Video Overview
Famous Tibetan comics Tupten and Mikmar perform the comedy sketch "Number Ones of Tibet". In this sketch, the comics discuss the things Tibetans do better than anyone else in the world.
- ཀའདི། དེ་རེད་ང་རང་ཚོ་དེ་ག་རེ་རེད། དེ་པཱ་བརྙན་འཕྲིན་ནང་ལོགས་ལ་ཅི་ཉིའི་སི་ཟེར་ཡས་ཀྱི་ག་རེ་རེད། སྤུས་ཚད་ཨང་དང་པོ་དེའི་ནང་ལ་བཅུག་ཡས་ཀྱི་དེ་གཅིག་འདུག་ག གཙོ་བོ་དའི༼དེར༽་ལྟས། དའི་༼དེར༽བལྟས་བྱས་ཨ་ནི་བོད་ལ་ཡོད་པའི་ད་ལས་ཀ་མང་པོ་ཞིག གནས་ཚུལ། རིག་གནས། ཨང་གི་དང་པོ་མང་པོ་ཡོའོ་རེད་པ། དེ་ཉིད་གཉིས་ཟུང་འབྲེལ་བྱས་པ་དེ་འདྲས་ཅིག། ད་ཡིན་ནའི་ང་ཉིད་གཉིས་རྒྱུན་རིང་པོ་མ་བཤད་ཙང་། ཕལ་ཆེར་ཚིག་ཁ་ཤས་སྒང་ལ་ཡར་མར་མགོ་རྟིང་ལོག་པ་དེ་འདྲས་ཏིག་ཙམ་ཡོང་གི་རེད། དགོངས་འགལ་མེད་པ་ཞུ་གི་ཡིན་ལྷན་རྒྱས་ཚོ།
- ཁད་འོ་ན་ཡིན་ད།
- ཀལགས་ལགས།
- ཀབཀའ་འདྲི་གནང་རོགས་གནང་།
- ཁཁྱེད་རང་གི་གསུངས་དང་།
- ཀཁྱེད་རང་གི་གསུངས་དང་། ཁྱེད་རང་གི་ཁྱེད་རང་གི།
- ཁཁྱེད་རང་གི་གསུངས། ཚུར་ལན་བརྒྱབ། སྔན་དང་པོ་ཁྱེད་རང་གི་གསུངས།
- ཀཐུབ་བསྟན་ལགས།
- ཁལགས།
- ཀཨའ། ཁྱེད་རང་གས་༼གིས༽ཅི་ཉིའི་སི་ཟེར་ཡས་དེ་མཁྱེན་གྱི་ཡོད་པས།
- ཁཨོའོ། དེ་ཤེས་ཀྱི་ཡོད། ཤེས་ཀྱི་ཡོད། གཅིག་གཉིས་གསུམ་ཕྱི་རྒྱལ་ཀྱི་སྐད་ལ་བསྒྱུར་པ་ཡིན་ན། ཨཱན། ཐུབ། སི་རིས།ཟེར་ཡས་དེ་རེད་པཱ། ད་དུང་རྒྱ་གར་སྐད་ལ་བསྒྱུར་པ་ཡིན་ན་ཨཱ་ག། མདོག། ཏིང་།ཟེར་ཡས་དི་རེད་པཱ།
- ཀཨ་བྱས་མ་སོང་།
- ཁཨ་ནི།
- ཀངས་གཅིག་གཉིས་མ་བྱས་དང་།
- ཁཨ་ནི།
- ཀཅི་ཉིའི་སི་འཛམ་གླིང་གི་ཟིན་ཐོ།
- ཁཇི་ཐི་གླིང་གི་རྫ་གོའི་ཟིན་ཐོ། དེ་འདྲས་ག་རེ་ཟེར་དགོས་རེད་རེད་ལགས།
- ཀཁྱེད་རང་རྦད་དེ་སྒྲ་ཁྲོག་གནང་གི་འདུག་གས༼གམ༽།
- ཁཨ་ནི་ག་རེ་ཟེར་གྱི་རེད།
- ཀསུས་ཇི་ཐི་གླིང་གི་རྫ་གོའི་ཟིན་ཐོ་ཟེར་གྱི་འདུག།
- ཁཨ་ནི་ག་རེ་ཟེར་གྱི་ཡོའོ་རེད།
- ཀངས་ཟེར་ན། ཅི་ཉིའི་སི་འཛམ་གླིང་གི་ཟིན་ཐོ། དེ་ཡིན་ན།
- ཁཅི་ཉིའི་སི་གི་འཛམ་གླིང་ཨཱ་ལས་ཨོའོ་འོང་དེ་ད་ངས་ཤེས་ཀྱི་ཡོད་འཛམ་གླིང་ཐོག་ལ་སུས་ལས་ཀ་བྱེད་ཀྱི་འདུག་སུས་ལས་ཀ་བྱེད་ཀྱི་མི་འདུག་ཐོ་རྒྱག་ཡས་དི་རེད།
- ཀཨཱ་། མ་རེད་མ་རེད་མ་རེད། ཅི་ཉིའི་སི་གི་འཛམ་གླིང་ཟིན་ཐོ་ཟེར་ན། བྱ་བ་དང་དངོས་པོ་གང་ཞིག་ཡིན་རུང་། རང་ལ་ཡོད་པ་གཞན་ལ་མེད་པ་དའི་ཟེར་གྱི་རེད།
- ཁཨ་ལས་ཨ་ནི། གང་འདྲས་ཟེར།
- ཀངས་དཔེ་ཅིག་བཞག་བྱས་ཞུ་གུ།
- ཁའོང་འོང་ཡོང་ང་ཡོང་ང་།
- ཀངའི་གོ་ཐོས་ལ་ཡ། ཕྱི་རྒྱལ་གྱི་ཨ་ཅེ་ཅིག་ལ་ཡཱ་སེ་མོ་ཀུང་ཁྲེ་རིང་ཐུང་གསུམ་ཙམ་ཅིག་ཡོའོ་རེད་ཟེར་གྱི་འདུག།
- ཁཨ་ནི། དཔེ་ལ་དཔེ་ལ་དཔེ་ལ་དཔེ་ལ། ཨ་ནི་སེ་མོ་རིང་པོ་དེ་འདྲས་ཡོད་པ་ཡིན་ན་སྤགས་གཡོ་དུས་གང་འདྲས་ཟེར་གཡོ་དགོས་རེད་ཨ་ནི།
- ཀཕྱི་རྒྱལ་གས་༼གྱིས༽སྤགས་བཟའ་གྱི་མ་རེད་མི།
- ཁཨ་ལས། ཨོའོ་རེད། ངས་རྦད་དེ་བརྗེད་པ་རེད། ད་བྱས་ན་ཁོང་ཚོ་ཁ་ལག་ཟ་དུས་ཙམ་ནས། ཨ་ནི་ཡིན་ན་ཁོད་ཙེ་མེད་གོག་ཁ་ལག་ཕར་ཙའི་དའི་བཞག་བྱས་སེ་མོས་འདུ་ཟེར་བྱས་བྱས་བཟའ་གི་མེད་འདྲོ་༼འདྲ་༽ལགས།
- ཀདེ་འདྲས་མ་རེད།
- ཁཨ་ནི།
- ཀད་དུང་ཁྱེད་རང་གསན་ཨ། ད་དུང་ངའི་གོ་ཐོས་ལ་ཡ་ཕྱི་རྒྱལ་གྱི་མ་རེད། ཨུ་རུ་སུའུ་ཡི་ཨ་ཅེ་ཅིག་གས་ལོ་ཉི་ཤུ་ཐམ་པ་ཏག་ཏག་གཉིད་ཉལ་བསྡད་པ་རེད་ཟེར། དེ་ནི་འཛམ་གླིང་འདིའི་སྒང་ལ་གཉིད་ཉལ་པའི་དུས་ཚོད་རིང་ཤོས་ཤིག་ཆགས་བསྡད་ཤག།
- ཁའ་ཡེའི་ཀྱས་དེ་འདྲའི་སྐྱིད་མདོགས་ལ་ཨ།
- ཀའོ་ག་རེ་འདུག།
- ཁལས་ནངས་ལོ་ཉི་ཤུ་ཐམ་པ་ཙམ་ཅིག་གཉིད་ཉལ་བྱས་བསྡད་ཀྱི་ཡོའོ་རེད། ཨ་ནི་ད་ང་ཡའི་ལོ་གཅིག་རང་ཉལ་རྒྱུ་བྱུང་ཆོག་ག།
- ཀཨ་ནི་ཁྱོད་རང་ག་རེ་གནང་ག།
- ཁག་རེ་བྱེད་ག་ཨས། ཨས་ད་ངས་དངུལ་ཡོད་རིམ་རིང་གང་སྐྱིད་ཤང་བྱས་བསྡད། དངུལ་རྫོགས་པ་ད་ག་ལམ་སེང་ནང་ཆ་ད་གས་ཚང་མ་གཙང་མ་ཡག་གོས་བྱེད་བཀྲུས་བྱས་ལོ་གཅིག་རིང་གང་གཉིད་བཟོ་སྒྲ་བརྒྱབ་བྱས་ཉལ་བསྡོད་བག་གོང་།
- ཀད་གཡུག་བཞོག་གནང་ད་དགོངས་ད། ད་དུང་ངའི་གོ་ཐོས་ལ་ཡ་ང་རང་ཚོའི་ཀྲུང་གོའི་ཧྲང་ཧད་ཟེར་ཅིག་ཡོའོ་རེད་པ་དའི་མི་ཚང་གཅིག་ལ་མི་གྲངས་སུམ་བརྒྱ་ལྷག་ཙམ་ཅིག་ཡོའོ་རེད་ཟེར། དེ་ནི་འཛམ་གླིང་ཐོག་ལ་མི་ཚང་གཅིག་ལ་མི་གྲངས་མང་ཤོས་པ་ཆགས་བསྡད་ཡོའོ་རེད་ཟེར།
- ཁཨཱ་ལས་ད་བྱས་ན་ངས་ཁ་གོ་སོ། ཁྱེད་རང་གི་ཟེར་ཡས་ཅི་ཉིའི་སི་གི་འཛམ་གླིང་ཟིན་ཐོ་ཟེར་ཡས་དེ་ཡིན་ན། གཞན་ལ་མེད་པ་དང་རང་ལ་ཡོད་པ། ཡང་ན་གཞན་གྱི་བྱེད་མི་ཐུབ་པའི་ཁྱད་ཆོས་ཨང་དང་པོ་ཞིག་ལ་སླེབས་ཐུབ་པ་བྱེད་པ་རེད་པཱ། དེ་འདྲས་ང་ཚོ་བོད་རིགས་ལའི་ཞེ་དྲག་ཡོའོ་རེད། ཁོང་།
- ཀལགས། ང་ཚོ་བོད་རིགས་ལའི་ཡོའོ་རེད་ཨས།
- ཁཡོའོ་རེད་ཁོང་།
- ཀག་རེ་ཡོའོ་རེད།
- ཁག་རེ་ཡོའོ་རེད་ཨས། ཁ་སང་མི་གཅིག་གི་ཕིའིཆུའུ་༼སྦི་རག་༽ཤེལ་དམ་ཉི་ཤུ་རྩ་བཞི་ཡོད་པའི་ཤེལ་དམ་སྒམ་གཅིག སྒང་ལ་ཤེལ་དམ་ལྔ་བཏུང་། གཅིན་པ་ཐེངས་གཅིག་ཡའི་མ་བཏང་བྱས། སྦག་སྦག་བཞོན་བྱས་ནང་ལ་ལོག་པ་རེད་ཟེར། ཁྱེད་རང་གཟིགས་དང་དེ་འཛམ་བུ་གླིང་གི་ཅི་ཉིའི་སི་ཟིན་ཐོ་སླེབས་ཐུབ་ཀྱི་རེད་མ་རེད།
- ཀཟེར་ན་ད་ལྟ་ཁྱེད་རང་ཚོ་ཡི་མི་དེ་ཕིའི་ཆུའུ་༼སྦི་རག་༽དེ་ག་འདྲ་བུ་བཏུང་ཤེས་ཡོད་ནའི་ཕལ་ཆེར་མི་དེ་འཛམ་གླིང་སྒང་ནས་ལྒང་ཕུག་ཆེ་ཤོས་ཅིག་ལ་བརྩི་ཆོག་གི་རེད།
- ཁབྱས་ཙང་བྱས་ཙང་། ད་དུང་ཡིན་ནའི་སྔས་མ་མི་གཉིས་ཤ་མོག་མོག་བཟའ་ཡས་རྒྱན་བཞག་པ་རེད། ཟེར།
- ཀཨ་ནི།
- ཁམི་གཅིག་གི་ཟེར་ན། ངས་ཟ་ཐེངས་གཅིག་ལ་ཤ་མོག་མོག་མོའོ་རུ་གསུམ་བཟའ་ཐུབ་པ་ཟེར་ལབ་པ་རེད།
- ཀཟ་ཐེངས་གཅིག་ལ་མོའོ་རུ་གསུམ་ཟེར། ད་རྣ་བ།
- ཁད་དེ་འདྲས་བཟའ་ཐུབ་ཀྱི་མ་རེད་ཟེར་རེད་ད།
- ཀབཟའ་ཐུབ་ཀྱི་མ་རེད་ཐུབ་ཀྱི་མ་རེད།
- ཁཉིན་མོ་གཅིག་བཟའ་ཐུབ་ཀྱི་མ་རེད་ཟེར་མཁན་གྱི་མི་དེས། ཤ་མོག་མོག་མོའོ་རུ་ཆེ་ཐག་ཆོས་ཅིག་གསུམ་བཟོས་བྱས་མི་དའི་སྤྲད་པ་རེད་ཟ།
- ཀཨ་ནི། ཨ་ནི།
- ཁམིག་དེས་ཤ་མོག་མོག་མོའོ་རུ་གསུམ་ནང་གི་མོག་མོག་ཚང་མ་ལོགས་ཁྱུག་ཙ་ཅིག་ལ་ཟས་ཚར་རེད། ཟེར།
- ཀག་རེ་ཁྱུག་ཙ་ཅིག་ལ་གང་ག་ཟས་ཚར་པ་རེད་ཟེར། དཔེ་ལ་དཔེ་ལ་དེ་འདྲས་ཟེར་ན་ལྟོ་ལོག་གཅིག་རེད་ཨ་ནི་གང་འདྲས་བྱས་པ་ཡིན་ན།
- ཁཨ་ནི་གཞུག་གུ་དའི་ལྕེ་ལེབ་མར་བསྐྱངས་བྱས་འ་མིན་བྱས་པ་རེད་ཟེར།
- ཀད་ད་ག་འདྲ་བུ་ཟས་ན་ཤི་དགོས་བྱུང་ཨ་ནི་ག་པ་འཇུ་གི་རེད།
- ཁམི་དེ་ཤི་པའི་རྗེས་ལ་ཡིན་ན། སྐུ་ཕུང་དུར་ཁྲོད་སྒང་ལ་བཀྲམ་དུས་ཙམ་ནས་ཡིན་ན། མོག་མོག་ད་གས་རྒྱུ་མག་ནང་ལྷུ་མ་ཞིག་བྱས་བང་སྒྲིག་བྱས་བསྡད་བཞག་ཟེར།
- ཀཨ་ལས་འོང་འོང་། ད་བྱས་ན་ངས་ཧ་གོ་སོང་ཕལ་ཆེར་ལགས་སྐུ་ཞབས་མི་དའི་མོག་མོག་བཟའ་དུས་མོག་མོག་ལ་སོ་མ་རྒྱབ་པ་བྱས་རྡོག་རྡོག་ཁོ་ར་མིད་འཁྱུར་གཏང་པ་ཡིན་རྒྱུ་རེད། རེད་པའི།
- ཁམི་དའི་སོ་མུ་ཏིག་ཙམ་ཡས་ཡོའོ་མ་རེད་ཟེར།
- ཀསོ་མུ་ཏིག་ཙམ་ཡས། གཡུག་ཞོག་གནང་དང་གཡུག་བཞོག་གནང་། ད་ལྟ་ཁྱེད་རང་གི་དའི་གསུངས་ཡས་ད་གས་ཚང་མ་བསྟན་བཤིག་ཞིག།
- ཁཨོའོ་འོང་། ཨོའོ་རེད་པཱ་རེད་པཱ།
- ཀདོན་དངོས་ཐོག་ལ། ང་ཚོའི་བོད་ལ་ཡ་འཛམ་གླིང་ཐོག་ལ་ཨང་དང་པོ་བྱས་པ་མང་པོ་ཡོའོ་རེད་ད།
- ཁཨང་དང་པོ་བྱས་པ་མང་པོ་ཡོའོ་རེད་ཨ། ག་རེ་ག་རེ་ཡོའོ་རེད་ཁྱེད་རང་ཅིག་གསུངས་དང་།
- ཀཁྱེད་རང་གསན་ཨང་། འཛམ་གླིང་སྟེང་གི་རི་བོ་ཆེ་ཤོས་ཧི་མ་ལ།
- ཁདེ་ནི་སའི་གོ་ལའི་ཚོགས་ཁང་གཅིག་རེད།
- ཀའཛམ་གླིང་སྟེང་གི་ཕོ་བྲང་ཆེ་ཤོས་པོ་ཏ་ལ།
- ཁདེ་ནི་སའི་གོ་ལའི་གཙུག་རྒྱན་གྱི་ནོར་བུ་གཅིག་རེད།
- ཀའཛམ་གླིང་སྟེང་གི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་ཤོས་གླིང་གེ་སར་རྒྱལ་པོའི་སྒྲུང་།
- ཁདེ་ནི་བསྡུ་རུབ་བྱས་མ་ཚར་པའི་སྒྲུང་ནང་གི་རྒྱལ་པོ་རེད།
- ཀའཛམ་གླིང་སྟེང་གི་རི་བོ་མཐོ་ཤོས་ཇོ་མོ་ལ་མོ་འཛེགས་མཁན་གྱི་བུད་མེད་དེའི་མིང་ལ་ཡ་ཨ་ཅག་ཕན་ཐོག་ཟེར།
- ཁདེ་ནི་བུད་མེད་མཛངས་མིའི་ནང་གི་མཛངས་མ། མོ་ཁྱོ་ག་རང་རེད།
- ཀད་ལྟའི་འཛམ་གླིང་སྟེང་གི་དགོན་པ་ཆེ་ཤོས་དེ་འབྲས་སྤུངས་རེད།
- ཁསྒེའུ་ཁུང་དང་སྒོ་ག་ཚད་ཡོད་མེད་ཁྱེད་རང་གི་ཤེས་ཀྱི་རེད་པས།
- ཀཡ། དགོན་པོ་ཆེ་པོ་དེ་འདྲས་ལ་ང་སྒོ་དང་སྒེའུ་ཁུང་།
- ཁཡོད་གོ་བྱུང་། འབྲས་སྤུངས་དགོན་པ་ཆེན་པོ་འདི་ཙམ། ལྷ་ཁང་དང་གྲྭ་ཤག་༼ཡང་༽ད་ག་ནང་བཞིན་གྱི་ཨ་ནི། གཞན་དག་གི་འདི་པར་གཟིམ་ཆུང་བཅས་ལ་ཡིན་ན། སྒོ་དང་སྒེའུ་ཁུང་ག་ཚད་ཡོད་མིན་དེ་ཁྱེད་རང་གི་མཁྱེན་གྱི་ཡོད་པས།
- ཀདེ་ད་ཡིན་ནའི་ང་སྟོང་རྣམས་ད་གས་ལ་གྲངས་ག་རྒྱག་ལོང་ག་པ་ཡོའོ་རེད། བརྒྱབ་ནས་བརྒྱབ་ཚར་གའི་མ་རེད། མ་གཞི་ནས་ང་རས་ཤེས་པའི་འདི་གཅིག་གོ་མ་ཡིན་པའི་ང་རས་ཤེས་པའི་གནས་ཚུལ་ཁག་ཅིག་ལྷན་རྒྱས་ཚོ་ལ་ངོ་སྤྲོད་ཞུ་གུ་བསམས་ཀྱིས།
- ཁཁྱེད་རང་གི་མཁྱེན་པའི་གནས་ཚུལ་ག་རེ།
- ཀལགས་གནས་ཚུལ་ཨས།
- ཁཁྱེད་རང་མར་ཅིག་གསུངས་དང་།
- ཀང་རས་འདུ་ཟེར་བལྟས་པ་ཡིན་ན་ང་ཚོ་བོད་ཀྱི་རིག་གནས་དེ་ནི་ཀྲུང་ཧྭ་མི་རིགས་རིག་གནས་ནང་གི་སྒྲུབ་བྱ་གཙོ་བོ་ཞིག་ཡིན་པ་དང་། བོད་རིགས་ཀྱི་མེ་ཚེའི་ལྟ་བ་དང་རིན་ཐང་གི་ལྟ་བ་བསམ་པའི་འཁྱེར་སོ་བཅས་ལ་གཞིག་པའི་བྱ་བ་མང་པོ་ཞིག་འཛམ་གླིང་ཐོག་ལ་ཨང་གི་དང་པོའོ་སླེབས་ཀྱི་མེད་འདྲོ།
- ཁདེ་འདྲས་ད་ང་ལའི་བཤད་ཡས་ཡོད།
- ཀཁྱེད་རང་ཨས། ཁྱེད་རང་ག་རེ་ཡོའོ།
- ཁདཔེ་ན་བོད་རིགས་གནས་སྤྱོད་བྱེད་སའི་འཁོར་ཡུག་དང་འཚོ་བ་གོམས་གཤིས་དེང་་སྐབས་ཀྱི་སྤྱི་ཚོགས་འཕོ་འགྱུར་བཅས་ལས་བྱུང་པའི་གནས་ཚུལ་མང་པོ་ཅིག་ངས་ལྟས་པ་ཡིན་ན། དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ནས་ལྟ་དུས་ཙམ་ནས། རྒྱལ་ནང་གི་ཟིན་ཐོར་སླེབས་ཐུབ་ཀྱི་འདུག།
- ཀཡག་གོ་ཞེ་པོ་བྱུང་ག། བྱས་ན་ང་རང་གཉིས་ཀྱི་ཤེས་པ་དེ་གས་ལྷན་རྒྱས་ཚོ་ལ་ངོ་སྤྲོད་མཉམ་དུ་ཞུས་གནང་གས།
- ཁཁྱེད་རང་ཐུགས་འཛེམས་རྩ་ནས་མ་གནང་དང་། གསུངས་རྐྱང་གནང་ཞེས།
- ཀལགས་སོ། ལགས་སོ།
- ཁའགྲིག་སོང་ན། ལྷན་རྒྱས་ཚོས་བསྔགས་བརྗོད་གནང་གི་རེད། ནོར་སོང་ན། སྐྱོན་བརྗོད་གནང་གི་རེད།
- ཀཡོང་ང་ཡོང་ང་། ཨ་ནི་ང་སྔོན་ལ་ཞུ་ཐག་ཆོད་ཡིན་ད།
- ཁཡིན་ད་ཡིན་ད། ཁྱེད་རང་སྔོན་ལ་གསུངས་དང་།
- ཀངས་ཉམས་ཞིབ་བྱས་པར་གཞིགས་ན། འཛམ་གླིང་སྒང་གི་ཤོག་བུ་མཁྲེགས་ཤོས་དེ་ང་ཚོ་བོད་རིགས་ཀྱིས་བཟོ་གྱི་རེད།
- ཁགང་འདྲས་ཟེར།
- ཀདེ་བོད་ཤོག་རེད།
- ཁཨ་ནི།
- ཀཤོག་བུ་བཟོ་ཡས་ཀྱི་རྒྱུ་ཆ་དེ་ནི་དུག་སེར་པོ་ཅིག་ཡོང་ང་དེའི་མེ་ཏོག་དེས་བཟོས་པ་སོང་ཙང་། ལོ་བདུན་བརྒྱ་བརྒྱད་བརྒྱ་ཕྱིན་ནའི་ཤོག་བུ་དེ་ཚོས་གཞི་མ་འགྱུར་པར་དཀར་པོ་དཀར་རྐྱང་བསྡད་ཀྱི་རེད། ད་དུང་ཡིན་ནའི་འབུ་དང་ཙི་ཙིས་བཟས་པ་ཡིན་ན་གྲོད་ཁོག་ འདི་གའི་ཅིག་སྐྲངས་བྱས་ཤི་བསྡད་ཀྱི་རེད། ཁོ་གནོད་ཁོ་ར་བསྐལ་ཐུབ་ཀྱི་མ་རེད།
- ཁངས་ཉམས་ཞིབ་བྱས་པར་གཞིགས་ན། འཛམ་གླིང་མི་རིགས་ཁག་གི་ནང་ནས་རྔན་པ་མཁྲེགས་ཤོས་དེ་ནི་ཡང་ང་ཚོ་བོད་རིགས་ཀྱི་བཟའ་གྱི་རེད།
- ཀལགས་ལགས་འདིར་ཕེབས་དང་རྔན་པ་མཁྲེགས་ཤོས་ག་རེ་བཟའ་གྱི་རེད་ཟེར།
- ཁཕྱུར་ཁུམ་༼ཕྱུར་སྐམ་༽
- ཀཕྱུར་ཁུམ་གང་འདྲས་ཟེར།
- ཁམི་གཅིག་གི་ཁའི་ནང་ལ་ཉིན་མོ་གཉིས་གསུམ་ཅིག་མུར་མུར་བྱས། དེ་ནས་ཡང་ཇ་ལ་སྦངས་བྱས་མུ་མཐུད་བྱས་བཟའ་ཡས་ཡོའོ་རེད། ད་དུང་སོ་མེད་པས་ཟས་པ་ཡིན་ན། ཟླ་བ་གཉིས་གསུམ་ཙམ་ཟས་ནའི་ཟས་ཚར་གྱི་མ་རེད། སྤོ་བོ།
- ཀངས་ཉམས་ཞིབ་བྱས་པར་གཞིགས་ན། ང་ཚོའི་བོད་ཡིག་འདི་ནི་འཛམ་གླིང་གི་ཡིག་རིགས་ནང་ནས་སྔོན་ཐོན་ཚ་ཤོས་ཀྱི་ཡིག་རིགས་ཞིག་རེད། དཔེར་ན་དེ་སྔ་ཀྲུང་གོ་སྲིད་གཞུང་གི་གྲོས་འཆམས་སྟོན་པ་ལྟར་ང་ཚོའི་བོད་ཡིག་འདི་རྒྱལ་སྤྱིའི་གློག་རྡུད་༼རྡུལ་༽རྩིས་གཞིའི་གྱིས་༼ཡིས་༽ཚད་གཞིའི་ནང་ཚུད་ཚར་པ་གཅིག་༼ཞིག་༽རེད།
- ཁཨ་ཧེ་ཧེ། ངས་ཉམས་ཞིབ་བྱས་པར་གཞིགས་ན། འཛམ་གླིང་གི་མི་རིགས་ཁག་གི་ནང་ནས་ཇ་བཏུང་ཡས་མང་ཤོས་དེ་ནི། ཡང་ང་ཚོ་བོད་རིགས་རེད་བཞག།
- ཀང་ཚོ་བོད་རིགས་རེད་ཟེ་༼ཟེར་༽ཨས། ག་འདྲས་ཟེ།༼ཟེར།༽
- ཁམི་གཅིག་ཞོགས་གས་༼པ་༽ཡར་ལངས་བྱས་ཇ་ལྡུར་ནས་འགོ་བཙུགས་བྱས་དགོང་དག་༼དགོང་མོ་༽མ་ཉལ་བ་དོ་༼བར་དུ་༽ཇ་ཕོར་མཚམས་འཇོག་ཁོ་རང་བཞག་གི་མ་རེད། ད་དུང་དགོང་དག་༼དགོང་མོ་༽ཡིན་ནའི་གཞུག་གུ་དེའི་༼དེ་ལ་༽ཞག་བསྒྲིལ་ཞིག་བརྒྱབ་བྱས་ཡང་སྤགས་ཏས་ཙམ་༼ཏིག་ཙམ་༽བཟའ་གི་རེད།
- ཀདེའི་༼དེ་ལ་༽ཧ་ལས་ཡས་ཡོའོ་མ་རེད། ང་ཚོའོ་སྤོ་བོ་ལགས་ཅིག་དག་གཟིམ་ཆས་ནང་ནས་ཡར་མ་བཞངས་༼བཞེངས་༽གོང་ནས་གསོལ་ཇ་མཆོད་ཀྱི་རེད།
- ཁའོ། ག་༼གང་༽འདྲས་ཟེ།༼ཟེར།༽
- ཀད་དུང་གསོལ་ཇ་མཆོད་པས་མ་ཚད། ཞལ་ལག་རྐུབ་ལ་ཡ་༼རྗེས་སུ་༽མཆོད་ཆང་མཆོད་ཡས་ཞལ་དཀར་ཏ་ཕེན་༼རྒྱ་སྐད་ཀྱི་སྒྲ་སྟེ་བོད་སྐད་རང་ལ་ཕོར་པ་ཆེན་པོ་ཟེར་༽འདི་ག་ཙ་༼ཙམ་༽གཅིག་༼ཞིག་༽ཡོའོ་རེད།
- ཁའོ་ཛི། ཨ་ནི།
- ཀཧ། ཁྱེད་རང་གཟིགས་དང་། འདིའི་ནང་ཁྱེད་རང་མར་གཟག་པ་ཡིན་ན་ཡར་དོན་༼ཐོན་༽ཁོ་རང་ཐུབ་ཀྱི་མ་རེད།
- ཁག་རེ། ང་དོན་༼ཐོན་༽ཐུབ་ཀྱི་མ་རེད་ཟེ།༼ཟེར།༽
- ཀཨན། བྱས་ཙང། ཧེ།
- ཁངས་ཉམས་ཞིབ་བྱས་པར་གཞིགས་ན། འཛམ་གླིང་མི་རིགས་ཁག་གི་ནང་ནས་ཆང་སའི་རྟེན་འབྲེལ་དུས་ཚོད་རིང་ཤོས་རྒྱག་མཁན་དེ་ནི་ཡང་ང་ཚོ་བོད་རིགས་རེད།
- ཀཨ་ཉིན་མོ་ག་ཚད་ཅིག་རྒྱག་གོག་བྱེད་ཀྱི་རེད།
- ཁགྲོང་གསེབ་ལ་ཆ་བཞག་ན་ཉིན་མོ་ལྔ་ནས་བཅུ།
- ཀལྔ་ནས་བཅུ།
- ཁལྷས་ས་ཉིན་མོ་གསུམ་ནས་ལྔ།
- ཀགསུམ་ནས་ལྔ།
- ཁཚང་མ་འཛོམས་འཛོམས་པ་བསྡད་ཡོད་ནའི། ད་དུང་གཏན་དུ་འཛོམས་རྒྱུ་བྱུང་ན་ཟེར་གོག་བྱས། གཞས་གཏང་གོག་བྱས་བསྡད་གོག་བྱེད་ཀྱི་འདུག་གཱ།
- ཀཞུས་ཙང་ཞུས་ཙང་། ད་ངས་ཉམས་ཞིབ་བྱས་པར་གཞིགས་ན་འཛམ་གླིང་མི་རིག་ཁག་གི་ནང་ནས་སློབ་སྦྱོང་བྱེད་ཡུན་རིང་ཤོས་དེ་ང་ཚོའི་བོད་རིགས་གཅིག་རེད།
- ཁའོང་གང་འདྲས་ཟེར།
- ཀདཔེར་ན། དང་པོ་དབེན་ཆུང་། དེ་ནས་སྤྱི་བཏང་གི་དགེ་འདུན་པ། དགེ་བཤེས་རྡོ་རམས་པ། ཚོགས་རམས་པ། བླ་མ་རྒྱུད་པ། བླ་མ་དབུ་མཛད། ཨོང་། དགའ་ལྡན་ཤར་རྩེ། བྱང་རྩེ། ཆོས་སྡེ་བྱས་བྱས། ལོ་དྲུག་ཅུ་བདུན་ཅུའོ་སླེབས་ནའི་ལ་གའི། ཨ་མའི་བུ་ལ་ཡོན་ཏན་གོ་༼དགོས་༽ན། དགའ་ལྡན་ཁྲི་ལ་བདག་པོ་མེད། གསུངས་སྲོལ་བསྡད་ཡོའོ་རེད།
- ཁངས་ཉམས་བཞིག་བྱས་པར་གཞིགས་ན་འཛམ་གླིང་མི་རིགས་ཁག་གི་ནང་ནས་དཔེ་ཆ་ངག་ལ་ཟིན་༼འཛིན་༽མང་ཤོས་དེ་ནི་ཡང་ང་ཚོ་བོད་རིགས་རེད།
- ཀཨ། དེ་འདྲས་མང་པོ་ག་རེ་ཟིན་༼འཛིན་༽པ་རེད།
- ཁདཔེར་ན་དགེ་ཤེས་ཅིག་ཡིན་ན་གཞུང་ཆེན་བཀའ་པོད་ལྔ་ཆ་ཚང་ངག་འཛིན་དགོས་རེད།
- ཀའ་རྫི། འ་རྫི།
- ཁཡང་ན་ཨམ་ཅི་༼སྨན་པ་༽གཅིག་སྦྱངས་ན་བརྒྱུད་བཞི་ཆ་ཚང་ངག་ལ་འཛིན་དགོས་ཙང་། མི་ཚེ་འདི་སྨན་གཞུང་སྐྱོར་བ་ལ་རྫོགས་སོ། བདག་ལ་སྨན་པའི་རྒྱལ་པོ་ག་དུས་རགས་ཀྱི་བག་དེ་འདྲས་ཟེར་གྱིས།
- ཀག་གའི་མེད་པ་ཉིད་རས་ལ་མགྱོགས་པ་རང་རགས་ཀྱི་པས་གཏོགས།
- ཁཨ་ལས་ཨོའོ་ཧ་ཡེ་ཨ་ཙི་ཙི་རེད། ཨས། ཧེ།
- ཀད་ངས་ཉམས་ཞིབ་བྱས་པར་གཞིགས་ན་འཛམ་གླིང་ནང་ནས་རིག་བྱེད་ཀྱི་རྩོམ་ཡིག་འབྲི་མཁན་རིང་ཤོས་དེ་ང་ཚོའི་བོད་རིགས་རེད།
- ཁའོང་གང་འདྲས་ཟེར།
- ཀདེ་ནི་བུ་དོན་ཕྱོགས་གླང་རྣམ་རྒྱལ་གྱི་འབྲིས་གནང་བའི་པུ་ཏི་བརྒྱ་དང་སུམ་བཅུ་སོ་གསུམ་དེ་རེད་ཤག།
- ཁཨའོ། ངས་ཉམས་ཞིབ་བྱས་པར་གཞིགས་ན་འཛམ་གླིང་མི་རིགས་ཁག་གི་ནང་ནས་སོ་སོས་སོ་སོ་སེམས་གསོ་གཏང་མཁས་ཤོས་དེ་ནི། ཡང་ང་ཚོ་བོད་རིགས་རེད་ཤག།
- ཀཡཱ། སེམས་གསོ་གང་འདྲས་ཟེར། གཏང་གི་རེད།
- ཁམི་ཅིག་གི་མི་ཚང་གཅིག་ལ་ནང་ལ་དངུལ་ཅི་དག་ཅ་ལག་ཅི་དག་ལ་རྐུ་མག་ཤོར་སོང་ན། ད་ཡིན་ན་གེགས་དབང་བར་ཆད་ཚང་མ་འཁྱེར་སོང་ཟེར་ནས། སེམས་འཕྲལ་མ་བྱས་བར་བློ་ལྷོད་ལྷོད་བྱས་བསྡད་གོག་བྱེད་ཀྱི་རེད།
- ཀད་ངས་ཉམས་ཞིབ་བྱས་པར་གཞིགས་ན་འཛམ་གླིང་མི་རིགས་ནང་ནས་ཁ་ཕྱོགས་གཅིག་འགྱུར་ཚར་ཤོས་འགྲོ་མཁན་དེ་ང་ཚོ་བོད་རིགས་རེད་ཤག།
- ཁའོང་། གང་འདྲས་ཟེར།
- ཀནམ་པ་སངས་རྒྱས་ཀྱི་ཆོས་པ་ཞིག་ཡིན་པའི་གཞུ་གོའོ་བསྐོ་ར་གཡས་བསྐོར་རྐྱང་བརྒྱབ་བྱས་འགྲོ་གི་རེད་པཱ།
- ཁཨཱ། ངས་ཉམས་ཞིབ་བྱས་པར་གཞིགས་ན་འཛམ་གླིང་མི་རིགས་ཁག་གི་ནང་ནས་ཉལ་ནས་འགྲོ་མང་ཤོས་དེ་ཡའི་ཡང་ང་ཚོ་བོད་རིགས་རེད་ཤག།
- ཀརྣ་བ་མེད་འགྲོ་བའི་སྐད་ཆ་ཉལ་ནས་གང་འདྲས་ཟེར་འགྲོ་དགོས་རེད་ཨ་ནི།
- ཁལེ་བར་སྟོང་གི་ས་ལ་བརྐྱངས་ཕྱག་མཚལ་བྱས་འགྲོ་གི་ཡོའོ་རེད་ཨ་ནི།
- ཀཨོའོ། ཕྱག་འཚལ་བྱས།
- ཁཨོའོ། ཧ་ཡའི། འོང་འོང་།
- ཀད་ཡའི་ངས་ཉམས་ཞིབ་བྱས་པ་གཞིགས་ན་འཛམ་གླིང་མི་རིགས་ཁག་གི་ནང་ནས་ལྤགས་པའི་ཕོ་པོ་བཟོ་མཁན་སྤྱང་ཤོས་དེ་ང་ཚོ་བོད་རིགས་རེད་ཤག།
- ཁའོང་གང་འདྲས་ཟེར།
- ཀལགས། ཐང་ཁུག་ལ་ཚིམ་པ་རྐང་གཅིག་ཡའི་མ་བརྒྱབ་པར་ཕོ་པོ་བཟོ་ཡས་སྤྱང་པོ་རེད་མ་རེད།
- ཁངས་ཉམས་ཞིབ་བྱས་པར་གཞིགས་ན་འཛམ་གླིང་མི་རིགས་ཁག་གི་ནང་ནས། ཚེ་ཐུང་ཤོས་ཡིན་ཟེར་མཁན་དེ་ཡའི་ཡང་ང་ཚོ་བོད་རིགས་རེད་ཤག།
- ཀགང་འདྲས་ཟེར་གྱི་རེད།
- ཁམི་ཚེ་ཞི་མིའི་ཨོག་དོང་ཙམ་གཅིག་ལས་མེད་པཱ། སྐྱིད་ཙ་བྱས་བསྡད་པ་དགའ་ཀྱི་རེད། ག་དུས་ཤི་མིན་ནི་ཧ་དགོས་གི་མ་རེད་ཟེར་དགོས་བྱེད་ཀྱི་རེད།
- ཀད་ཉིན་མ་རིང་ཤོས་ད་གའི་ང་ཚོ་བོད་རིགས་ཆགས་བསྡད་ཡོའོ་རེད།
- ཁའོང་། གང་འདྲས་ཟེར།
- ཀདཔེ་ན་མི་ཁག་གཅིག་སང་ཉིན་ཞོགས་གས་ལས་ག་ཆུ་ཚོད་དགུ་པ་ཡིན་ཟེར་ན། ཆུ་ཚོད་བཅུ་པ་དེ་བར་སླེབས་དུས་ཡའི་ཉེར་ཉེར་ཡོང་གི་རེད། ད་དུང་ཆང་རག་དང་ཕིའི་ཆུའུ་༼སྦི་རག་༽ཅིག་ཁ་ལ་རགས་ན། ཨས་འདི་རིང་གི་ལས་ག་སང་ཉིན་ལ་བསྐྱལ་སང་ཉིན་གྱི་ལས་ག་ནངས་ཉིན་ག་བསྐྱལ་བྱས། རྦད་དེ་ལྷོད་ལྷོད་བྱས་བསྡད་ཀྱི་རེད།
- ཁངས་ཉམས་ཞིབ་བྱས་པ་ལ་གཞིགས་ན་རྒྱལ་ཡོངས་ཀྱི་ནང་ནས་ཤང་ཆུང་ཤོས་དེ་ནི་ཡང་ང་ཚོ་བོད་ལ་ཡོའོ་རེད།
- ཀལགས། ཤང་ཆུང་ཆུང་གང་འདྲས་ཅིག་ཡོའོ་རེད།
- ཁཤང་ཡོངས་ལ་ཁྱོན་བསྡོམས་པའི་མི་ཚང་ཐེམ་པ་གཅིག། མི་གྲངས་པ་ཕ་དང་། ཨ་མ། བུ་མོ་བཅས་གསུམ།
- ཀམི་གྲངས་གསུམ་ལ་ཤང་གཅིག།
- ཁཨོའོ་ཧ་ཡེ། བུ་མོས་པཱ་ཕ་པཱ་ལགས་ཟེར་གྱི་ཡོའོ་མ་རེད།
- ཀཔཱ་ཕ་པཱ་ལགས་མ་ཟེར་ག་རེ་ཟེར་གྱི་རེད།
- ཁཤང་ཀྲང་ལགས། ཟེར་གོའོ་བྱེད་ཀྱི་རེད།
- ཀཨ་ལས་ཨོའོ་འོང་ཤང་ཀྲང་ལགས། ལགས་ལགས།
- ཁཨ་ནི་ཁོང་ཚོ་ཚོགས་འདུ་ཚོགས་དུས་ཙམ་ནས་ཡིན་ན།
- ཀགང་འདྲས་བྱེད་ཀྱི་རེད།
- ཁཨ་མ་ལགས་ཀྱི་གཙོ་སྐྱོངས་དང་པཱ་ལགས་ཀྱི་གསུངས་གཞས་གནང་བུ་མོས་དགའ་བསུ་ཞུ་གོའོ་བྱེད་ཀྱི་རེད།
- ཀཨ་ལས་ཁོང། ད་ངས་ཉམས་ཞིབ་བྱས་པར་གཞིགས་ན།
- ཁའོང་།
- ཀང་ཚོ་འཛམ་གླིང་ནང་ནས་རྩེད་མོ་རྩེད་དུས་ཙམ་ནས། སྐད་ཚ་ཤོས་རྒྱག་ཡན་དེ་ང་ཚོ་བོད་རིགས་རེད་ཤག།
- ཁའོང་གང་འདྲས་ཟེར།
- ཀདཔེར་ན། ཤོ་རྒྱག་དུས་ཙང་པ་པ་ཊ་ཤོ་པ་ཊ་ཤོ་པ་ཊ་པ་ཊ་ཤོ། ཏའི་དུང་མ་སྔ་ནས་མ་སོང་ཕྱི་ནས་མ་སོང་དགྲ་ལག་འོག་ནས་ཤོར་མ་སོང་ང་ཟེར་གོའོ་བྱེད་ཀྱི་རེད། ཁོང་།
- ཁཨ་ཙི་དེ་སྐད་ཆུང་ཙ་བྱས་ནས་ཡོང་གི་མ་རེད་པས། ཨ་ནི།
- ཀསྐད་ཆུང་ཙ་ཨས།
- ཁའོང་།
- ཀཨ་ནི་ཁྱད་ཚར་ཆགས་པ་མ་རེད་པས། ཁོང་།
- ཁའོང་གང་འདྲས་ཟེར།
- ཀཏའི། ཏུམ། སྔས་མ་སོང་ག་ཕྱིས་ཡའི་མ་སོང་ག་དགྲ་ལག་འོག་ནས་ཤོར་ཡའི་མ་སོང་ང་ཅོག།
- ཁཕུད་ཡུས་ཀས།
- ཀཡོང་ཡས་ཁོ་ར་མེད་པ་དའི་ཁྱེད་རང་།
- ཁངས་ཉམས་ཞིབ་བྱས་པར་གཞིགས་ན་འཛམ་གླིང་མི་རིགས་ཁག་གི་ནང་ནས་རོལ་བྱ་མེད་པའི་གླུ་དབྱངས་མདངས་རིང་ཤོས་གཏང་ཡན་དེ་གའི་ཡང་ང་ཚོ་བོད་རིགས་རེད།
- ཀགླུ་དབྱངས་ག་རེ་གཏང་གི་རེད།
- ཁཨའི་ཨའི་ཐད་ཡང་ག་མེད་དུས། འུད་་་་་་་།
- ཀཨ་འདུག་ཟེར་འདུག་ཟེར་འདུག་ཟེར།
- ཁཨོའོ་འདུག་ཟེར། ཟེར་ག་བྱེད་ཀྱི་རེད།
- ཀད་ཡང་ངས་ཉམས་ཞིབ་བྱས་པར་གཞིགས་ན་འཛམ་གླིང་མི་རིགས་ཁག་གི་ནང་ནས་འཁྲབ་སྟོན་རིང་ཤོས་དེ་ང་ཚོ་བོད་རིགས་ཀྱི་བྱེད་ཐུབ་ཀྱི་རེད།
- ཁའོང་གང་འདྲས་ཟེར།
- ཀདཔེར་ན་ལྷ་མོ་རྒྱས་པ་འཁྲབ་པ་ཡིན་ན་ཉིན་མོ་བདུན་བརྒྱད་དགུ་འཁྲབ་ཀྱི་ཡོའོ་རེད།
- ཁཨ་ནི།
- ཀལྷ་མོ་སྤྱིར་བཏང་ཅིག་འཁྲབ་པ་ཡིན་ནའི་ལའི་ལྷ་མོ་འཁྲབ་མཁན་ཡིན་ནའི་ལྟས་མོ་བལྟ་མཁན་ཡིན་ནའི་སླེལ་གོག་ནང་ལ་ལྟོ་ཆས་བླུགས་བྱས་ཐག་རིང་སམ་སམ་ལ་ཐོན་འགྲོ་གི་ཡོའོ་རེད།
- ཁངས་ཉམས་ཞིབ་བྱས་པར་གཞིགས་ན་འཛམ་གླིང་གི་སྐད་ཡིག་ནང་ནས་ཡང་ཞེ་ས་ཕུན་གསུམ་ཚོགས་ཤོས་དེ་ཡང་ང་ཚོ་བོད་སྐད་རེད་ཤག།
- ཀཨ་ཞེ་ས་ཕུན་གསུམ་ཚོགས་ཤོས་ང་ཚོ་བོད་སྐད་རེད་ཤག།
- ཁའོང་། ཨོའོ་ཧ་ཡའི། འཛམ་གླིང་སྐད་ཡིག་ཁྲོད་དུ་ཞེ་སའི་ཚིག་མཛོད་ཡོད་པ་ནི་བོད་སྐད་མ་གཏོགས་ཡོའོ་མ་རེད་ཁོང་།
- ཀསྟབས་ཡག་སོ་ཁོང་།
- ཁའོང་།
- ཀད་བྱས་ན་ང་རའི་ཡང་ཞེ་སའི་ཚིག་མཛོད་ཅིག་ཉོ་ག་འགྲོ་གོག་བྱེད་དགོས་རེད།
- ཁའ་རྫི། ཁྱེད་རང་དགུང་ལོ་དའི་ཕེབས་ནའི་ད་དུང་ཞེ་ས་མཁྱེན་གྱི་མེད་པས་ཨ་ནི།
- ཀདེ་འདྲས་མ་རེད་ད།
- ཁའོང་།
- ཀཁྱེད་རང་ལ་ཞུ་རྒྱུ།
- ཁའོང་།
- ཀངའི་བུ་ཅིག་ཡོའོ་རེད་པ།
- ཁཨོའོ་རེད་པ།
- ཀད་རང་ཞོགས་གས་ང་ཞེ་ས་བྱས་པའི་ཁུལ་འདྲ་འདུག་ག།
- ཁའོང་འོང་།
- ཀཀུ་ཤུ་རྐང་གཅིག་འཁྱེར་བྱས།
- ཁའོང་།
- ཀཔཱ་ལགས། པཱ་ལགས་གཡགས་འདི་ཀྲིམ་ཞིག་ཟ།
- ཁའ་རྫི་ཀྲིམ་ཞིག་ཟེར་རེད།
- ཀའོང་།
- ཁཨ་ནི།
- ཀངས་བུ་ཀྲིམ་ཟེ་ག་རེ་ཟེར་གྱི་༼མཁན་༽རེད་བྱས་པ་ཡིན་ན། འདིའི། ཀྲིམ་ཡའི་ཤེས་ཀྱི་མི་འདུག། ཨ་ནི་གཡོས་ཟ།
- ཁཕུད་ད་ཡིན་ན།ཞབས་འདྲེན་ཞུ་གི་ཡོའོ་རེད།
- ཀབྱས་ཙང་ཨེ་འདྲས་རེད་ཤག།
- ཁཞབས་འདྲེན་ཞུ་གི་ཡོའོ་རེད།
- ཀཞུས་ཙང་། ཞུས་ཙང་།
- ཁངས་ཉམས་ཞིབ་བྱས་པར་གཞིགས་ན་ཨའ་འཛམ་གླིང་མི་རིགས་ཁག་གི་ནང་ནས་མ་ཅང་ལ་རིག་པ་རྣོ་ཤོས་དེ་ཡང་ང་ཚོ་བོད་རིགས་རེད་ཤག།
- ཀག་རེ་མ་ཅང་ལ་ཨས།
- ཁཨོའོ་འོང་འོང་། ཨ་གང་འདྲས་ཟེར།
- ཁང་།
- ཀག་འདྲས་ཟེར།
- ཁམཆོད་མཇལ་འགྲོ་དུས་ཙམ་ནས།
- ཀའོང་།
- ཁམཆོད་ཐིགས་བསྐྱོན་རོགས་གནང་ཟེར་ཡས་ཅིག་ཡོའོ་རེད་པ།
- ཀཨོའོ་རེད་པ། རེད་པ།
- ཁདའི་ག་རེ་ཟེར་གྱི་ཡོའོ་རེད་ཟེར་ན། སྐུ་ཞབས་དཀོར་གཉེར་ལགས་དའི་ཟ་དུས་ཅིག་བསྐྱོན་རོགས་གནང་ཟེར་གོག་བྱེད་ཀྱི་ཡོའོ་རེད།
- ཀམ་ཅང་དེ་ཚོ།
- ཁད་དུང་སྤུ་གུའི་ཨ་མ་དེ་ཚོ་དགོང་དག་གཉིད་ཁུག་བྱས་མཛུ་གུ་སྤུ་གུའི་སྣ་ཁུང་ལ་འདུག་ཟེར། ཐུག་དུས་ཙམ་ནས་ཨར་ཐུམ་ཙེ་མོའོ་ཟེར་བྱས་བྱས་གཉིད་འདྲོགས་འགྲོ་གི་ཡོའོ་རེད།
- ཀའདི་ཨར་ཐུམ་འདྲ་པོ་འདྲ་ཅིག་ཡའི་འདུག་ག། ད་ངས་ཉམས་ཞིབ་བྱས་པར་གཞིགས་ན།
- ཁའོང་།
- ཀམི་རིགས་ཁག་གི་ནང་ནས་སྐུ་མགྲོན་ལ་ཉེས་དག་གཏང་ཡན་དེ་ང་ཚོ་བོད་རིགས་རེད་ཤག།
- ཁགང་འདྲས་ཟེར་འོང་།
- ཀདཔེར་ན་ཆང་ས་ཁང་གསོལ་བང་གསོལ་དེ་ལ་ཞལ་ལགས་གཞུག་གུ་དའི་དངུལ་ཕོར་གཅིག་བསྐྱགས་ཀྱི་རེད་པ།
- ཁཨོའོ། གསུམ་སྒྲོན་མཉེས་རྟགས།
- ཀདེ་དུས་ང་གསུམ་སྒྲོན་མཉེས་རྟགས་ཆང་བཏུང་ཤེས་ཀྱི་མེད་ཟེར་ན་། ཨུ་ཚུགས་བརྒྱབ། ད་དུང་བཏུང་ཤེས་ཀྱི་མེད་ཟེར་ན། ཁབ་ཚགས་བརྒྱག་གི་རེད། ཤ་མཇུས་བརྒྱག་གི་རེད། ད་དུང་ཁག་ཅིག་གས་ཆང་དེ་མགོའི་སྟེང་དེ་མར་བླུགས་གཞགས་ཀྱི་རེད།
- ཁངས་ཉམས་ཞིབ་བྱས་པར་གཞིགས་ན་འཛམ་གླིང་མི་རིགས་ཁག་གི་ནང་ནས་ཆང་བཏུང་མཁན་ལྐུགས་རྟགས་ཚ་ཤོས་དེ་ཡང་ང་ཚོ་བོད་རིགས་རེད་ཤག།
- ཀགང་འདྲས་ཟེར།
- ཁཡིན་ཆེད་མིན་ཆེད་ར་མ་བཟི་བར་དུ་ཆང་བཏུང་བྱས་བསྡད་དགོས་རེད།
- ཀཨ་ནི་ཨ་ནི།
- ཁད་དུང་ར་བཟི་སྐྱུ་པ་ཅི་དག་འོ་ལོག་འོ་ལོག་ཟེར་སྐྱུགས་ནའི་ད་དུང་ཞ་དག་མུ་མཐུད་བྱས་བརྒྱབ་བྱས་བསྡད་དགོས་རེད། ཁོང་།
- ཀད་དུང་ཆང་དེ་གཡང་བཞག་ཡིན་ཟེར་གག་བྱས་པ་རེད།
- ཁའོང་འོང་།
- ཀད་ཡང་ངས་ཉམས་ཞིབ་བྱས་པར་གཞིགས་ན་ཆང་རྒྱ་ནག་ལ་བཏུང་། ར་བཟི་བོད་ལ་འཁྱེར་ཡོང་མཁན་དེ་ཡང་ང་ཚོ་བོད་རིགས་རེད་ཤག།
- ཁའོང་གང་འདྲས་ཟེར།
- ཀདཔེར་ན་ང་སང་ཉིན་ཁྲང་ཏུའུ་ནས་ལྷ་ས་ལོག་འགྲོ་མཁན་རེད་པ། ད་དོ་དགོངས་ངས་ཁྲང་ཏུའུ་ལ་བསྡད་དུས། ངས་ཨམ་ཁག་ནང་གི་དངུལ་ཡོད་ཚད་ཀྱི་ཕིའི་ཆུའུ་ཉོས་བྱས། ཞབས་དག་བརྒྱབ་བྱས་མཚན་མོ་མཚན་གང་བསྡད་ཀྱི་རེད།
- ཀསང་ཉིན་ཞོགས་གས་ང་གོང་དཀར་གནམ་གྲུ་འབབ་ཐང་ནང་ནས་མར་དོན་བྱས་ར་མ་དྭངས་པཱ།
- ཁའོ་རྫི། འོ་རྫི་ལགས། ཞབས་འདྲེན་་ཞུ་གི་ཡོའོ་རེད་ད་ཡིན་ན།
- ཀཧྲེ་པོ། ཀྲ་ག་ཀྲ་ག་ཁྲང་པན་ཨར་ཟོའོ་ད་ནང་ལིའི་ཆུས་ལའི།
- ཁའོ་རྫི། དཔེ་སྲིད་དོགས་མེད།
- ཀལྷ་ས་སླེབས་ནའི་ཁྲང་པན་ཨར་ཟོའོ་རྙེད་ཀྱི་ཡོའོ་མ་རེད། ད་གཟིགས་དང་།
- ཁལྷན་རྒྱས་ཚོ་ང་རང་རེའི་མི་རིགས་ལ་དགའ་ཞེན་སྐྱེད་ཀྱི་འདུག་ལ། རང་རེའི་མི་རིགས་ཀྱི་བྱེད་སྟངས་ཁ་ཤས་ལ་ཁོང་ཁྲོ་ཡང་ཟ་གི་འདུག།
- ཀད་ག་རང་རེད། ངས་སོ་སོའི་མི་རིགས་འདི་ཡར་རྒྱས་གོང་འཕེལ་འགྲོ་བ་མཐོང་དུས། དངོས་གནས་ང་སྤོབས་པ་ཆེན་པོ་སླེབས་ཀྱི་འདུག ཡིན་ནའི་རྗེས་ལུས་ཀྱི་རྣམ་པ་དེ་གས་མཐོང་དུས། དངོས་གནས་སེམས་སྐྱོ་པོ་ཞེ་དྲག་འདུག་ག།
- ཁང་རང་རེའི་མི་རིགས་ཀྱི་དཔའ་བོ་དང་དཔེ་བཟང་པ་དེ་ཚོ་ལ་བསྟོད་གླུ་འབུལ་དགོས་ཀྱི་འདུག་ལ། རང་རེའི་མི་རིགས་ཀྱི་རྐང་འདྲེན་པ་དེ་ཚོ་ལ་འཕྱ་སྨོད་དང་ཟུར་ཟ་ཡང་བྱེད་དགོས་ཀྱི་འདུག་ག།
- ཀངས་སོ་སོའི་མི་རིགས་ཀྱི་གོམས་གཤིས་བཟང་པོ་དེ་ཚོའི་སློབ་སྦྱོང་ཞུ་གི་ཡིན། ཡིན་ནའི་གོམས་གཤིས་ངན་པོ་དེ་གས་ངེས་པར་དུ་སྤངས་ཐུབ་པ་བྱེད་ཀྱི་ཡིན།
- ཁད་འོ་ན། ཁྱེད་རང་མིག་དམར་ལགས་ཁྱེད་རང་ནང་བཞིན་ཁ་བདེ་པོ་ཀྱང་ཀྱང་བཤད་བྱས་བསྡད་པ་ཡིན་ན་ཅི་ཉིའི་སི་གི་འཛམ་གླིང་ཟིན་ཐོ་ག་དུས་སླེབས་ཐུབ་ཀྱི་རེད་ལགས།
- ཀཨཱ། བཞག་གནང་བཞག་གནངབཞག་གནང་། སྔོན་ལ་ང་ཚོའོ་ཐུབ་བསྟན་ལགས་ནང་བཞིན་འབོར་ཤོབ་ཀྱང་ཀྱང་བཤས་ཀྱི་བསྡད་ན་ཅི་ཉིའི་སི་གི་འཛམ་གླིང་ཟིན་ཐོའི་གཞུག་གུའི་སླེབས་ཐུབ་ཀྱི་རེད་པས་ཨ་ནི།
- ཁགཡུག་ཞོག།
- ཀགཡུག་མ་བཞག་རང་བཞག་རེད།
- ཁང་རང་གཉིས་གཞིག་པ་སྟོང་པ་གཞོང་འཛིང་བརྒྱག་ཡས་གའི་ཡོག་མ་རེད།
- ཀད་བྱས་ན་ལྷན་རྒྱས་ཚོས་ང་ཉིད་གཉིས་ལ་མ་གཟིགས་རོགས་གནང་།
- ཀབྱ་དེ་གདང་ལ་འཛག་པ་༼འཛེག་པ་༽ལྟ་བ་ལས། ཞི་མི་ཐུར་ལ་མཆོངས་པ་ལྟ་རྒྱུ་མེད། ཐུགས་ཆེའི་གནང་།