Skip to main content Skip to search
16 Jan 2015
3 min 51 sec
Video Overview
Creators: 
Yeshey Wangchuk

Women of Bezur village in Bumthang Dzongkhag (district) sing "Nyechen Tsari Kepi" and dance to its tune during the transfer of Dechenling Lhakhang (temple) to his eminence Pema Lingpa (1450-1521). The song falls under the Bodra-Gorgorm category, one of two old types of songs and dances in Bhutan, and can be sung during any occasion or event. The lyrics mainly describe the nature of meeting any creature in the impermanent world.

 

༉  གླུ་གཞས་ གནས་ཆེན་ཙཱ་རིར་སྐྱེས་པའི་ ཟེར་བའི་གླུ་གཞས་འདི་ འབོད་སྒྲ་སྒོར་སྒོམ་གྱི་གྲངས་སུ་ཚུདཔ་ཨིན་པས། གླུ་གཞས་འདི་ ཚེས་བཅུ་དང་དུས་མཆོད་འབུམ་སྡེ་ དགའ་སྟོན་དང་དུས་སྟོན་བརྩི་སྲུང་ཞུ་སར་ ག་ཏེ་ར་འབད་རུང་རྐྱབ་སྲོལ་ཡོདཔ་ཨིན། ད་ལྟོ་འབྲུགཔ་སྤྱིར་བཏང་གི་གྱོན་ཆས་བསྒྲིགས་ཏེ་ ལེའུ་འཁྲབ་སྦེ་ཞབས་ཁྲ་རྐྱབ་མི་འདི་ བདེ་ཆེན་གླིང་ལུ་ བདེ་ཆེན་གླིང་ལྷ་ཁང་འདི་ གསུང་སྤྲུལ་རིན་པོ་ཆེ་ལུ་ རྩིས་སྤྲོད་འབད་བའི་མཛད་སྒོའི་ཉིན་མར་ སྤྲོ་བའི་ཐོག་ལས་རྐྱབ་དོ་ཡོདཔ་ཨིན་པས།

Transcript search
No results found for this search
0 of 0
  • སྦས་ཟུར་གྱི་ཨམ་སྲུ་ཚུ་/Bezur women: གནས་ཆེན་ལ་རྩཱ་རི་སྐྱེས་པའི། །རྩཱ་རི་(ཤིང་ཆེན་)གི་སྨྱུག་མ། ། སྭོ་་་་བྲག་སྟོད་མཐོན་པོ་སྐྱེས་པའི། །བྲག་དམར་གི་ཤོག་རྩལ། །བྲག་དམར་གྱི་ཤོག་རྩལ། །
  • སྦས་ཟུར་གྱི་ཨམ་སྲུ་ཚུ་/Bezur women:
    འདི་གསུམ་ལ་སྐྱེས་ས་མ་གཅིག །སོ་སོ་གི་གཡུས་ལ། །སྭོ་་་་མདའ་སྟོང་ཁྲ་མོའི་ནང་ལས་(དུ་)། །འཛོམས་ས་ལས་གཅིག་ཤོག །འཛོམས་ས་ལས་གཅིག་ཤོག །
  • སྦས་ཟུར་གྱི་ཨམ་སྲུ་ཚུ་/Bezur women: སྤང་སྟོད་ལ་མཐོན་པོ་སྐྱེས་པའི། །སྤང་(སྔོ་)ལྗང་གི་མེ་ཏོག །སྭོ་་་་དཔྱིད་སུ་(དུས་)ལྡུམ་ར་སྐྱེས་པའི། །ཧ་ལོ་གི་མེ་ཏོག། ། ཧ་ལོ་གི་མེ་ཏོག །
  • སྦས་ཟུར་གྱི་ཨམ་སྲུ་ཚུ་/Bezur women: འདི་གསུམ་ལ་སྐྱེས་ས་མ་གཅིག །སོ་སོ་གི་གཡུས་ལ། ། སྭོ་་་མཆོད་བཤམ་ཁྲ་མོའི་ནང་དུ། །འཛོམས་ས་ལས་གཅིག་ཤོག
  • སྦས་ཟུར་གྱི་ཨམ་སྲུ་ཚུ་/Bezur women: གཡུས་སྟོད་ལ་མཐོན་པོ་སྐྱེས་པའི། །ཕ་མ་དང་སྤུན་ཆ། སྭོ་་་་རྒྱལ་ཁབ་གཞན་ལས་བྱོན་པའི། །བླ་མ་དང་སློབ་དཔོན། །བླ་མ་དང་སློབ་དཔོན། །
  • སྦས་ཟུར་གྱི་ཨམ་སྲུ་ཚུ་/Bezur women: འདི་གསུམ་འཁྲུངས་ས་མ་གཅིག །སོ་སོ་གི་གཡུས་ལ། ། སྭོ་་་་ཁང་བཟང་ཁྲ་མོའི་ནང་དུ། །འཛོམས་ས་ལ་གཅིག་ཤོག །འཛོམས་ས་ལ་གཉིས་ཤོག །