Skip to main content Skip to search
21 Jun 2018
2 min 34 sec
Video Overview
Creators: 
Duptho, Sonam Chophel

Yeshi Choden of Radhi Gewog, Tashigang sings an old boedra song entitled Lugar Dangpa Maphuel Dangpaphuel (Offering the First Song and Dance). This song is a dance offering made to the three realms: the upper realm of Gods, middle realms of deities, and lower realms of Nagas. Three dances are offered to each respective realm. The song and dance are performed in a circular formation, with around five to twenty dancers. The composer and origin of the song are unknown.

 

བཀྲིས་སྒང་རྫོང་ཁག་ རདྷི་རྒེད་འོག་ལས་ ཡེ་ཤེས་ཆོས་སྒྲོན་གྱིས་ གླུ་གར་དང་པ་མ་འཕུལ་དང་པ་ཕུལ་ འབོད་སྒྲ་རྙིང་ཤོས་ འདི་འཐེན་ཡོདཔཨིན། གླུ་གཞས་འདི་ཡང་ སྲིད་པ་གསུམ་ལུ་འཕུལཝ་ཨིན་མས་ དེ་ཡང་ དང་པ་ར་སྟེང་ལྷའི་སྲིད་པ་ གཉིས་པ་བར་མིའི་སྲིད་པ་དང་ གསུམ་པ་འོག་ཀླུའི་སྲིད་པ་ ལུ་ཕུལཝ་ཨིན་མས། ཞབས་ཁྲ་འདི་བོད་སྒྲ གཅིག་འབདཝ་ལས་ ཞབས་ཁྲ་འདི་ མི་ལྔ་དང་ཉི་ཤུ་བར་ན་ སྒོར་སྒོམས་འབད་ ཁྲབ་སློལ་ཡོདཔ་ཨིན།  ཞབས་ཁྲ་འདི་གི་རྩམ་པ་པོ་དང་ དའི་འབྱུང་ཁུངས་འདི་ ངོས་བཟུང་མེདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • སྐལ་བཟང་ Kelzang
    གླུ་གར་དང་པ་མ་ཕུལ་དང་པ་ཕུལ། །གླུ་གར་དང་པ་སྟེང་ཕྱོགས་(ལ)ལྷ་ལ་ཕུལ། །
  • སྐལ་བཟང་ Kelzang
    གླུ་གར་གཉིས་པ་མ་ཕུལ་གཉིས་པ་ཕུལ། །གཉིས་པ་བར་ཕྱོགས་བཙན་ལ་(ལ)ཕུལ་ཤོག །(གླུ་གར་གཉིས་པ་བར་ཕྱོགས་ལ་བཙན་ལ་ཕུལ། །) མི་ལ་རྒུད་ཆ་མེད་པའི་བཀྲིས་ཤོག །ལུས་ལ་[རྐྱན་རྟོག་?]མེད་པའི་བཀྲིས་ཤོག །
  • སྐལ་བཟང་ Kelzang
    གླུ་གར་གསུམ་པ་མ་ཕུལ་གསུམ་པ་ཕུལ། །གླུ་གར་གསུམ་པ་འོག་ཕྱོགས་(ལ)ཀླུ་ལ་ཕུལ། །འོག་ཐོག་ནོར་གྱིས་གང་བ་བཀྲིས་ཤོག །ནོར་ལ་རྒུད་ཆ་མེད་པ་(ལ)བཀྲིས་ཤོག །
  • སྐལ་བཟང་ Kelzang
    འ་ནཱི་ཅིག་ ཚིག་གསུམ་རང་ཨིན་ལགས། ང་བཅས་དང་ཕུ་ཞབས་ཁྲ་ག་དེམ་ཅིག་རྐྱབ་རུང་ བཀྲིས་འ་ནཱི་སྦེ་རང་ཕབ་འོང་ བཀྲིས་གསརཔ་ཟེར་མི་འདི་ ཕབ་རང་མི་ཕབ་བཀྲིས་ འ་ནཱི་སྦེ་ཨིན། ད་འདི་རེ་རེ་གིས་བློ་གྲོས་བཏོན་ཏེ་ཕབ་མས་བ། དང་ཕུ་འདི་ཞབས་ཁྲ་ག་ཅི་བཟུམ་རང་རྐྱབ་ཅི་ང་བཅས།། །།