Video Overview
This song Toedla Ngaricha (Ngari in the upper region), sung by Tshering Denkar and her friend from Talo village, is a well-known song in the region. It is an old Boedra song, which describes and glorifies the three different places of upper, middle and lower Ngari in Tibet. These three places are crowded with hundreds of sacred temples and golden statues that dispel the darkness of the world with the precious light emitted from statues and temples.
རྟ་ལོག་གི་ལུང་ཕྱོགས་ནང་ ཡོངས་གྲགས་སྦེ་འཐེན་སྲོལ་ཡོད་པའི་ གླུ་གཞས་སྟོད་ལ་མངའ་རི་འདི་ ད་ལྟོ་ནཱ་ལུ་ ཚེ་རིང་སྒྲོལ་དཀར་དང་ ཆ་རོགས་ཚུ་གིས་སྦེ་འཐེནམ་ཨིན་མས། འབྲུག་གི་གླུ་གཞས་ཀྱི་དབྱེ་ཁག་ལས་ གླུ་གཞས་འདི་ བོད་སྒྲ་རྙིངམ་གྱི་གྲངས་སུ་ཚུདཔ་ཨིནམ་ད་ འདི་ནང་ བོད་ཀྱི་སྟོད་དང་སྨད་ འདི་ལས་བར་གསུམ་གྱི་སྐོར་ལས་ བཤད་པ་རྐྱབ་མ་ཚད་ ས་གནས་འདི་ཚུ་ དགོན་པ་བརྒྱ་དང་ སྐུ་འདྲ་ཚུ་གི་མཐའ་བསྐོར་ཏེ་ འདིའི་འོད་ཀྱིས་སྦེ་ འཇིག་རྟེན་འདིའི་མུན་པ་སེལ་དོ་ཟེར་མས།
- Talo
- Talo
- Punakha
- སྒྲོལ་དཀར་དང་ཆ་རོགས་སྟོད་ལ་མངའ་རིས་མ་(མི་)ཆགས། །སྟོད་ལ་མངའ་རིས་ཆགས། །
- སྒྲོལ་དཀར་དང་ཆ་རོགས་སྟོད་ལ་མངའ་རིས་གཙང་སྟོད། །བཀྲ་ཤིས་ལྷུན་པོ་ཆགས། །
- སྒྲོལ་དཀར་དང་ཆ་རོགས་གཙང་སྟོད་བཀྲ་ཤིས་ལྷུན་པོ། །ལྷ་ཁང་བརྒྱ་དང་རྩ་བརྒྱད། །
- སྒྲོལ་དཀར་དང་ཆ་རོགས་ལྷ་ཁང་བརྒྱ་དང་རྩ་བརྒྱད། །གསེར་སྐུ་གསུམ་སྟོང་ལྔ་བརྒྱ། །
- སྒྲོལ་དཀར་དང་ཆ་རོགས་གསེར་སྐུ་གསུམ་སྟོང་ལྔ་བརྒྱ། །འཛམ་གླིང་འོད་ཀྱིས་གང་། །
- སྒྲོལ་དཀར་དང་ཆ་རོགས་བར་ལ་མངའ་རིས་མ་(མི་)ཆགས། །བར་ལ་མངའ་རིས་ལ་ཆགས། །
- སྒྲོལ་དཀར་དང་ཆ་རོགས་བར་ལ་མངའ་རིས་བོད་ཀྱི། །ཆོས་འཁོར་ལྷ་ས་ལ་ཆགས། །
- སྒྲོལ་དཀར་དང་ཆ་རོགས་བོད་ཀྱི་ཆོས་འཁོར་ལྷ་ས། །ལྷ་ཁང་བརྒྱ་དང་ལ་རྩ་བརྒྱད། །
- སྒྲོལ་དཀར་དང་ཆ་རོགས་ལྷ་ཁང་བརྒྱ་དང་རྩ་བརྒྱད། །གསེར་སྐུ་གསུམ་སྟོང་ལ་ལྔ་བརྒྱ། །
- སྒྲོལ་དཀར་དང་ཆ་རོགས་གསེར་སྐུ་ཡར་རང་(ལ་)ཡར་མཆོད། །འཛམ་གླིང་འོད་ཀྱིས་ལ་གང་། །
- སྒྲོལ་དཀར་དང་ཆ་རོགས་སྨད་ལ་མངའ་རིས་མ་(མི་)ཆགས། །སྨད་ལ་མངའ་རིས་ལ་ཆགས། །
- སྒྲོལ་དཀར་དང་ཆ་རོགས་སྨད་ལ་མངའ་རིས་གནས་ཆེན། །ས་སྦྱི་ལྗོངས་བཞི་ལ་ཆགས། །(བསམ་ཡས་མི་འགྱུར་ལ་ཆགས་ཡོད། །)
- སྒྲོལ་དཀར་དང་ཆ་རོགས་གནས་ཆེན་ས་སྦྱི་ལྗོངས་བཞི། །(གནས་ཆེན་བསམ་ཡས་མི་འགྱུར། །)ལྷ་ཁང་བརྒྱ་དང་ལ་རྩ་བརྒྱད། །
- སྒྲོལ་དཀར་དང་ཆ་རོགས་ལྷ་ཁང་བརྒྱ་དང་རྩ་བརྒྱད། །གསེར་སྐུ་གསུམ་སྟོང་ལ་ལྔ་བརྒྱ། །
- སྒྲོལ་དཀར་དང་ཆ་རོགས་གསེར་སྐུ་ཡར་རང་(ལ་)ཡར་མཆོད། །འཛམ་གླིང་འོད་ཀྱིས་ལ་གང་།། །།