Skip to main content Skip to search
20 Jun 2018
2 min 57 sec
Video Overview
Creators: 
Duptho, Sonam Chophel

“Lugar Dangpa Maphuel” (Offering the First Song) is sung in this video by Yeshi Choden from Radhi village in Trashigang. This particular song is usually sung at the end of celebrations for the sake of auspiciousness. The lyrics talk about offering the first, second and third songs to the gods in the heavens, the tsen spirits on earth, and the serpent spirits (nagas) below, respectively.

 

གླུ་གཞས་གླུ་གར་དང་པ་མི་ཕུལ་དང་པ་ཕུལ་ཟེར་མི་འདི་ བཀྲིས་སྒང་རྫོང་ཁག་ ར་དྷི་གཡུས་ཚན་ལས་ ཡེ་ཤེས་ཆོས་སྒྲོན་གྱི་འཐེནམ་ཨིན་མས། ཏེ་གླུ་གཞས་འདི་གཙོ་བོ་ར་ ང་བཅས་རའི་ རྟེན་འབྲེལ་བརྩི་སྲུང་རེ་འབད་བའི་མཇུག་ལུ་ རྟེན་འབྲེལ་གྱི་ཆེ་བ་ལུ་དགོངས་ཏེ་ གླུ་གར་དང་པ་ གཉིས་པ་གསུམ་པ་སྦེ་ སྟེང་ལྷ་ བར་བཙན་དང་ འོག་ཀླུ་འདི་ཚུ་ལུ་ གླུའི་མཆོད་པ་ཕུལཝ་ཨིན་མས། 

 

Transcript search
No results found for this search
0 of 0
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    གླུ་གར་དང་པ་མ་ཕུལ་དང་པ་ཕུལ། །གླུ་གར་དང་པ་སྟེང་ཕྱོགས་(ལ་)ལྷ་ལ་ཕུལ། །སྟེང་ཐོག་(ལ་)འབྲུ་གིས་གང་བ་(བའི་)བཀྲིས་ཤོག །གང་ལ་གང་དུ་(གང་ལ་གང་ཤོར་)མེད་པ་(ལ་)གཡང་ཆགས་ཤོག །
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    གླུ་གར་གཉིས་པ་མ་ཕུལ་གཉིས་པ་ཕུལ། །གླུ་གར་གཉིས་པ་བར་ཕྱོགས་(ལ་)བཙན་ལ་ཕུལ། །བར་ཐོག་(ལ་)མི་གིས་གང་བ་(བའི་)བཀྲིས་ཤོག །མི་ལ་འགལ་རྐྱེན་མེད་པ་(ལ་)གཡང་ཆགས་ཤོག །
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    གླུ་གར་གསུམ་པ་མ་ཕུལ་གསུམ་པ་ཕུལ། །གླུ་གར་གསུམ་པ་འོག་ཐོག་(ལ་)ཀླུ་ལ་ཕུལ། །འོག་ཐོག་(ལ་)ནོར་གྱིས་གང་བ་(བའི་)བཀྲིས་ཤོག །ནོར་ལ་ཤོར་བ་མེད་པ་(ལ་)གཡང་ཆགས་ཤོག །ནོར་ལ་ཤོར་བ་མེད་པ་(ལ་)གཡང་ཆགས་ཤོག། །།