Video Overview
Sangay Choden from Radhi Gewog, Tashigang, sings an old Zhungdra song entitled Zheytro Yarchoe (Offering Alcohol). This is said to be an old zhungdra song, and its composer is unknown. The song is a religious song, dedicated to the gods of three realms. The lyrics of the song are auspicious, and describe the offerings of drinks given to the upper, middle and lower realms. Since it is a zhungdra song, it is performed in a straight-line formation with around five to twenty dancers.
བཀྲིས་སྒང་རྫོང་ཁག་ རདྷི་རྒེད་འོག་ ལས་ཨིན་མི་ སངས་རྒྱས་ཆོས་སྒྲོན་གྱི་ གཞུང་སྒྲ་རྙིངམ་ གཞས་ཁྲོ་ཡར་ཆོད་ ཟེར་མི་འདི་འཐེན་ནུག། ཞབས་ཁྲ་འདི་ དང་ཕུའི་གཞུང་སྒྲ་གཅིག་འབདཝ་ལས་ རྩོམ་པ་པོ་འདི་ ངོས་འཛིན་མེདཔ་ ཨིན་མས། ཞབས་ཁྲ་འདི་ ཆོས་དང་འབྲེལ་བ་ཡོདཔ་ལས་ ཞབས་ཁྲ་འདི་ ཁམས་གསུམ་གྱི་ཆེད་དུ་འཕུལ་ནུག། ཞབས་ཁྲ་འདི་ནང་ བཀྲ་ཤིས་པའི་ཚིག་ ཡོདཔ་ལས་ ཞབས་ཁྲ་འདི་ཡང་ ཁམས་གསུམ་ལུ་ཚོགས་ཆང་ འཕུལ་བའི་ སྐོར་ལས་བཤདཔ་ཨིན་མས། ཞབས་ཁྲ་འདི་གཞུང་སྒྲ་ཨིནམ་ལས་ མི་ལྔ་དང་ཉི་ཤུ་བར་ གྱལ་ཐེང་གཅིག་ནང་འབད་རྐྱབ་ཨིན་མས།
- Radhi
- Trashigang
- སངས་རྒྱས་སྒྲོན་ Sangay Chodenབཞེས་སྤྲོ་ཡར་མཆོད་ཡར་རང་མཆོད་ལ། །ཡར་མཆོད་མཚན་ལྡན་བླ་མ་མཆོད་ལ། །ཡར་མཆོད་མཚན་ལྡན་བླ་མ་མཆོད། །
- སངས་རྒྱས་སྒྲོན་ Sangay Chodenམཚན་ལྡན་བླ་མ་མ་མཆོད་ན་ལ། །བྱིན་རླབས་སྲུང་སྐུད་[གསེར་ལས་རེད་?]ལ། །བྱིན་རླབས་སྲུང་སྐུད་[གསེར་ལས་རེད་?]ལ། །
- སངས་རྒྱས་སྒྲོན་ Sangay Chodenབཞེས་སྤྲོ་ཡར་མཆོད་ཡར་རང་མཆོད་ལ། །ཡར་མཆོད་དབང་ཆེན་དཔོན་པོ་མཆོད་ལ། །ཡར་མཆོད་དབང་ཆེན་དཔོན་པོ་མཆོད། །
- སངས་རྒྱས་སྒྲོན་ Sangay Chodenདབང་ཆེན་དཔོན་པོ་མ་མཆོད་ན་ལ། །ཟས་ནོར་ལོངས་སྤྱོད་[གསེར་ལས་རེད་?]ལ། །ཟས་ནོར་ལོངས་སྤྱོད་[གསེར་ལས་རེད?]། །
- སངས་རྒྱས་སྒྲོན་ Sangay Chodenབཞེས་སྤྲོ་ཡར་མཆོད་ཡར་རང་མཆོད་ལ། །ཡར་མཆོད་ཡབ་ཆེན་ཨ་པ་མཆོད་ལ། །ཡར་མཆོད་ཡབ་ཆེན་ཨ་པ་མཆོད། །
- སངས་རྒྱས་སྒྲོན་ Sangay Chodenཡབ་ཆེན་ཨ་པ་མ་མཆོད་ན་ལ། །གཏམ་དང་ཚིག་[གསུམ་གསེར་ལས་རེད?]། །
- སངས་རྒྱས་སྒྲོན་ Sangay Chodenལགས་སོ་ལགས།། །།