Skip to main content Skip to search
21 Jan 2016
9 min 23 sec
Video Overview
Creators: 
Sherig Dhentshog

Pema Selden from Norbugang in Pemagatshel district prepares an alcoholic beverage known as 'ara'. She shows the distillation process step by step, to produce ara from fermented grain mash.

 

༉  པདྨ་དགའ་ཚལ་ངང་ལམ་ལས་རྟེན་འབྲེལ་གྱིས་ ཁོ་རའི་གཡུས་ངང་ལམ་གྱི་ལོ་རྒྱུས་ཚུ་བཤད་པ་རྐྱབ་སྟེ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ མཁར་དང་མོང་སྒར་ གདུང་མིན་དང་སྦི་མཁར་གྱི་གཡུས་ཚན་ཚུ་ལས་ མི་ཚུ་གཅིག་ཁ་སྦེ་འོང་སྟེ་ གཡུས་དང་ས་གནས་ཚུའི་མིང་བཏགས་པའི་སྐོར་ལས་བཤད་དོ་ཡོདཔ་མས། ཁོ་གི་གཡུས་ཚན་འདི་ ཚལ་མ་ལས་སྦེ་འགྱུར་བཅོས་འབད་དེ་ མི་སྡོད་སའི་གཡུས་ཚན་ཅིག་སྦེ་ ག་དེ་སྦེ་བཟོ་ཡི་ག་གི་སྐོར་ལས་བཤད་པ་ཨིནམ་ད་ ད་རུང་ དེ་བསྒང་གཞི་གསར་འོང་མི་ཚུའི་གྲལ་ལས་ ངང་ལམ་ལུ་ ཚོང་ཁང་འགོ་ཐོག་བཙུགས་མི་ ཁོ་ར་དང་ ཁོ་གི་ཆ་རོགས་དག་པ་ཅིག་ཡོདཔ་མ་ཚད་ སྣུམ་འཁོར་ལམ་དེ་ཡང་ ག་དེ་སྦེ་བསལ་ཡི་ག་ དེ་ལས་ཤུལ་ལས་ ད་རེས་ཀྱི་ཁྲོམ་ཆུང་འདི་ལུ་ ག་དེ་སྦེ་གོང་འཕེལ་འགྱོ་ཡི་གའི་སྐོར་ལས་བཤདཔ་ཨིན་པས།

Transcript search
No results found for this search
0 of 0
  • རྟེན་འབྲེལ་/ Tendi:
    ལགས་སོ་ ནཱ་ ད་ལྟོ་ནཱ་ སློབ་དཔོན་གནས་ཚུལ་བསྡུ་ལེན་པ་འདི་ ནཱ་འབྱོན་ཏེ་ གནམ་མེད་ས་མེད་བཀའ་དྲིན་ཆེ་ཡི་ལགས། ད་ ཡར་ ང་གིས་ ཨ་ཙི་ཅིག་ ཚིག་གཅིག་གཉིངས་དེམ་ཅིག་ ད་ལྟོ་ཞི་ནི།
  • རྟེན་འབྲེལ་/ Tendi:
    ད་ལྟོ་གི་འདི་ ག་ཅི་སྨོ་ཟེར་བ་ཅིན་ དང་པོ་ ང་བཅས་ ཧེ་མ་ ག་ཏེ་ལས་འོང་ཡི་ག་ རྒྱུད་ དང་པོ་ ཧེ་མ་ ག་ཏེ་ལས་འོང་ཡི་ག་ འདི་ཨ་ཙི་ཅིག་ ག་ཏེ་ལས་ག་ཏེ་ལས་འོང་ཡི་ག་ འདི་ཨ་ཙི་ཅིག་ཞུ་ནི་ལགས།
  • རྟེན་འབྲེལ་/ Tendi:
    ད་ལྟོ་ དང་པོ་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་རའི་ ནཱ་ བདེ་ཆེན་གླིང་ལུ་ ངང་ལམ་ བདེ་ཆེན་གླིང་ ག་ཤ་རི་ འདི་ཚུ་གི་ ཧེ་མའི་འདི་ ནཱ་གི་མི་ མིན་ལགས་ ཧེ་མ་གི་འདི་ ཡར་ པདྨ་དགའ་ཚལ་ མཁར་ དེ་ལས་ པདྨ་དགའ་ཚལ་ལས་ དེ་ལས་ ཡར་ དུང་སྨད་ལས་ དེ་ལས་ ཡར་ མོང་སྒར་ལས་ དེ་ལས་ ག་ཅི་ ད་རུང་ཡར་ ག་ཅི་སླབ་ནི་དབའི་ ཡར་ བྷི་མཁར་ལས།
  • རྟེན་འབྲེལ་/ Tendi:
    འདི་ཚུ་ བྷི་མཁར་ འདི་ཚུ་ལས་འོང་འོངམ་ཨིན་ལགས། འདི་ཚུ་འོངམ་ད་ དང་པོ་འོང་སྟེ་ དང་པོ་ ཨ་རྒས་ཚུ་ ག་ར་ཨ་རྒས་ཚུ་མར་ལྟ་འོང་སྟེ་ མར་ལྟ་བསྐོར་ཏེ་ ས་ ས་ག་དེ་སྦེ་འདུག་ག་ ནཱ་ཆགས་ནའི་ས་བལྟ་སྟེ་འོང་ནུག་ཟེར་ཨིན་མས།
  • རྟེན་འབྲེལ་/ Tendi:
    དེ་ལས་ འོངམ་ད་ལུ་འདི་ ང་གིས་ཡང་མི་ཤེས་ གཏམ་ཅིག་ཨིན་ ཨ་རྒས་ཀྱིས་སླབ་པའི་གཏམ་ཅིག་ཨིན་ དེ་ལས་ ཡར་ལས་མར་འོངམ་ད་ མར་ལྟ་འོང་སྟེ་ དེ་ལས་འདི་ བདེ་ཆེན་གླིང་ ཡར་ མི་འཛམ་ཕུ་ལྷོད་ནུག་ཟེར་ཨིན་མས་ལགས།
  • རྟེན་འབྲེལ་/ Tendi:
    མི་འཛམ་ཕུ་ལུ་ལྷོདཔ་ད་ དེ་ལས་འདི་ ཁོང་ ཨ་རྒས་ཚུ་ག་ར་ ཕར་ བསྡོམས་ནུག་ལགས་ག་ར་ འཛོམས་སྟེ་ དེ་ལས་འོངམ་ད་ ཨ་རྒས་ཚུ་གིས་ ཡ་ ང་བཅས་ཚུ་ ད་འབདན་ ང་བཅས་ག་ར་ ནཱ་འཛོམས་ཡི་ མི་འཛོམས་མའི་ མི་འཛམ་ཕུ་ཟེར་མིང་བརྟགས་ནུག་ཟེར་ཨིན་མས་ལགས།
  • རྟེན་འབྲེལ་/ Tendi:
    དེ་ལས་འདི་ དམང་མཁར་ལུ་ལྷོད་ཅི་ཟེར་ཨིན་མས་ལགས་ དམང་མཁར་ལུ་འགྱོཝ་ད་ལུ་འདི་ དམང་མཁར་ལུ་ལྷོད་དེ་ དེ་ལས་འདི་ ཁོང་ལེ་ཤཱ་ མི་ག་ར་འཛོམས་སྟེ་ འདི་ལུ་ལེ་ཤཱ་ ཆགས་སྟེ་སྡོདཔ་ལས་ དེ་ལས་འདི་ མི་འཛོམས་མ་ དམང་མཁར་ཟེར་ དམང་འཛོམས་མའི་དམང་མཁར་ཟེར་སླབ་ནུག་དེ་འདི།
  • རྟེན་འབྲེལ་/ Tendi:
    དེ་ལས་འདི་ འདིའི་མར་ལྟ་ ཁོང་ཚུ་གིས་ མིང་བརྟགས་སྟེ་རང་ དམང་མཁར་ དེ་ལས་ མིང་བརྟགས་སྟེ་ ག་ར་མིང་བརྟགས་སྟེ་ ང་བཅས་རའི་ ག་ཤ་རི་ལྷོད་ནུག་ལགས། ག་ཤ་རི་ལྷོདཔ་ད་འདི་ ཆུ་ཐུང་སྟེ་སྡོད་ནུག་ཟེར་ཨིན་མས་ལགས། ཀ་ཤ་གཅིག་ཆུ་ཐུང་སྟེ་སྡོད་དེ་ དེ་ལུ་འདི་ ག་ཤ་རི་ཟེར་བརྟགས་ཡི་ཟེར་ཨིན་མས་ལགས།
  • རྟེན་འབྲེལ་/ Tendi:
    དེ་ལས་ ནཱ་ ངང་ལམ་འདི་ ངང་ལམ་ལུ་འདི་ ག་ཏེ་ལུ་ཡང་འགྱོ་མ་ཤེས་པར་ ཨོལ་ལྐོག་སེང་སྟེ་སྡོད་སྡོདཔ་མས་ཁོང་ མར་ལྟ་འགྱོ་རུང་མིན་ ཆུ་གཅིག་ ཡར་ལྟ་འགྱོ་འདི་བཟུམ་ལྷོདཔ་ད་ ནཱ་ ངང་ལམ་ལུ་ལྷོདཔ་ད་ དེ་ལས་འདི་ འདི་ནང་ངངམ་ལས་(ཐེ་ཚོམ) ད་ ངང་ལམ་ཟེར་བརྟགས་ནུག་ཟེར་ཨིན་མས་ལགས།
  • རྟེན་འབྲེལ་/ Tendi:
    དེ་ལས་དེ་སྦེ་ དེ་སྦེ་ཨིན་ ནཱ་ ཧེ་མ་ དེ་ལས་འདི་དེ་ ཁོང་ འ་ནི་ཚུ་ ག་ར་ཚར་ཞིནམ་ལས་ དེ་ལས་འདི་ མི་ཚུ་གིས་ དེ་ལས་འདི་ འ་ནི་བཟོ་ཡི་ཟེར་ཨིན་མས་ལགས་ རུ་ཏོག་བཟོ་ནུག་ལགས་ རུ་ཏོག་ རུ་ཏོག་འདི་ ཉ་གཅིག་བཟུང་ནུག་ ཉ་གཅིག་ ཉ་ མཚོ་གསུམ་གཏོགས་ནུག་དྲན་དྲ་སྦེ་ གཏོགས་སྟེ་ དེ་ལས་ མགུ་ཏོག་ཐོབ་མི་འདི་ ཤར་མཚོ་ཟེར་ལེན་ཡི་ཟེར་ཨིན་མས་ལགས།
  • རྟེན་འབྲེལ་/ Tendi:
    བརྟགས་ནུག་ དེ་ལས་ རུ་ཏོག་བརྟགས་ནུག་ དེ་ལས་འདི་ བར་ན་ཐོབ་མི་འདི་ བར་གྱི་ ར་ཐོབ་མི་འདི་ ར་གྱི་ཟེར་བརྟགས་ནུག་ཟེར་ཨིན་མས་ལགས། དེ་ལས་ཡར་ལྟ་བརྟགས་སྟེ་ དེ་ལས་ ནཱ་ བདེ་ཆེན་གླིང་ལུ་ འ་ནཱ་འཛོམས་སྟེ་ དེ་ལས་ རུ་ཏོག་དང་ དེ་ལས་འདི་ གཉེན་འདི་ ཤར་མཚོའི་རུ་ཏོག་འདི་ གཉེན་འདི་བར་དང་ར་ལུ་བཏུབ་ཟེར་བཞག་ནུག་ དེ་སྦེ་བཟོ་ནུག་ཟེར་ཨིན་མས་ལགས།
  • རྟེན་འབྲེལ་/ Tendi:
    འདི་དེ་ དེམ་ཅིག་སྦེ་ ང་གིས་འདི་དེ་ འ་ནི་སྦེ་ཚར་ནི་ ང་ཡང་ དང་པོ་ ནཱ་ལས་མིན་ལགས་ མཁར་ལས་ཨིན་ མཁར་མཁོ་ཆེའི་བརྒྱུད་པ་ཨིན་ལགས་ང་ འ་ནི་ ནཱ་ ལྷོད་དེ་ ང་བཅས་ ངའི་མི་རབས་བདུན་འགྱོཝ་ཨིན་ལགས།
  • རྟེན་འབྲེལ་/ Tendi:
    དེ་ལས་ ད་ལྟོ་ ཡར་ མཁར་ལས་མར་ལྟ་འོང་སྟེ་ ཨ་རྒས་ ཁོང་ མཁར་གཅིག་ལུ་ སྤུན་ཆ་གཉིས་སྡོད་ཡི་ཟེར་ཨིན་མས་ལགས། སྤུན་ཆ་གཉིས་སྡོད་ས་ལས་ ད་ སྤུན་ཆ་ཆུང་ཤོས་ཀྱི་མིང་འདི་ མཁར་ ཨ་རྒས་ དེང་ཕ་ཟེར་སྡོད་ནུག་ལགས། དེང་ཕ་འདི་ ནཱ་འོང་སྟེ་ ཁོང་སྤུན་ཆ་གཉིས་ མ་འཆམ་པར་ ཨ་ཙི་ཅིག་ ཁོ་དང་ཆད་དེ་འོང་སྟེ་ དེ་ལས་ ནཱ་ བདེ་ཆེན་གླིང་ ང་བཅས་ནཱ་ ག་ཤ་རི་ལུ་འོང་སྟེ་འཚོལ་ནུག་ཨམ་སྲུ།
  • རྟེན་འབྲེལ་/ Tendi:
    ཨམ་སྲུ་ ག་ཤ་རི་ལུ་འོང་སྟེ་འཚོལ་ཏེ་ དེ་ལས་འདི་ ང་བཅས་ནཱ་གི་འདི་ ང་བཅས་ ང་གིས་ ད་ལྟོ་ མཁར་ལས་འོང་སྟེ་ ད་ལྟོ་ ང་བཅས་ཀྱི་ མི་རབས་བདུན་འགྱོ་ཨིན་ལགས།
  • རྟེན་འབྲེལ་/ Tendi:
    དེ་ལས་འདི་ད་ལྟོ་ འདི་ལས་ཚར་ཡི་ལགས། དེ་ལས་འདི་ ནཱ་གི་ ང་གིས་ ནཱ་ ངང་ལམ་གྱི་རིམ་པ་ ཨ་ཙི་ཅིག་ཞུ་ནི་ལགས། ངང་ལམ་གྱི་འདི་ ང་ ག་ཤ་རི་ལས་ཨིན་ ཨིན་ནི་འདི་ ག་ཤ་རི་ལས་འོང་སྟེ་ ཨོམ་ ནཱ་ལུ་ལྷོད་དེ་ ངང་ལམ་འོང་སྟེ་ ལོ་ གནམ་ལོ་༡༩༧༢་ལས་ཡར་ལྟ་སྡོད་ཡི་ལགས་ ནཱ་འོང་སྟེ་ ད་ལྟོ་ལོ་ ༤༣་ཡར་ལྟ་འགྱོ་དེས།
  • རྟེན་འབྲེལ་/ Tendi:
    དེ་ལས་ ནཱ་ལྷོད་དེ་ ནཱ་ ངང་ལམ་ ག་ར་ ཚལ་མ་སྡོད་ཡི་དེ་སྒང་ ཚལ་མ་སྡོད་དེ་ འ་ནི་ཚལ་མ་ གནམ་མེད་ས་མེད་ ཚལ་མ་སྦོམ་སྡོད་ཡི་ འདི་ཚུ་ག་ར་ ང་བཅས་ཀྱིས་བཤུབ་སྟེ་ དེ་ལས་ ཧེ་མ་ དྲུང་པ་ཡང་ བདེ་ཆེན་ལུ་སྡོད་ཡི་ལགས།
  • རྟེན་འབྲེལ་/ Tendi:
    དེ་བསྒང་ལུ་ ང་བཅས་འོང་བའི་སྒང་ དྲུང་པ་ ཀྲང་ དྲང་ཅུང་ཟེར་སྡོད་ཡི་ལགས་ དམག་མི་ནང་ལས་ཐོན་ཏེ་ ནཱ་ དྲུང་པ་འབད་ཕོག་མི་ འ་ནི་དྲུང་པ་ ཡར་ བདེ་ཆེན་གླིང་སྡོད་ཡི་ ང་བཅས་ནཱ་གི་འདི་ གཡུས་རང་མེད་པར་ལགས་ ངང་ལམ་ལུ་གཡུས་རང་མེདཔ་སྦེ་སྡོད་ཡི་དེ་སྒང་།
  • རྟེན་འབྲེལ་/ Tendi:
    དེ་ལས་ ཚོང་ཁང་ ང་བཅས་ ཚོང་ཁང་ བརྒྱད་དེམ་ཅིག་སྡོད་ཡི་ བདུན་བརྒྱད་དེམ་ཅིག་ འདི་ནང་འོང་སྡོད་དེ་ ང་བཅས་ཚུ་ནཱ་ལས་མར་ལྟ་ འ་ནཱ་ལས་འབད་དེ་ མར་ལས་ གནམ་མེད་ས་མེད་དཀའ་བ་སྤྱོད་ཡི་ཧེ་མ་ ལམ་མེད་པར་ ནག་ཚལ་ནང་ན་ མར་ ནག་ཚལ་ནང་ན་ རྒྱ་གརཔ་ཚུ་ལུ་བཀལ་ཏེ་འབག་འོང་ལགས་ ཕར་(རྩིའུ་གཅིག་གི་རིགས)ལུ་འབད་དེ།
  • རྟེན་འབྲེལ་/ Tendi:
    དེ་སྦེ་འབག་སྟེ་ བིས་ཀུ་ཀྲི་ཚུ་ ག་ཅི་ ཨ་ཙི་རེ་ འབད་དེ་ ཙོང་སྟེ་ དེ་སྦེ་སྡོད་འོང་ནཱ་ལུ་ དེ་ལས་ འདི་ལས་འོང་སྟེ་ དེ་སྦེ་འབད་དེ་འབད་དེ་ དེ་ལས་འདི་ འདི་ལས་ཧ་ལམ་ཅིག་ལས་ ད་ལས་འདི་ ང་བཅས་ནཱ་ལུ་ མི་རྩིས་མེད་ལགས།
  • རྟེན་འབྲེལ་/ Tendi:
    མི་རྩིས་མེདཔ་ལས་ ང་བཅས་བཞི་སྦེ་ མི་རྩིས་བཙུགས་སྟེ་ ཧེ་མ་ ཨ་རྒས་ སློབ་དཔོན་ དབང་འདུས་ཀྱི་ཨ་པ་ འཆི་མེད་རྡོ་རྗེ་ཟེར་སྡོད་ཡི་ དེ་ལས་ དཔལ་འབྱོར་ཟེར་སྡོད་ཡི་ ཡོན་ཏན་ཟེར་སྡོད་ཡི་ ང་ ང་བཅས་བཞི་རང་ཨིན་ ཧེ་མ་ མི་རྩིས་ དེ་ལས་ དྲག་ཤོས་ དྲང་ཅུང་གི་སྐབས་ལུ་ བསམ་རྫོང་མཁར་ རྫོང་ཁག་ བསམ་སྒྲུབ་ལྗོངས་མཁར་སྡོད་ཡི་ལགས།
  • རྟེན་འབྲེལ་/ Tendi:
    འདིའི་བསྒང་ལུ་ ང་བཅས་ནཱ་ལུ་ མི་རྩིས་འབག་ཡི་ལགས་ངང་ལམ་ལུ་ མི་རྩིས་འབད་དེ་ དེ་ལས་འདི་ ད་ལྟོ་ འདི་ མི་རྩིས་ ལེ་ཤཱ་འགྱོ་དེས་ཡོད་ལགས་ དེ་བསྒང་ལུ་ དེ་སྦེ་འབད་དེ་ ད་ འདི་ལས་འདིའི་ སྦུག་ལུ་ འ་ནཱ་ཚར་སྦེ་འབད་དེ་ ག་ར་ ས་སྤག་འབད་དེ་ འ་ནི་ཚུ་འདི་ དེ་ལས་འདི་ རྒྱལ་ཚབས་འབྱོན་ཡི་རྒྱལ་ཚབས།
  • རྟེན་འབྲེལ་/ Tendi:
    འ་ རྒྱལ་ཚབས་འབྱོན་ཏེ་ རྒྱལ་ཚབས་འབྱོན་ཞིན་ན་ རྒྱལ་ཚབས་ཀྱི་ ནཱ་ལས་ ང་བཅས་ ཁྱེད་ཚུ་ ང་བཅས་ ཚོང་པ་ཟེར་རུང་ ལེ་ཤཱ་མེད་ལགས་ ལེ་ཤཱ་ མི་སེར་ མང་ ག་ར་ བདེ་ཆེན་གླིང་མང་ག་ར་ ནཱ་སྦོག་སྟེ་ ཁྱེད་ཚུ་གིས་ ལམ་སེལ་ན་ ལམ་སེལ་ན་ དེ་ལས་ ང་བཅས་ཚུ་གིས་ སེལ་ནི་ཟེར་ ལམ་གཅིག་ཡོད་པ་ཅིན་ ལེགས་ཤོམ་འོང་ནི་ཨིན་མས་ཟེར་ཞུ་ཡི།
  • རྟེན་འབྲེལ་/ Tendi:
    འདི་སྦེ་ནི་དེ་གིས་ ཡ་ ལམ་སེལ་ནི་ཨིན་པ་ཅིན་བཏུབ་ སེལ་ཟེར་བཀའ་ དེ་ལས་ ཕར་ལས་ བརྟག་ཞིབ་ཡང་ ནག་ཚལ་ལས་ཁུངས་ནང་ལས་ རྒྱ་གརཔ་གཅིག་འདུག་ རྒྱ་གརཔ་ བཟོ་རིག་པ་གཅིག་ འ་ནི་འོང་སྟེ་ འབད་དེ་ ང་བཅས་ནཱ་ལུ་ ཟླཝ་དྲུག་དེམ་ཅིག་ཁ་ལུ་འདི་ ལམ་གཏོན་ཡི།
  • རྟེན་འབྲེལ་/ Tendi:
    ལམ་གཏོན་ཏེ་ ལྕགས་གར་ཚུ་ ད་ལྟོ་འདི་ ཧེ་མ་འདི་ ག་ཅི་འོང་ནི་ གཡང་ལི་ ཀེ་བ་གཏོན་པའི་གཡང་ལི་ཨིན་ལགས། འ་ནི་གཡང་ལི་གིས་ གསལ་ཏེ་ ལྕགས་ཁར་ཡང་མེད་པར་ ལྕགས་གར་ཡང་ འ་ནི་ བྱུང་རོག་ཤིང་གཏོགས་སྟེ་ འདི་གིས་རྡོ་ག་ར་ ལོང་སྟེ་ དེ་སྦེ་གསལ་ཏེ་ ནཱ་འབག་སྟེ་ ངང་ལམ་ལུ་ལྷོད་ཅི་ལགས།
  • རྟེན་འབྲེལ་/ Tendi:
    ལྷོད་དེ་ སྣུམ་འཁོར་ལྷོད་དེ་ དེ་ལས་འདི་ ད་རུང་ དེ་ལས་ རྒྱལ་ཚབས་འབྱོད་དེ་ རྒྱལ་ཚབས་ཀྱིས་ ད་རུང་ ང་བཅས་ལུ་ ང་བཅས་ལྟོ་གནང་སྟེ་ ལྟོ་གཅིག་ནམ་གཅིག་(ཚོདམ་གཅིག)གནང་སྟེ་ དེ་ལས་འདི་ ད་རུང་ གེན་སྟི་ ལྕགས་གར་ འ་ནི་ ཟཱད་པ་(རྙིངམ་འགྱོ་མི་/ཆུང་ཀུ)གེན་སྟི་ ལྕགས་གར།
  • རྟེན་འབྲེལ་/ Tendi:
    དེ་ལས་ སྟ་རེ་ ཟོརཝ་ རྟོག་རྩེ་ ཧེམ་ ག་ར་གནང་ནུག་ ང་བཅས་ལུ་ལགས། གནང་སྟེ་ ང་བཅས་ཚུ་དཀའཝ་སྤྱོད་ཡི་ཟེར་ གནང་སྟེ་ ནཱ་ལུ་འབད་དེ་ དེ་ལས་ནཱ་ ལྟོ་གཅིག་ཡང་ གནང་སྟེ་ ང་བཅས་མང་ལུ་ ནཱ་ བདེ་ཆེན་གླིང་མང་ ནཱ་ ང་བཅས་ནཱ་ ངང་ལམ་དྲུང་ཁག་འོག་གཅིག་མི་ ག་ར་གནང་སྟེ།
  • རྟེན་འབྲེལ་/ Tendi:
    དེ་ལས་ ཟ་སྟེ་ དེ་ལས་འདི་ འ་ནཱ་ལས་འབད་དེ་ དེ་ལས་ ལམ་ལྷོད་དེ་ ང་བཅས་ཡང་འདི་ལས་ཡར་ལྟ་ ཨ་ཙི་ཅིག་དྲག་ཡི་ལགས། དེ་ལས་ འ་ནི་ཨིན་ཟེར་ དེ་ལས་ ཁོང་གི་ དྲུང་ཁག་ཡང་ མར་ འབག་ཡི་ནཱ་ལུ་ དྲུང་ཁག་མར་ལྟ་ འབག་སྟེ་ དེ་ལས་འདི་ དྲུང་ཁག་ ཁོ་ དྲག་ཤོས་ ཀྲང་ཅུང་རང་འོང་ཡི་ཧེ་མ་ དྲུང་ཁག་འོང་སྟེ། དེ་ལས་ འདིའི་རྟིང་བརྡ་སྟེ།
  • རྟེན་འབྲེལ་/ Tendi:
    དྲག་ཤོས་ མཁའ་འགྲོ་ཟེར་མི་ལྷོད་ཅིག་ དེ་ལས་ ཡར་ ད་ལྟོའི་དྲུང་པ་རང་གསུམ་ བཞི་ ལྔ་དེམ་ཅིག་འགྱོ་ཨིན་ནཱ་ལུ་བཟོ་སྟེ་ དེ་སྦེ་འབད་དེ་ འ་ནཱ་ལས་ ད་ལྟོའི་ ཨ་ཙི་རེ་འབག་སྟེ་ ད་ལྟོ་གི་འདི་ ཨ་ཙི་རེ་འབད་དེ་ ད་ལྟོ་ དེམ་ཅིག
  • རྟེན་འབྲེལ་/ Tendi:
    ང་བཅས་དཀའཝ་གནམ་མེད་ས་མེད་སྤྱོད་ཡི་ལགས་ གནམ་མེད་ས་མེད་ནཱ་ལུ་སྤྱོད་དེ་ ཧེ་མ་འདི་ འགལ་ཏོག་ཁར་བཀལ་ཏེ་འབག་ ག་ར་འགལ་ཏོག་ཁར་བཀལ་ཏེ་འབག་སྟེ་ དཀའཝ་སྤྱོད་དེ་ སྤྱོད་དེ་ ད་ལྟོ་འདི་ འདི་ལས་ ཡབ་རིན་པོ་ཆེ་འབྱོན་ཏེ་ ཡབ་རིན་པོ་ཆེ་ ནཱ་འབྱོནམ་ད་ ལེགས་ཤོམ་འབད་དེ་ འབད་དེ་ དེ་ལས་ ད་ལྟོ་འདི་ ལམ་ཡང་གཏོན་ཏེ།
  • རྟེན་འབྲེལ་/ Tendi:
    དེ་ལས་ ཡབ་རིན་པོ་ཆེ་འདི་ གནམ་མེད་ས་མེད་ ང་བཅས་ཚུ་ལུ་ སྐྱིད་སྡུག་གཟིགས་སྟེ་ ང་བཅས་མི་སེར་ཚུ་ལུ་ སྐྱིད་སྡུག་གཟིགས་སྟེ་གནངམ་ཨིན་ད་ལྟོ་ ད་ལས་ཕར་ ད་ལྟོ་ཡང་གནང་སྟེ་ ད་ལས་ཕར་གནམ་མེད་ས་མེད་གནང་པའི་བསྒང་ལས་ གནམ་མེད་ས་མེད་རེ་བ་སྦོམ་ཡོད་ ཡབ་རིན་པོ་ཆེ་ལུ།
  • རྟེན་འབྲེལ་/ Tendi:
    ང་བཅས་ཚུ་ཡང་ དེ་ལས་འ་ནི་ལུ་ཡང་ ང་བཅས་ཚུ་ཡང་ འ་ནཱ་ གནམ་ལོ་ འ་ནཱ་ ངང་ལམ་གྱི་འདི་ གནམ་ལོ་ ༡༩༧༢་ལས་ཡར་ལྟ་འདི་ལགས་ ད་ལྟོ་ འ་ནཱ་ཁྱིམ་འདི་ཨ་ཙི་ཅིག་ ང་བཅས་རའི་ ཚོང་ཁང་ལུ་ ང་བཅས་རའི་ནཱ་ཁྱིམ་ཡོད་ འ་ནི་འདི་ཡང་ དང་པོ་ དེམ་ཅིག་ལས་ཡར་ལྟ་སྡོད་ཡི།
  • རྟེན་འབྲེལ་/ Tendi:
    ང་བཅས་རའི་ མིང་ཁ་ རང་དབང་ལུ་ ཨ་ཙི་ཅིག་གནང་པ་ཅིན་ གནམ་མེད་ས་མེད་བཀའ་དྲིན་ཆེ་ནི་ཨིན་མས་ཟེར་མནོ་དོ་ལགས། དེ་ལས་ འ་ནི་ ང་བཅས་ཚུ་ཡང་ ཨ་ཙི་ཅིག་ དང་པོ་འདི་ ག་ཅི་ཡང་མེད་ ཚལ་མ་ནང་གི་ ཀེ་བ་ཚུ་ག་ར་ཟ་སྟེ་ དེ་སྦེ་སྡོད་མི་ མི་ཨིན་ལགས་ ཨ་ཙི་ཅིག་ དེ་སྦེ་གནང་བ་ཅིན་ གནམ་མེད་ས་མེད་ལེགས་ཤོམ་འོང་ནི་མས་ཟེར་མནོཝ་ཨིན་ལགས།