམ་སྲུ་ཚུ་
    Ladies of Balung: ལོ་འདི་ན་ཧིང་ཟེར་ཏེ་མ་གོ་ལ། ཨེ་་་་་་་་་་་་། ལོ་དུས་ཅི་ཟེར་ཏེ་མ་ཕྱི་ལ། ཨེ་་་་་་་་་་་་། ད་ནི་ལོ་དུས་ཞག་གི་མཆོད་པ་བཞེས་ལ། ཨེ་་་་་་་་་་་་། ཆེ་བ་ཆེ་སྲི་མ་བཏང་ཞུ་ལ། ཨེ་་་་་་་་་་་་། ད་ནི་ཆུང་མ་ཆུང་སྲི་མ་བཏང་ཞུ་ལ། ཨེ་་་་་་་་་་་་།
  • བ་ལུང་གི་ཨམ་སྲུ་ཚུ་
    Ladies of Balung: དགྲ་སྲི་ཕུང་སྲི་[ཤ་ཁྱི།?] ཨེ་་་་་་་་་་་་། ད་ནི་ཆེ་སྲི་ཆུང་སྲི་སྤྱན་གྱིས་གཟིགས་ལ། ཨེ་་་་་་་་་་་་། རྒས་པ་རྣམས་སུ་ཚེ་བསྲིང་ཤོག ཨེ་་་་་་་་་་་་། ད་ནི་གཞོན་པ་རྣམས་སུ་དཔལ་ཐོབ་ཤོག་ལ། ཨེ་་་་་་་་་་་་། དཔལ་འདི་ཕུན་སུམ་ཚོགས་པའི་སྨོན་ལམ་ཞུ་ལ། ཨེ་་་་་་་་་་་་།
  • བ་ལུང་གི་ཨམ་སྲུ་ཚུ་
    Ladies of Balung: གནས་འདི་ར་ལུང་གནས་ཀྱི་གདན་ས་ལས་ལ། ཨེ་་་་་་་་་་་་། གནས་ཀུན་ཏུ་གི་བཟང་པོ་འདི་རིང་བྱོན་ལ། ཨེ་་་་་་་་་་་་། གནས་འདི་གཏན་ཀྱང་ག་བཞུགས་གུ་བཞུགས་རུང་ལ། ཨེ་་་་་་་་་་་་། ཉིནམ་འདི་ད་རིས་ཞུ་བའི་སྟེང་ལུ་བྱོན་ལ། ཨེ་་་་་་་་་་་་། ཐུགས་འདི་སད་དང་སེར་བ་འཁྱེར་ནས་བྱོན་ལ། ཨེ་་་་་་་་་་་་།
  • བ་ལུང་གི་ཨམ་སྲུ་ཚུ་
    Ladies of Balung: ད་འདི་བཙའ་དང་མུ་གེ་[རྒོད་ཁ་སློག?] ཨེ་་་་་་་་་་་་། ད་ནི་ཉིམ་སུ་ཉི་མའི་རེ་ཐོག་ལས། ཨེ་་་་་་་་་་་་། ད་ནི་ཕྱྭ་དང་ཧུ་གི་སྟེང་ལུ་བྱོན་ལ། ཨེ་་་་་་་་་་་་། ད་ནི་སྐྱེས་བུ་ཕྱག་མདའ་གནང་ས་བྱོན་ལ། ཨེ་་་་་་་་་་་་།