Skip to main content Skip to search
19 Oct 2017
6 min 9 sec
Video Overview
Creators: 
Yeshi Wangchuk

This song, Aho Tashi Yangcha, is a song of auspiciousness and prosperity sung by Jigme from Norbugang village. The song says that the sun and the moon are considered auspicious elements because they glorify the universe through heat and light. Jigme shares his experiences in singing and dancing when he was young. He sang and danced on many occasions, and this particular song was one he commonly sang in those days. 

ཨ་ཧོ་བཀྲིས་དབྱངས་ཆགས་ཟེར་མི་འདི་ ཕུག་སུམ་ཚོགས་པ་དང་ རྟེན་འབྲེལ་གྱི་གླུ་གཞས་ཅིག་ཨིནམ་ད་ གླུ་གཞས་འདི་ཡང་ བུམ་ཐང་རྫོང་ཁག་ སྟང་རྒེད་འོག་ནོར་བུ་བསྒང་གཡུས་ཚན་ལས་ འཇིགས་མེད་ཀྱིས་འཐེནམ་ཨིན་པས། ཉིམ་དང་ཟླཝ་གིས་ འཇིག་རྟེན་ནང་ འོད་དང་དྲོད་བྱིན་མི་ཡན་ལག་ཅིག་ཨིནམ་ལས་ འདི་ལུ་བསྟོད་པ་རྐྱབ་པའི་ རྟེན་འབྲེལ་གླུ་གཞས་ཅིག་ཨིན་པས། ཏེ་ཁོ་གིས་ ཁོ་ར་ཆུང་ཀུ་སྦེ་སྡོད་པའི་བསྒང་ ཞབས་བྲོ་འཐེན་ནི་དང་ རྐྱབ་མི་གི་ཉམས་མྱོང་ཚུ་ བརྗེ་སོར་འབདཝ་ཨིནམ་ད་ ཁོ་གིས་ དུས་སྟོན་ལེ་ཤ་ཅིག་ནང་ར་ ཞབས་བྲོ་རྐྱབ་ནི་དང་འཐེན་ནི་ཚུ་འབད་ཡོདཔ་ད་ གླུ་གཞས་འདི་ དེ་བསྒང་ ཁོ་རའི་འཐེན་མིའི་ཚུའི་ སླ་ལས་ཅིག་ཨིན་པས། 

Transcript search
No results found for this search
0 of 0
  • འཇིགས་མེད་ Jigme
    ད་ཏེ་ ང་བཅས་ར་ དང་པོ་ལས་ཚུར་ ཏེ་ཞབས་འབྲུག་རྒྱལ་གསུལ་པའི་སྐོར་ཐེངས་ལས་ཚུར་ ཏེ་ང་བཅས་རའི་ ཏེ་སངས་རྒྱས་ཀྱི་བསྟན་པ་དར་ ཆོས་ཀྱི་ལུང་ཐོབ་ དེ་ལས་ དགའ་བའི་བྲོ་འཆམ་ སྐྱིད་པའི་གླུ་ལེན་ཏེ་ བཞུགས་པའི་སྐབས་ཀྱི་དུས་ཚོད་ལུ་ ད་ང་ཡང་མར་ དབང་འདུས་ཆོས་གླིང་ལུ་ ཨ་ཞེ་ཆོས་སྐྱིད་ཀྱི་མར་ གྲོགས་དྲགོས་རིན་པོ་ཆེ་ཚུ་ ཨ་ཞེ་ཆོས་སྐྱིད་ཀྱི་གྲོགས་ཨིན་ཟེར་ མར་ཞབས་བྲོ་རེ་རྐྱབ་དགོ་པས་ཟེར་ ང་མ་པ་རང་ཏེ་ དང་ཕུ་ཆུང་ཀུ་ཅིག་ལས་རང་ཏེ།
  • འཇིགས་མེད་ Jigme
    ཞབས་བྲོ་ཚུ་ ང་བཅས་རའི་གཞུང་སྒྲ་ཚུ་ ང་བཅས་རའི་འབྲུག་སྒྲ་འདི་ཚུ་ དུམ་གྲ་རེ་ཤེས་ལགས། ད་འ་ནཱི་ཤེས་ནི་འདི་གིས་ ཏེ་ད་ཨ་ཞེ་གིས་བཀའ་གནང་སྟེ་ དེ་ལས་ འ་་་ངེའི་མིང་འཇིགས་མེད་ཟེར་སླབ་ཨིན་ལགས། དེ་ལས་ འཇིགས་མེད་འབོ་ཤོག་ ཟེར་གསུངས་ཏེ་ དེ་ལས་ ནཱ་འབོ་བར་བཏང་ནུག་ལགས་མར་ལས་ དེ་ལས་ མར་དབང་འདུས་ཆོས་གླིང་འགྱོ་སྟེ་ དེ་ལས་ ཞབས་བྲོ་ཡང་སྟོན་ དེ་སྦེ་འབདཝ་ད་ དེ་ལས་ཏེ་ད་ ཨཱ་་་བླ་མ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་༡༦ པའི་སྐབས་ལུ་ཡང་ དེ་ལས།
  • འཇིགས་མེད་ Jigme
    ཨཱ་་་དབང་འདུས་ཆོས་གླིང་ཨ་ཞེ་གི་རྨགཔ་དྲགོས་རིན་པོ་ཆེ་འདི་ ཀརྨ་པའི་སྐུ་ཚ་བོ་འབད་བ་ལས་བརྟེན་ཏེ་ དེ་ལས་ ང་ཡང་མར་ཞབས་བྲོ་རྐྱབ་ དེ་སྦེ་འབད་འབདཝ་ལས་བརྟེན་ཏེ་ ཀརྨ་པ་གིས་བཀའ་གནང་སྟེ་ དེ་ལས་ ཨཱ་་་ཨ་ཞེ་ཆོས་སྐྱིད་ལུ་བཀའ་གནང་སྟེ་ ཁྱོད་ཀྱི་ནཱ་ཕྱག་གཡོག་གི་ནང་ལས་ཏེ་ འབྲུག་པའི་ཞབས་བྲོ་ལེགས་ཤོམ་འབད་རྐྱབ་མི་ཡོད་ག་ཟེར་གསུངསམ་ད་ལུ་ དེ་ལས་ ཨ་ཞེ་གིས་ཡོད་ཟེར་ ཀརྨ་པ་ལུ་ཡང་ དེ་སྦེ་ཞུ་སྦེ།
  • འཇིགས་མེད་ Jigme
    དེ་ལས་ དེ་ལས་ཏེ་ ཡ་ཡ་ཡོད་པ་ཅིན་ཀྲིག་ཀྲི་ཨིན་པས་ ང་འབད་སར་འཁྱིད་འབག་ཤོག་ཟེརཝ་ད་ དེ་ལས་ ཀརྨ་པ་སྐུ་མདུན་དུ་ དེ་ལས་ ཞབས་བྲོ་འཐེན་ཟེར་འབདཝ་ད་ དེ་ལས་ད་ ཨཱ་་་བོད་སྒྲ་ རྒྱ་གར་གྱི་ཞབས་བྲོ་མི་དགོ་ཟེར་ དེ་ལས་ བོད་ཀྱི་ཞབས་བྲོ་ཡང་མི་དགོ་ཟེར་ ང་བཅས་རའི་འབྲུག་གི་ཞབས་བྲོ་ སྙན་ཏོང་ཏོ་ཅིག་འཐེན་རྐྱབ་བྱིན་ཤིག་ཁྱོད་ཀྱིས་ཟེརཝ་ད་ གཞུང་སྒྲ་དང་འདྲཝ་སྦེ་ གདངས་རིངམོ་སྦེ་ ལེགས་ཤོམ་སྦེ་འཐེན་ཏེ་ཟེར་ གསུངས་པ་ལས་བརྟེན་ཏེ།
  • འཇིགས་མེད་ Jigme
    དེ་ལས་ ཨ་ཁུ་(ཨ་ཧོ)བཀྲིས་གཡང་ཆགས་ཟེར་མི་འདི་ འཐེན་འཐེནམ་ཨིན་ལགས། དེ་ལས་ ཨ་ཧོ་བཀྲིས་གཡང་ཆགས་ཟེར་མི་འདི་འཐེནམ་ད་ཏེ་ ཡིད་བཞིན་ནོར་བུ་ཡང་ཐུགས་དགྱེས་ཏེ་ སྤ་་་ཞབས་བྲོ་འདི་བཟུམ་མའི་ཞབས་བྲོ་འདི་ དབའེ་དབའེ་ཏེ་ད་གནམ་མེད་ས་མེད་ ཚིག་ལེགས་ཤོམ་ ང་བཅས་རའི་ཏེ་ ལུང་ཕྱོགས་ལུ་གནམ་མེད་ས་མེད་ཚིག་ལེགས་ཤོམ་ཨིན་པས། ཡ་ཡ་ཏེ་ འཇིགས་མེད་ལ་ ལེགས་ཤོམ་འོང་ཡི་སྨ་རེད་ ཟེར་གསུངས་མས་ འ་ནཱི་ལས་བརྟེན་ཏེ་ ད་ཞབས་བྲོ་ཡང་དུམ་གྲ་རེ་ཤེས།
  • འཇིགས་མེད་ Jigme
    དེ་རིང་ ད་རེས་ནངས་པ་ཡང་ ཏེ་ད་ངབཅས་ར་ ག་ཏེ་ཡང་ཞབས་བྲོ་ཟེར་ སྤྲོ་ཟེར་ང་བཅས་རའི་གཞུང་ཞབས་བྲོ་ལས་འབད་རུང་ སྤྲོ་སྟོན་ཏེ་འབད་བ་ལས་བརྟེན་ཏེ་ ད་ད་རེས་ད་ ནཱ་ཁ་ཙ་ཁ་ཉིནམ་ང་བཅས་ར་ཕར་ལས་ཏེ་ གཞུང་ལས་ཚུར་ང་བཅས་ར་སློབ་དཔོན་གཅིག་ཡང་ནཱ་བྱོན་འབད་བ་ལས་བརྟེན་ཏེ་ ཏེ་ད་ཞབས་བྲོ་ཤེས་ག་ཟེར་གསུངས་མས་ ཏེ་ང་གིས་ཕྱེད་དག་ཀོ་དག་ཅིག་ཤེས་ཟེར་ ཞུ་ཞུཝ་ཨིན་ དེ་འབད་བ་ཅིན་ འ་ནཱི་ཅིག་ཡང་འཐེན་དགོ་པས་ཟེར་ གསུངས་མས་ཏེ་ ད་འཐེནམ་ཨིན་ལགས།
  • འཇིགས་མེད་ Jigme
    (Speaker clears his throat)
  • འཇིགས་མེད་ Jigme
    ཨ་(ཁུ་)ཧོ་བཀྲིས་གཡང་ཆགས། །ཨ་ཧོ་སྐྱེས་(སྐྱིད་)པའི་གླུ་ལེན། །ཤར་ཕྱོགས་རི་བོའི་རྩེ་ལས། །ཁྲི་གདུགས་ཉི་མ་ཤར། །
  • འཇིགས་མེད་ Jigme
    ཁྲི་གདུགས་ཉི་མའི་འོད་ཟེར། །འཛམ་གླིང་ཀུན་ལ་ཁྱབ་སོང་། །འཛམ་གླིང་གྲང་བའི་སྡུག་བསྔལ། །ཁྲི་གདུགས་འོད་ཀྱིས་སེལ། །
  • འཇིགས་མེད་ Jigme
    ལྷོ་ཕྱོགས་རི་བོ་རྩེ་ནས། །ཙན་དན་སྡོང་པོ་འཁྲུངས་སོང། །བསང་ཤིང་སྤོས་ཀྱི་དྲི་མ། །བསང་དང་སྤོས་ཀྱིས་དག །
  • འཇིགས་མེད་ Jigme
    ནུབ་ཕྱོགས་རི་བོའི་རྩེ་ནས། །དཀར་སངས་(གསལ་)ཟླ་བ་ཤར་སོང་། །འཛམ་གླིང་མུན་པའི་སྡུག་བསྔལ། །དཀར་སངས་(གསལ་)འོད་ཀྱིས་སེལ། །
  • འཇིགས་མེད་ Jigme
    ལགས་སོ་ལགས།། །།