Skip to main content Skip to search
28 Jun 2018
7 min 13 sec
Video Overview
Creators: 
Yeshi Wangchuk, Penchela, Karma Studio

Yar Yar Rila Buelo, a Zhungdra song, was performed by Kinley from Wangsinmu village, Tewang gewog, Thimphu district. This song is a religious song that makes an offering to Guru Rinpoche, a precious master. The verses of the song make the offering in the form of an expensive piece of brocade imported from China and a special locally-brewed wine from Bhutan. The offerings are made to Guru Rinpoche mainly as a way to pay homage and give devotion for his virtuous deeds benefiting all sentient beings.

 

གཞུང་སྒྲའི་གླུ་གཞས་ ཡར་ཡར་རི་ལ་འབུལ་ལོ་ཟེར་མི་འདི་ ཐིམ་ཕུ་རྫོང་ཁག་ སྟོད་དབང་རྒེད་འོག་ ཝང་སིན་མུ་གཡུས་ཚན་ནང་ལས་ ཀུན་ལེགས་ཀྱི་འཐེན་དོ་ཡོདཔ་ཨིན། གླུ་གཞས་འདི་ གུ་རུ་རིན་པོ་ཆེ་མཆོག་དང་ བླམ་རྩ་ཅན་ཚུ་ལུ་མཆོད་པ་ཕུལ་བའི་ ཆོས་གླུ་གཅིག་ཨིན་མས། གླུ་གཞས་ཀྱི་ཚིག་ནང་ལུ་ གུ་རུ་རིན་པོ་ཆེ་མཆོག་ལུ་ རྒྱ་ནག་ལས་འཐོན་པའི་ གོས་ཆེན་དང་ འབྲུག་ལས་འཐོན་པའི་ཨ་ར་གིས་ཐོག་ལས་ མཆོད་པ་ཕུལ་དོ་ཡོདཔ་ཨིན། དེ་སྦེ་ གུ་རུ་རིན་པོ་ཆེ་མཆོག་ལུ་ མཆོད་པ་ཕུལ་དགོ་མི་འདི་ སེམས་ཅན་ཐམས་ཅན་གྱི་དོན་ལུ་ ལེགས་བྱས་བཟང་པོ་མཛད་མི་ལུ་ དས་མོས་དང་ གུས་བཏུད་ཞུ་ནིའི་དོན་ལུ་ཨིན་མས། 

 

Transcript search
No results found for this search
0 of 0
  • ཀུན་ལེགས་ Kinley
    ཡར་ཡར་རི་ལ་འབུལ་ལོ།།ཡར་ཡར་རི་ལ་འབུལ་ལོ།།
  • ཀུན་ལེགས་ Kinley
    རྒྱ་ནག་རྟིང་ལས་ཐོན་མི་(པའི)།།ལེགས་པའི་གི་དར་དང་ལ་གོས་ཆེན།།
  • ཀུན་ལེགས་ Kinley
    བླམ་དང་ཨོ་རྒྱན་པདྨ།།ན་བཟའ་གི་མཆོད་པ་ལ་བཞེས་ཤོག །
  • ཀུན་ལེགས་ Kinley
    ཇོ་བོ་འཇམ་མི་གཞུང་ལས། །ལེགས་པའི་གི་བཤམ་བྱ་(?)ལ་དཀར་ཅུང་།།
  • ཀུན་ལེགས་ Kinley
    བླམ་དང་ཨོ་རྒྱན་པདྨ།།སུམ་ཆང་གི་མཆོད་པ་ལ་བཞེས་ཤོག།