Skip to main content Skip to search
28 Jun 2018
9 min 41 sec
Video Overview
Creators: 
Yeshi Wangchuk, Dorji Nima

Chumo Aley Lomo is a unique song performed by Wangchuk from Zhemgang Dzongkhag. It seems the song is an event song, where the spiritual master is made to sit on a special mat and the mighty official is invited to the meditation cave of Singye Chenpo Dzong. Though it wasn't mentioned where Singye Chenpo Dzong is located, the official is invited to that cave with a special welcome from the goddess of the door in the cave and the deity of the cave. The purpose of the invitation is also not disclosed in the song, but it is purely a religious song. 

 

གླུ་གཞས་ཤོག་མོ་ཨ་ལས་ལོ་མོ་ཟེར་མི་འདི་ གཞལམ་སྒང་རྫོང་ཁག་ལས་ དབང་ཕྱུག་གིས་འཐེན་དོ་ཡོདཔ་ཨིན། གླུ་གཞས་འདི་ དུས་སྟོན་གྱི་སྐབས་ལུ་འཐེན་ནི་ཡོད་པའི་ གླུ་གཞས་བཟུམ་ཅི་ཡོདཔ་དང་ དེ་ཡང་ བླ་མ་འདི་ ཞུ་གདན་གུ་བཞུགས་བཅུག་ཞིནམ་ལས་ འགན་འཛིན་པ་སྟོབས་ཅན་ཚུ་ སེང་གེ་ཆེན་པོ་རྫོང་ནང་ཡོད་པའི་ ཏིང་ངེ་འཛིན་གནང་སའི་ བྱག་ཕུག་ནང་འབོ་དོ་ཡོདཔ་ཨིན། སེང་གེ་རྫོང་འདི་ ག་སྟེ་ཡོད་ག་ བཀོད་དེ་མེད་རུང་ འགན་འཛིན་པ་ཚུ་ མིག་གསལ་གྱི་ བསུ་བ་འབད་དེ་ བྱག་ཕུག་འདི་ནང་ ཕེབས་སུ་ཞུ་དོ་ཡོདཔ་ཨིན་མས། བྱག་ཕུག་ནང་གི་ ལྷ་མོ་གི་སྒོ་ཕྱེ་ཞིནམ་ལས་ བྱག་ཕུག་གི་ ཆོས་སྲུང་གི་ ཕེབས་སུ་ཞུཝ་ཨིན་མས། དེ་འབད་གདན་ཞུ་འབད་དགོ་པའི་ གནད་དོན་འདི་བཀོད་དེ་མེད་རུང་ གླུ་གཞས་འདི་ ཆོས་འབྲེལ་གླུ་གཞས་ཅིག་ཨིན་མས།

 

Transcript search
No results found for this search
0 of 0
  • དབང་ཕྱུག Wangchuk
    ད་ང་བཅས་ཡར་ དང་པ་རང་ རྩ་བ་བླམ་ལུ་ཞུ་འོང་ལགས་ ཆུ་(ཤོག་)མོ་ ཨ་ལས་ལོ་ཚིག་གིས་ལགས། དང་པ་ཤོག་མོ་ཨ་ལས་ལོ་མ་ཟེར་ ཚིག་ཐེངས་གཅིག་འཐེན་གེ་ལགས།
  • དབང་ཕྱུག Wangchuk
    ཆུ་མོ་ཨ་ལས་ལོགས་མོ་ཨ་ལས་ལོགས།དེ་ལས་ རྩ་བའི་བླ་མ་ལུ་ལགས།
  • དབང་ཕྱུག Wangchuk
    བཞུགས་ཅི་བཞུགས་ཅི་བཞུགས་ཅི་སྐུ་བཞུགས་ཅི།
  • དབང་ཕྱུག Wangchuk
    ངེའི་རྩ་བའི་བླ་མ་སྐུ་བཞུགས་ཅི།
  • དབང་ཕྱུག Wangchuk
    གདན་ཁ་གང་གྲུ་བཞི་གཡས་ལས་བཞུགས།
  • དབང་ཕྱུག Wangchuk
    ཧང་པདྨ་གེ་སར་ཧང་ལ་བཞུགས།འ་ནི་ཚིག་ཐེངས་རེ་ལུ་ ཤོག་མོ་ཨ་ལས་ལོ་མོ་ཚར་འཐེན་རང་འཐེན་དགོ་ལགས།
  • དབང་ཕྱུག Wangchuk
    ཤོག་ཤོག་ཉི་མ་ཟླ་བ་གཡས་ལས་ཤོག
  • དབང་ཕྱུག Wangchuk
    ཕྱག་གཡས་སྐར་མའི་སྨིན་གྲུ་གཡོན་ལས་བཞུགས།
  • དབང་ཕྱུག Wangchuk
    རྩ་བའི་བླ་མ་རྣམས་ཡང་སྐུ་བཞུགས་ཅིགད་གོང་མ་ལུ་ལྷོད་ཅི་ལགས།
  • དབང་ཕྱུག Wangchuk
    བཞེངས་ཅིག་བཞེངས་ཅིག་བཞེངས་ཅིག་སྐུ་བཞེངས་ཅིག་
  • དབང་ཕྱུག Wangchuk
    ངེའི་རྒྱལ་བའི་གོང་མ་སྐུ་བཞེངས་ཅིག
  • དབང་ཕྱུག Wangchuk
    གདན་ཁ་གང་གྲུ་བཞི་གདན་ལས་བཞེངས།
  • དབང་ཕྱུག Wangchuk
    ཧང་པདྨ་གེ་སར་ཧང་ལས་བཞེངས།
  • དབང་ཕྱུག Wangchuk
    ཤོག་ཤོག་ཉི་མ་ཟླ་བ་གཡས་ལས་བཞེངས།
  • དབང་ཕྱུག Wangchuk
    ཕྱག་གཡས་སྐར་མའི་སྨིན་དྲུག་གཡོན་ལས་བཞེངས།
  • དབང་ཕྱུག Wangchuk
    རྒྱལ་བའི་གོང་མ་རྣམས་ཡང་བྱོན་བླ་མ་རྣམས།
  • དབང་ཕྱུག Wangchuk
    དུས་ད་ལྟོ་འཛོམས་བའི་དཔེ་གསར་མེན།
  • དབང་ཕྱུག Wangchuk
    ཕ་མ་བཟང་པོའི་མཛད་པའི་དཔེ་མ་ཨིན།
  • དབང་ཕྱུག Wangchuk
    ལོ་སྐོར་ཟླ་བ་བཅུ་གཉིས་ཤེས་ཟེར་བསླབ།
  • དབང་ཕྱུག Wangchuk
    ཞག་ཁལ་ཕྱད་དང་བཅོ་བརྒྱད་ཤེས་ཟེར་བསླབ།
  • དབང་ཕྱུག Wangchuk
    ངེའི་གདངས་དར་གཅིགཔོ་འདི་བྱིན་རླབས་གནང་།
  • དབང་ཕྱུག Wangchuk
    ངེའི་ཆིབས་གྲལ་བསྣར་ཏེ་བྱོནམ་ད་དང་།
  • དབང་ཕྱུག Wangchuk
    སེང་ཆེན་རྫོང་ལ་སེང་གེ་སྒྲུབ་ཁང་ནང་།
  • དབང་ཕྱུག Wangchuk
    ངེའི་རྒྱལ་བའི་གོང་མ་བྱོན་དོ་ལ།
  • དབང་ཕྱུག Wangchuk
    བདག་གི་གནས་པོ་གནས་མོ་ཐུགས་མ་འཚེར།
  • དབང་ཕྱུག Wangchuk
    ཆུ་མོ་ཨ་ལས་ལོགས་མོ་ཨ་ལེགས་ལོགས།
  • དབང་ཕྱུག Wangchuk
    སྒོའི་སྒོ་སྲུང་ལྷ་མོ་སྒོ་ཕྱེ་གནང་།
  • དབང་ཕྱུག Wangchuk
    ཆུ་མོ་ཨ་ལས་ལོགས་མོ་ཨ་ལས་ལོགས།
  • དབང་ཕྱུག Wangchuk
    ངེའི་རྒྱལ་བའི་གོང་མ་སྐུ་བཞུགས་ཅིག
  • དབང་ཕྱུག Wangchuk
    གདན་ཁ་གང་གྲུ་བཞི་གདན་ལ་བཞུགས།
  • དབང་ཕྱུག Wangchuk
    ཧང་པད་མ་རྒྱལ་མཚན་ཧང་ལ་བཞུགས།
  • དབང་ཕྱུག Wangchuk
    ཤོག་ཤོག་ཉི་མ་ཟླ་བ་གཡས་ལས་བཞུགས།
  • དབང་ཕྱུག Wangchuk
    ཕྱག་གཡས་སྐར་མའི་སྨན་གྲུ་གཡོན་ལས་བཞུགས།
  • དབང་ཕྱུག Wangchuk
    ཆུ་མོ་ཨ་ལས་ལོགས་མོ་ཨ་ལས་ལོགས།ལགས་སོ་ལགས་ ཨ་ནཱི་ཡར་ལྷ་ཁང་ལས་མར་ ད་ཨ་ཡར་ལྷོད་པའི་ལགས་ ལྷ་མན་པ་གི་ཁྱིམ་ནང་ དེ་ཁར་འ་ནེམ་ཅིག་ ཁྱིམ་རེ་རེ་བཞིན་དུའི་ནང་རང་ དེ་སྦེ་འགྱོ་དགོ་ལགས་ཚིག་ དེ་སྦེ་རང་ ཤོག་མོ་ཨ་ལས་འབད་བ་ཅིན་ ང་གིས་ད་ཅི་ལས་རང་ ཤོག་མོ་ཨ་ལས་ཚིག་ཐེངས་རེ་རེ་ ཚིག་གི་བར་ན་འཐེན་ནི་སྡོན་ནུག་ ཨ་ཙི་ཅིག་ ཡུན་རིམོ་སྦེ་འགོར་ནི་མས་ཟེར་ ཤ་ར་ར་འཐེན་ཡི་ལགས་ བཏུབ་དོ་འོང་མེན་ན་སློབ་དཔོན?