Video Overview
Lobzang Dorji from Radhi Gewog, Tashigang, sings an old Boedra song entitled Lama Zangpo Gala Phebpa Arog (O! Where Has the Good Lama Gone?). This song is a religious song dedicated to the great Lama Zhabdrung Ngawang Namgyal. The composer introduces Zhabdrung and shares that he resides in Puntang Dechen, the fortress of Punakha District. The song can be performed during any special occasion, or gathering of important figures. It is performed in a circular formation with around five to twenty dancers. The origin and composer of the song are unknown.
བཀྲིས་སྒང་རྫོང་ཁག་ ར་དྷི་རྒེད་འོག་ལས་ བློ་བཟང་རྡོེ་གིས་ བླ་མ་རྡོེ་ག་ལ་འཕེབ་པ་ཨ་རོགས་ ཟེར་བའི་གཞུང་སྒྲ་ རྙིང་ཤོ་འདི་འཐེན་འདི་ཡོདཔ་ཨིན། འ་ནི་གཞུང་སྒྲ་འདི་ ཆོས་དང་འབྲེལ་བ་ཡོདཔ་ལས་ བླ་མ་ཞབས་དྲུང་ངག་དབང་རྣམ་རྒྱལ་ལུ་ ཆད་དུ་བརྩོནམ་ཨིན། གཞུང་སྒྲ བརྩམ་པ་པོ་གིས་ བླ་མ་ཞབས་དྲུང་ངག་དབང་རྣམ་རྒྱལ་ ངོ་སྤྲོད་འབདཝ་མ་ཚད་ བླ་མ་ སྤུང་ཐང་བདེ་ཆན་ལུ་ གནས་བཅའ་སྟེ་ཞུགས་པའི་སྐོར་ལས་ཡང་ བཤད་འདི་ཡོདཔ་ཨིན། གཞུང་སྒྲ་འདི་ ཆོས་དང་འབྲེལ་བའི་ དབྱངས་ཅིག་འབདཝ་ལས་ དགའ་སྟོན་དང་ དགེ་མཚན་ཅན་གྱི་དུས་སྐབས་དང་ མི་དགོས་ཆེ་ཤོ་དང་ བླ་མ་ཚུ་འཛོམས་དུས་གནང་པའི་སྐབས་ གཞུང་་སྒྲ་འདི་རྐྱབ་དོ་ཡོདཔ་ཨིན། གཞུང་སྒྲ་འདི་ མི་ལྔ་དང་ ཁལ་གཅིག་གི་བར་ནང་ སྒོར་གོམ་སྦེ་རྐྱབ་དོ་ཡོདཔ་དང་ དབྱངས་ཀྱི་འབྱུང་ཁུངས་དང་ བརྩམ་པ་པོ་ག་ཨིན་ན་ ངོས་བཟུང་མེདཔ་ཨིན།
- Kadam
- Radhi
- Trashigang
- བློ་བཟང་རྡོ་རྗེ་ Lobzang Dorjiད་ང་བཅས་ར་ དང་ཕུ་ ཏེ་ག་དེ་སྦེ་སྨོ་ཟེར་བ་ཅིན་ དང་ཕུ་ ཏེ་ས་ཆགས་པའི་དུས་ཚོད་ལུ་ཡང་ ཏེ་སངས་རྒྱས་ཀྱི་སྐུ་ཚབ་བླམ་ བླམ་ཚུ་གིས་བྱིན་གྱིས་བརླབས་ དང་པ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ གཉིས་པ་བླམ་ཚུ་གིས་བྱིན་གྱིས་བརླབས་ དེ་འབདཝ་ལས་ ང་བཅས་ཆ་ཁྱབ་ འཛམ་གླིང་ནང་ འདི་བཟུམ་མའི་བདེ་ཏོག་ཏོ་ སྐྱིད་ཏོང་ཏོ་སྦེ་ཆགས་སྦེ་
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་དེ་སྦེ་སྡོད་སྡོདཔ་འབདཝ་ལས་ ཏེ་གླུ་གཞས་རང་ཨིན་རུང་ ཏེ་ང་བཅས་ར་བླམ་སྐུ་སྦོམ་ཚུ་འབྱོན་ས་ལུ་དང་ དེ་ལས་འདི་བཟུམ་མའི་ ཏེ་ཕམ་བཟང་པོ་ཚུ་འཛོམས་ས་ལུ་ རོགས་དཔོན་ ཏེ་བཟང་པོ་རེ་འབྱོན་ས་ལུ་ ཏེ་གླུ་གཞས་འདི་བཟུམ་ཅིག་འཐེན་དགོ་ཟེར་ ཏེ་སླབ་དེས་རོགས་ ཕམ་ཚུ་གིས།
- བློ་བཟང་རྡོ་རྗེ་ Lobzang Dorjiད་བླམ་ལེགས་ཤོམ་ཅིག་གི་སྐུ་མདུན་ལུ་ཨིན་པ་ཅིན་ ད་ཏེ་བླམ་ག་ཏེ་འབྱོན་ཡི་ ཟེར་སླབ་སླབ་ཀྱི་ བླམ་ནཱ་འབྱོན་ཏེ་ཡོད་ ནཱ་བཞུགས་ཏེ་ཡོད་ཟེར་བའི་ ཏེ་གླུ་གཞས་ཅིག་འདི་བཟུམ་ཅིག་འཐེན་ནི་ཅིག་འདུག་ ཧེ་མ་ང་བཅས་རའི་ཕམ་ཚུ་གིས་ ཏེ་ད།
- བློ་བཟང་རྡོ་རྗེ་ Lobzang Dorjiབླ་མ་བཟང་པོ་ག་ལ་ཕེབས་པ་ཨ་རོགས། །བླ་མ་བཟང་པོ་འདི་ལ་ཕེབས་པ་ཨ་རོགས། །
- བློ་བཟང་རྡོ་རྗེ་ Lobzang Dorjiབླ་མ་མཚན་ལ་ཅི་ཞེས་ཞུ་བ་ཨ། །བླ་མ་མཚན་ལ་ངག་དབང་རྣམ་རྒྱལ་ཞུ། །
- བློ་བཟང་རྡོ་རྗེ་ Lobzang Dorjiབླ་མའི་མཚན་ལ་ངག་དབང་ལ་ནི་རྣམ་རྒྱལ་ཞུ། །
- བློ་བཟང་རྡོ་རྗེ་ Lobzang Dorjiཆོས་ལ་འབྱོན་པ་ག་ལ་ཕེབས་པ་ཨ་རོགས། །ཆོས་ལ་འབྱོན་པ་སྤུང་ཐང་ལ་ནི་བདེ་ཆེན། །
- བློ་བཟང་རྡོ་རྗེ་ Lobzang Dorjiབླ་མ་བཟང་པོ་འདི་ལ་ཞུ་བ་ཨ། །བླ་མ་མཚན་ལ་ངག་དབང་རྣམ་རྒྱལ་ཞུ། །
- བློ་བཟང་རྡོ་རྗེ་ Lobzang Dorjiད་ལྟ་བར་ཆད་སེལ་བའི་ཆོས་ཞིག་ཨ་རོགས། །ཕྱི་མ་ལམ་སྣ་འདྲེན་པའི་ཆོས་ཞིག་ཨ། །ཕྱི་མ་ལམ་སྣ་འདྲེན་པའི་ཆོས་ཞིག་ཨ། །
- བློ་བཟང་རྡོ་རྗེ་ Lobzang Dorjiའདི་བཟུམ་ཅིག་འཐེན་ནི་འདུག་ལགས་ད་ལྟོ་ ང་བཅས་དང་ཕུ་ལུ།། །།