Video Overview
༉ ང་བཅས་ར་འབྲུག་རྒྱལ་ཁབ་འདི་སྔོན་དང་ཕུ་ལས་ར་ནང་པ་སངས་རྒྱས་པའི་ཆོས་དར་བའི་རྒྱལ་ཁབ་ཅིག་འབདཝ་ལས་ང་བཅས་རའི་གླུ་གཞས་གཞུང་སྒྲ་དང་བོད་སྒྲ་ཚུ་མང་ཤོས་ཅིག་དམ་པའི་ཆོས་ཀྱི་རང་བཞིན་ལུ་གཞི་བཞག་སྟེ་སྦེ་བརྩམས་ཡོདཔ་ད་ཏེ་ད་ལྟོ་ལྷུན་རྩེ་རྫོང་ཁག་ཀུར་སྟོད་རྒེད་འོག་ཟིམ་སྤོངས་ལས་སེངྒེ་བཟང་མོ་གིས་འཐེན་མི་གླུ་གཞས་དེ་ཡང་རྗེ་བོ་ཟེར་གཙོ་བོ་གི་དབུ་ལུ་མེ་ཏོག་སྤྱན་ལུ་དཀར་མེ་གཤང་ལུ་སྤོས་ཀྱི་མཆོད་པ་ཚུ་ཕུལ་བའི་བསོད་ནམས་ཀྱིས་འབད་རང་ཡང་རྗེ་བོའི་དབུ་དང་སྤྱན་གཤང་ལ་སོགས་པའི་གནས་ལུ་འགྱུར་ཏེ་ཚེ་རབས་རྟག་ཏུ་མེ་ཏོག་དང་སྤོས་ལ་སོགས་པའི་མཆོད་པ་ཚུ་ཕུལ་ནི་ཨིན་མས།
- Dungkar
- སེངྒེ་བཟང་མོ་ Singye Zangmoམེ་ཏོག་མི་ཕུལ་མེ་ཏོག་ཕུལ། །མེ་ཏོག་རྗེ་བོའི་དབུ་ལ་རང་ཕུལ། །མེ་ཏོག་རྗེ་བོའི་དབུ་ལ་རང་ཕུལ། །Thought of not offering flower, Flower offered to the lord’s head.
- སེངྒེ་བཟང་མོ་ Singye Zangmoརྗེ་བོའི་དབུ་ལ་གནས་འགྱུར་ན། །ཚེ་རབས་རྟག་ཏུ་མེ་ཏོག་རང་ཕུལ། །ཚེ་རབས་རྟག་ཏུ་མེ་ཏོག་རང་ཕུལ། །If it is abode on lords head, Will offer flowers forever.
- སེངྒེ་བཟང་མོ་ Singye Zangmoབདུག་སྤོས་མི་ཕུལ་བདུག་སྤོས་ཕུལ། །བདུག་སྤོས་རྗེ་བོའི་གཤང་ལ་རང་ཕུལ། །བདུག་སྤོས་རྗེ་བོའི་གཤང་ལ་རང་ཕུལ། །Thought of not offering incense, Incense offered to the lord’s nose.
- སེངྒེ་བཟང་མོ་ Singye Zangmoརྗེ་བོའི་གཤང་ལ་གནས་འགྱུར་ན། །ཚེ་རབས་རྟག་ཏུ་བདུག་སྤོས་རང་ཕུལ། །ཚེ་རབས་རྟག་ཏུ་བདུག་སྤོས་རང་ཕུལ། །If abode in lords nose, Will offer incense forever.
- སེངྒེ་བཟང་མོ་ Singye Zangmoམར་མེ་མི་ཕུལ་མར་མེ་ཕུལ། །མར་མེ་རྗེ་བོའི་སྤྱན་ལ་རང་ཕུལ། །མར་མེ་རྗེ་བོའི་སྤྱན་ལ་རང་ཕུལ། །Thought of not offering butter lamp, Butter lamp offered in front of lords eye.
- སེངྒེ་བཟང་མོ་ Singye Zangmoརྗེ་བོའི་སྤྱན་ལ་གནས་འགྱུར་ན། །ཚེ་རབས་རྟག་ཏུ་མར་མེ་རང་ཕུལ། །ཚེ་རབས་རྟག་ཏུ་མར་མེ་རང་ཕུལ། །If abode lords eye, Will offer butter lamp forever.
- སེངྒེ་བཟང་མོ་ Singye Zangmoལགས་སོ་ལགས།། །།Thank you, this is all.