Skip to main content Skip to search
21 Jan 2016
21 min 2 sec
Video Overview
Creators: 
Sherig Dhentshog

A local lay monk from Nganglam in Pemagatshel district talks about the changes in his village. He mostly stresses on the changes and development of religious practices. He mentions the spiritual masters that visited the village and recruited students and followers, how the Pema Lingpa tradition was practiced and after that Tersar, the new tradition of Dudjom became the major practice. Later the monk touches briefly on how people in the olden days were very poor and how that has changed with modern developmental activities. He credits the development to the noble leadership of the hereditary monarchs.

༉  གློག་བརྙན་འདི་ནང་ གཡུས་ཁའི་ཆོསཔ་ཅིག་གིས་ ཁོ་ར་སྒེར་གྱི་ལོ་རྒྱུས་དང་ཅིག་ཁར་ ཁོ་རའི་གཡུས་ངང་ལམ་ལུ་ གོང་འཕེལ་གྱི་ལས་སྣ་ཚུ་ག་དེ་སྦེ་ར་འགྱུར་བཅོས་འགྱོ་ཡི་གའི་སྐོར་ལས་བཤད་དོ་ཡོདཔ་ད་ ཁོ་གིས་མང་ཤོས་ཅིག་ ཁོ་རའི་གཡུས་ཁ་ལུ་ཆོས་ཀྱི་ལས་སྣ་ཚུ་ འགྱུར་བཅོས་དང་གོང་འཕེལ་ག་དེ་སྦེ་འགྱོ་ཡི་གའི་སྐོར་ལས་གཙོ་བོར་བཏོན་ཏེ་ གཡུས་དེ་ཁར་ བླམ་ག་དང་ག་བྱོན་ཞིནམ་ལས་ སློབ་མ་དང་རྗེས་འཇུག་ག་དེ་སྦེ་ཡོདཔ་ཨིན་ན་དང་ ཧེ་མ་པདྨ་གླིང་པའི་ཆོས་ལུགས་སྡོད་སྡོདཔ་ཨིན་རུང་ ཤུལ་ལས་ རྒྱ་ཆེ་ཏོག་ཏོ་སྦེ་ར་དར་ཁྱབ་འགྱོ་མི་ བདུད་འཇོམས་གཏེར་གསར་གྱི་ཆོས་ལུགས་འདི་  ག་དེ་སྦེ་དར་ཁྱབ་འགྱོ་ཡི་ག་ཚུའི་སྐོར་ལས་བཤདཔ་ཨིན་པས། དེ་ལས་ཁོ་གིས་ མཐའ་ཟུར་གྱི་གཡུས་ཅིག་འབདཝ་ལས་ དང་ཕུ་གི་མི་ཚུ་ ག་དེ་སྦེ་དཀའཝ་སྤྱད་ཅི་ག་དང་ ད་རེས་ནངས་པར་ གོང་འཕེལ་ཤུགས་སྦེ་ར་སོང་ཡོད་པའི་སྐོར་ལས་ཡང་བཤད་ནི་འདུག དེ་བསྒང་ ཁོ་ར་ཆུང་ཀུ་སྦེ་སྡོད་པའི་སྐབས་དང་ ད་རེས་ནངས་པའི་གནས་སྟངས་ལུ་གཞི་བཞག་སྟེ་ རྒྱལ་བརྒྱུད་དང་གོངམ་དམ་ཚིག་ཅན་ཚུ་གིས་འབད་ ཁོ་གི་གཡུས་ཁའི་གནས་སྟངས་འགྱུར་བཅོས་སོང་ཡོད་པའི་སྐོར་ལས་བཤདཔ་ཨིན་པས།

Transcript search
No results found for this search
0 of 0
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ད་ལྟོ་ ང་རའི་ངོ་སྤྲོད་ཅིག་ཞུ་བ་ཅིན་ ང་གི་མིང་ བསྟན་འཛིན་ཆོས་རྒྱལ་ཟེར་ཞུཝ་ཨིན་ལགས།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    དེ་ལས་ འགོ་ནས་སྐོར་ལས་ཨ་ཙི་ཅིག་ཞུ་བ་ཅིན་ ད་ལྟོ་ འགོ་ནས་འདི་ ཆོས་སྡེ་ལྷན་ཚོགས་ནང་ ང་བཅས་རའི་ ཁྲི་འཛིན་འབད་ ཕྱག་ཞུ་སྟེ་ ལོ་གསུམ་ལྷག་ཅི་འགྱོ་དོ་ཟེར་ཞུ་ནི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ཧེ་མ་འབད་བ་ཅིན་ ང་འདི་ ང་བཅས་རའི་ ངང་ལམ་ལུ་ ནོར་བུ་བསྒང་རྒེད་འོག་ངང་ལམ་ སྨན་ཆུ་བཀྲ་ཤིས་ཆོས་གླིང་སྒོམ་སྡེ་འདི་ལུ།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    འདི་ལུ་ ང་རང་འཚོ་སློབ་སྦེ་ རྩིས་པ་སྦེ་ ལོ་མང་རབ་ཅིག་ཕྱག་ཞུ་ཡི་ཟེར་ཞུ་ནི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ད་ལྟོ་འདི་ཆོས་སྡེ་ ཆོས་སྡེ་ལྷན་ཚོགས་ནང་ ང་བཅས་རའི་ཁྲི་འཛིན་སྦེ་ཕྱག་ཞུ་དོ་ཟེར་ཞུ་ནི་ལགས།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    འུམ་ ང་བཅས་རའི་ འདི་གི་ཨ་ཙི་ཅིག་ཞུ་བ་ཅིན་ དང་ཕུའི་གནས་སྟངས་དང་ ད་ལྟོའི་བར་ན་ ག་བཟུམ་ཡོདཔ་ཨིན་ན་ འདིའི་སྐོར་ལས་ ཨ་ཙི་ཅིག་ཞུ་བ་ཅིན།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ཧེ་མ་གི་དང་ ད་ལྟོའི་བར་ནའི་ གོང་འཕེལ་དང་ཆར་གཞིའི་སྐོར་ལས་ ཨ་ཙི་ཅིག་ཞུ་བ་ཅིན་ བརྒྱ་ཆ་ལྷ་ལམ་ ༧༠དེམ་ཅི་ནང་ གོང་འཕེལ་སོང་ཡི་ཟེར་ཞུ་ནི་ཨིན་ལགས།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    དེ་ལས་ ད་ལྟོའི་བར་ན་ ང་བཅས་རའི་གནས་སྟངས་ག་བཟུམ་ལུ་ལྷོད་ཅི་ག་ཟེར་བ་ཅིན་ གནམ་མེད་ས་མེད་ ང་བཅས་རའི་ འབྲུག་རྒྱལ་ མི་དབང་ཡབ་སྲས་ཚུ་གིས་
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ཐུགས་རྗེ་བྱིན་རླབས་ལས་རྟེན་ཏེ་ གནམ་མེད་ས་མེད་ མི་ཚུ་དགའ་སྐྱིད་ངང་ལུ་སྡོད་དེ་ཡོད་ཟེར་ཞུ་ནི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    དེ་ལས་ ཨོམ་ འདི་དང་འབྲེལ་ ག་ཅི་ཞུ་ནི་སྨོ་ཟེར་བ་ཅིན་ ང་བཅས་རའི་དང་ཕུའི་ལོ་རྒྱུད་ཐུང་ཀུ་ཅིག་ཞུ་བ་ཅིན་ ང་འདི་སྐྱེ་ལོ་ག་དེམ་ཅི་སོང་ཡི་ག་ཟེར་བ་ཅིན་ སྐྱེ་ལོ་ད་ལྟོ་ ༤༢་དེམ་ཅི་སོང་ཡི་ཟེར་ཞུ་ནི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ༤༢་ནང་ལུ་ ང་ཆུང་ཀུ་བསྒང་ལས་ ལོ་༡༦་ལས་ཡར་ ང་ཆོས་ལུ་སོང་ཡི་ཟེར་ཞུ་ནི། ང་རའི་ཨ་པ་ཡང་གཡུས་ཁ་ དབུ་མཛད་འབད་དེ་ ལོ་༣༠་དེམ་ཅིག་ཕྱག་ཞུ་ནུག
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ང་རའི་ཨ་རྒས་ཡང་ ཧེ་མའི་ཆོས་རྒྱུད་དུང་རྒྱུདའི་མི་བརྒྱུད་ཅི་ཨིན་ཟེར་ཞུ་ནི་ ང་རའི་ཨ་མ་ཧོང་ལས་ཡང་ ཆོས་རྒྱུད་ཨིན་ལགས། དུང་རྒྱུད་ཨིན་ལགས། ང་རའི་ཨ་པའི་ཧོང་ལས་ཡང་ ཆོས་བརྒྱུད་དུང་བརྒྱུད་ཅིག་ཨིན་མས་ལགས།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ཨིན་དེ་རང་འབད་རུང་ ཆོས་ཡང་དག་པ་ཅི་ འབད་མ་ཚུགས་སྟེ་རང་འབད་རུང་ ང་བཅས་འདི་ ཨ་ཙི་ཅིག་ཆོས་ལུ་འབྲེལ་བ་ཡོད་མི་ ཆོས་ཀྱི་བརྒྱུད་པ་བཟུམ་ཅི་ཨིན་ཟེར་དེ་སྦེ་ཞུ་ནི་ལགས།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    མ་འོངས་པའི་ ང་བཅས་རའི་ ན་གཞོན་ཚུ་ལུ་ཡང་ འདི་བཟུམ་སྦེ་ ང་བཅས་རའི་ རང་ལུགས་ལམ་སྲོལ་འདི་ བདག་འཛིན་འབད་ནིའི་དོན་ལས་ གནམ་མེད་ས་མེད་ འདི་བཟུམ་ ཐུགས་རྗེ་རྒྱ་སྦོམ་སྦེ་ ག་ར་གནང་དགོཔ་འདུག་ཟེར་ཞུ་ནི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ད་ལྟོ་ ང་རང་འབད་རུང་ ག་དེ་སྦེ་ཡོད་སྨོ་ཟེར་བ་ཅིན་ ང་རའི་ཨ་ལོ་བུཚ་བཞི་ཡོད་ ཨ་ལོ་བཞི་ བུཚ་རྒས་ཤོས་གཉིས་ ད་ལྟོ་ རྫོང་གསང་བྱམས་ཡང་མཁན་རྩེ་རིན་པོ་ཆེའི་ དགེ་སློང་སྦེ་འཕུལ་ཏེ་ཡོད་ཟེར་ཞུ་ནི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ད་ལས་ ཨོམ་ ང་རང་འབད་རུང་བླ་མ་ ག་ལུ་གཏན་ཡི་ག་ཟེར་བ་ཅིན་་ཧ་མའི་ ང་བཅས་རའི་ བླ་མ་ པདྨ་དབང་ཆེན་ བར་མཚམས་བླ་མ་ཟེར་ཞུ་དེས།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ང་རའི་ཨ་མ་ཡང་ འདིའི་ཨ་ཎེ་མོ་ཨིན་ འདི་ལུ་ ཨ་མ་སྨཱན་ཏ་ཟེར་ཞུ་ནི་ འདི་དེ་ བླ་མ་པདྨ་དབང་ཆེན་གྱི་གསང་ཡུམ་འདི་ ཨ་མ་སྨཱན་ཏ་གི་ འདིའི་ ཨ་ཎི་མོ་ཨིན་ ངའི་ཨ་པ་ཡང་ འདིའི་ སྒོམ་ཆེན་སྦེ་སྡོད་དེ་ཨིན།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    འདི་སྦེ་ནི་དེ་གིས་ ང་ཡང་ཧེ་མ་ ལོ་བཅུ་དྲུག་ལས་ཡང་ལྟ་ བླ་མ་ པདྨ་དབང་ཆེན་གྱི་ སློབ་མ་དང་པ་ སློབ་དཔོན་བསྟན་འཛིན་དྲག་པ་ཟེར་ ང་བཅས་རའི་ནཱ་ལུ་ བླ་མའི་ ནཱ་ལུ་གཡུས་མཐའ་ཟུར་གཅིག་ཨིན་པས་ཟེར།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    དང་པ་ནཱ་ལུ་ ཆོས་གནམ་མེད་ས་མེད་ཅིག་དར་ས་མིན་འདུག་ཟེར་ འདི་བཟུམ་ཐུགས་རྗེ་གནང་སྟེ་ གཉེན་ཡང་ ང་བཅས་ནཱ་ལས་གནང་སྟེ།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    སློབ་དཔོན་བསྟན་འཛིན་དྲག་པ་འདི་ ང་བཅས་རའི་ནཱ་ལུ་ བླ་མ་གནང་སྟེ་ ང་བཅས་སྒོམ་ཚུ་ ང་ལོ་བཅུ་དྲུག་ལས་སྒོམ་ཆེན་སྦེ་ཕྱག་ཞུ་ཡི་ཟེར་ཞུ་ནི་ལགས།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    གོང་ལས་ར་ ང་གིས་ཨ་པ་ལས་ རྡོ་གཅོད་དང་ དཔེ་ཆ་ཚུ་ཧེ་མ་ལས་རང་ལྷབ་སྟེ་ ཤེས་སྟེ་ཡོད་ ཧ་ལམ་ཅིག་རྡོ་གཅོད་དེ་ ལྷག་ཚུགས་ཅི་ཟེར་ཞུ་ནི་ འདི་སྦེ་ནི་དེ་གིས་ འཇུག་ལས་འདི་སློབ་དཔོན་ བསྟན་འཛིན་དྲག་པ་ ནཱའི་བླ་མ་སྦེ་འབྱོན་ཞིནམ་ལས་འདི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ང་བཅས་ཚུ་གིས་ཡང་ཧེ་མ་ ང་བཅས་ བཅོ་ལྔ་བཅུ་དྲུག་དེམ་ཅི་གི་ སློབ་མ་ཆགས་སྟེ་ ད་ལྟོ་ ས་གནས་འབད་བ་ཅིན་ ད་ལྟོའི་བྱོན་རུང་བྱོན་ཆོག་ཆོག་ཡོད།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    བཀྲ་ཤིས་ཆོས་གླིང་དགོན་པ་ཟེར་ ཧེ་མ་ བླ་མ་ པདྨ་དབང་ཆེན་གྱི་ མཚན་ཡང་ཁོ་རའི་གནང་གནངམ་ཨིན་ ད་ལྟོའི་ ལྷ་ཁང་ཡང་ ང་བཅས་ཚུ་གིས་ ཧེ་མ་ལས་འབད་བ་ཅིན་ ཧ་ལམ་བརྒྱ་ཆ་ལས་བདུན་བཅུ་དེམ་ཅིག་ ང་བཅས་ཀྱིས།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    གནམ་མེད་ས་མེད་ ལྷ་ཁང་སྦོམ་བཟོ་སྟེ་ སྐུ་ཡང་ད་ལྟོའི་ ང་གིས་གོ་དྲིན་ཐབས་སྟེ་ ད་ལྟོ་སྐུ་ཡང་བཞེངས་ཚར་ཡི་ཟེར་ཞུ་ནི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    དེ་ལས་ ང་ཕར་ལུ་ བླ་མ་པདྨ་དབང་ཆེན་གྱི་ཞལ་སློབ་ བླམ་ སློབ་དཔོན་ བསྟད་འཛིན་དྲག་པ་ ཁོ་དང་གཅིག་ཁར་ལོ་བརྒྱད་འདི་ ཁོ་དང་གཅིག་ཁར་དཔེ་ཆ་ལྷབ་སྟེ་ ཆོ་ག་ཕྱག་ལན་སྦྱང་སྟེ་ དེ་སྦེ་སྡོད་ཡི་ཟེར་ཞུ་ནི་ལགས།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    འདིའི་མ་ཚད་པར་ མཚམས་ལུ་ཡང་ སྔོན་འགྲོ་ལས་གོ་བཟུང་སྟེ་ ཁོ་ལས་ཞུ་སྟེ་ སྔོན་འགྲོ་བསགས་བྱོན་ལྔ་པ་ཚར་ཏེ་་སྔོན་བཞི་ཡང་ གནམ་ལྕགས་སྤུ་གྲིའི་སྒྲུབ་པ་ ཟླཝ་གསུམ་འབདཝ་མ་ཚད།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    དེ་ལུ་ཡང་ ང་བཅས་རའི་སྟོད་ལས་སྨད་ལས་ཟེར་ སྨད་ལས་ལུ་ཡང་ གནམ་ལྕགས་སྤུ་གྲིའི་གཏོར་ཟློགས་དང་བཅད་པ་ འདི་ལུ་ཡང་ སྒྲུབ་པ་ ཧ་ལམ་ ག་ཅི་སླབ་ན་ ཞག་གྲངས་བཅུ་དྲུག་དེམ་ཅི་འབད་དེ་སྡོད་ཡི་ཟེར་ཞུ་ནི་ལགས།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    འདུ་ལུ་ཡོདཔ་ད་ སྤྱི་ལོ་༡༩༩༢འི་ལོ་ལུ་ ང་བཅས་རའི་ མཐའ་བྲག་དགོན་པ་ ཕིམ་ཕུ་ཡར་ལྟ་ མཐའ་བྲག་དགོན་པ་ ང་བཅས་རའི་བླ་མ་ ད་ལྟོ་འབད་བ་ཅིན་ བླ་མ་ཀུན་བཟང་དབང་འདུས་ཟེར་ཡང་ཞུ་དོ་ བླ་མ་སྙིང་ཀུ་ཟེར་ཡང་ཞུ་དོ།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    འདི་ལུ་ ཁོའི་འོག་ལུ་ ང་གིས་ སྤྱི་ལོ་༡༩༩༢་ལུ་ ཡར་སོང་སྟེ་ ཡར་ ཨ་ཞེས་ཚུ་གི་ཟིམ་ཅུང་ནང་ལུ་ ང་བཅས་མཐའ་བྲག་དགོན་པའི་ མཚམས་པ་ཚུ་ཟེར་ འདི་ནང་སྡོད་དེ་ བསམ་བསྟན་གླིང་ ཞབས་ཀྱི་ཀུན་སྡུ་ལུ་ཡང་ ངབཅས་ཚུ་ཨིན་ལགས།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ཡར་ལུ་ ཨ་ཞེས་ཚུའི་ཟིམ་ཅུང་ནང་ལུ་ཡང་ ང་བཅས་ཚུ་སྲུང་འཁོརཔ་སྦེ་ ཨ་རྟག་ར་ འདི་བཟུམ་གྱི་ ཡར་ངོ་མར་ངོའི་ ཚེས་བཅུ་འདི་ འབད་མི་འདི་ ཟླ་གྲངས་བཞིན་དུ།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ང་བཅས་ ཡར་མཐའ་བྲག་དགོན་པའི་མཚམས་པ་ བླ་མ་ཀུན་བཟང་དབང་འདུསའི་དབུ་ཙོད་གནང་སྟེ་ ང་བཅས་ཚུ་ཨིན་ཟེར་ཞུ་ནི་ལགས། འདི་ལུ་གྲུ་དཔོན་ ཧ་ལམ་ གཉིས་གསུམ་དེམ་ཅི་ཡོད།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    འདི་འབད་ནི་དེ་གིས་ འདི་ལུ་ཕྱག་ཞུ་ཡི་ཟེར་ ད་ལྟོ་བར་ན་ཡང་ ང་བཅས་ཆོས་ལུ་འདི་ མཚམས་སྒྲུབཔ་འདི་ མཐའ་བྲག་དགོན་པའི་ལོ་གསུམ་འདི་ སྤྱི་ལོ་༡༩༩༢འི་ཡར་ལྟ་ ༩༣་ལས་འགོ་བཙུགས་སྟེ་ ༩༦་ཚུན་ཚོད་ཡར་ མཐའ་བྲག་དགོན་པའི་ ལུང་བསྟན་ཕུའི་ཡར་ལྟ་ སྡོད་ཡི་ཟེར་ཞུ་ནི་ལགས
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    འདི་ལས་འོང་ ༩༦་ སྤྱི་ལོ་༡༩༩༦དང་༩༧་ནང་ལུ་ ང་ནཱ་ལོག་ལྷོད་དེ་ ནཱ་ལུ་ ང་བཅས་རའི་གཡུས་ཁ་འདི་ མཐའ་ཟུར་གཅིག་ཨིན་མས་ཟེར་ བླ་མ་གིས་ཡང་ ཁྱེད་ཚུ་དེ་སྦེ་སྡོད་ནི་མི་འོང་ཟེར།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    འདི་ལུ་ ཁྱེད་ཚུ་གིས་ ཆོས་ཡི་སྐོར་ལས་ ཡར་རྒྱས་འབད་དགོ་ཟེར་བཀའ་གནང་སྟེ་ དེ་ལས་ ང་བཅས་ཚུ་ལོག་གཡུས་ཁ་འོང་སྟེ།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    གནམ་མེད་ས་མེད་ལོག་བའི་སྐབས་ལུ་ཡང་ ཕ་མ་འདི་ཆུང་ཀུའི་བསྒང་ལས་རང་ ཤི་སོང་ཡི་ ང་བཅས་གནམ་མེད་ས་མེད་དཀའ་ངལ་འོང་ཡི་ཟེར་ཞུ་ནི་ལགས། གནམ་མེད་ས་མེད་དཀའ་ངལ་འོང་ཡི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ཨིན་ས་ཅི་རུང་ ཆོས་ལུ་ ང་བཅས་ གནམ་མེད་ས་མེད་ ཆོས་ལས་ལྷག་ཁེ་སང་ག་ཅི་ཡང་མིན་འདུག་ཟེར་ ང་བཅས་ཀྱི་དམ་པའི་ཆོས་གཅིག་འབད་ཚུགས་རུང་ ཁེ་སང་འདི་ལས་ལྷག་མིན་འདུག་ཟེར་ འདིའི་མནོ་བསམ་བཏང་།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    དམ་པའི་ཆོས་འདི་ མཚམས་ནཱ་ལྷོད་རུང་ མཚམས་སྒྲུབ་པ་ལེ་ཤཱ་ ང་གིས་ནཱ་འབད་ཡི། ང་ དེ་ལས་དགོན་པ་ ཡར་ བཀྲ་ཤིས་ཆོས་གླིང་དགོན་པ་ཟེར་ཞུ་དོ་ལགས་ ཡར་ལུ་ད་ལྟོ་ཡང་ སྒྲུབ་ཁང་མཚམས་ཁང་ཆུང་ཀུ་ཅི་ཡོད།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    འདི་འབད་ནི་དེ་གིས་ ད་ལྟོའི་བར་ན་ ལོག་འོང་སྟེ་ ནཱ་ལུ་ ང་བཅས་རའི་ མི་སེར་ཚུ་ལུ་ ཁོང་ཆ་ཁྱབ་ལུ་ འཚོ་སློབ་འབད་ཕྱག་ཞུ་ རྩིས་པ་འབད་ཕྱག་ཞུ་ ད་ལྟོ་འབདན་ ལོ་ ཧ་ལམ་སུམ་བཅུ་དེམ་ཅི་ ནཱ་ འགྱོ་དོ་ཟེར་ཞུ་ནི་ལགས་ནཱ་འོང་སྟེ་ ད་ལྟོ་གཡུས་ཁ།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    དེ་ལས་ འདིའི་སྐོར་ལས་ ག་ཅི་འབད་དོ་ཟེར་བ་ཅིན་ ད་ལྟོ་ང་བཅས་རའི་ནཱ་ ཆོས་དེའི་ བླ་མ་ག་དང་ག་རང་འབྱོན་ཡི་ག་ཟེར་ཞུ་བ་ཅིན་ ང་བཅས་རའི་ནཱ་ དང་ཕུ་འབད་བ་ཅིན།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ང་བཅས་རའི་ བླ་མ་ པདྨ་དབང་ཆེན་བྱོན་ དེ་ལས་ བླ་མ་ པདྨ་ཀུན་བཟང་བྱོན་ དེ་ལས་ ང་བཅས་རའི་ བླ་མ་སྐྱབས་རྗེ་དུང་སྲིད་རིན་པོ་ཆེ་བྱོན་ དེ་ལས་བླ་མ་བསོད་ནམས་བཟང་པོ་བྱོན་ དེ་ལས་ ང་བཅས་རའི་ སྐྱབས་རྗེ་ རྫོང་གསར་བྱབས་ཡང་མཁྱེན་རྩེ་རིན་པོ་ཆེ་བྱོན།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    སྐྱབས་རྗེ་དགའ་རབ་རིན་པོ་ཆེ་ཟེར་ ཁོང་ཚུ་བྱོན་ ད་ལྟོའི་བར་ན་ ཆོས་འདི་ད་རུང་ ཡར་རྒྱས་འགྱོ་དོ་ཟེར་ཞུ་ནི་ འདི་མ་ཚད་པར་ ང་བཅས་རའི་ སྐྱབས་རྗེ་གནམ་མཁའི་རིན་པོ་ཆེ།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    འདི་ཚུ་ལེ་ཤཱ་ ད་ལྟོ་མཁན་ཆེན་དང་མཁན་པོ་ཚུ་མང་རབ་ཅིག་འབྱོན་ཞིནམ་ལས་ ད་ལྟོ་བར་ན་ བརྒྱ་ཆའི་བརྒྱ་ཆ་ ཧེ་མ་འབད་བ་ཅིན་ གནམ་མེད་ས་མེད་ བརྒྱ་ཆ་ལས་བརྒྱ་ཆ་རང་།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    དམ་པའི་ཆོས་འདི་ གནམ་མེད་ས་མེད་ ང་བཅས་རའི་ངང་ལམ་ལུ་ ངང་ལམ་དྲུང་ཁག་ལུ་གོང་འཕེལ་འགྱོ་བའི་བསྒང་རང་ཡོད་ཟེར་ཞུ་ནི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ཨོམ་ དཔལ་འབྱོར་གྱི་ཐད་ཁར་ལས་འབད་རུང་ ང་བཅས་རའི་ གདུང་བསམ་རྩི་ས་ འདི་ནང་ཆགས་སྟེ་ གནམ་མེད་ས་མེད་ ཡར་རྒྱས་ལེགས་ཤོམ་སོང་སྟེ་ཡོད་ཟེར་ཞུ་ནི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    དེ་ལས་ ཨོམ་ ང་བཅས་རའི་ ཆོས་ནཱ་ལུ་ ག་ཅི་དང་ག་ཅི་རང་འབད་དོ་ཟེར་སླབ་པ་ཅིན་ དང་ཕུ་ག་ཅི་འབད་དེས་ཟེར་བ་ཅིན་ དང་ཕུ་ ང་བཅས་ ཨ་པའི་སྐབས་ལུ་ ག་ཅི་འབད་དེས་ཟེར་བ་ཅིན་ པད་གླིང་ཨིན་མས་ལགས།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ང་བཅས་རའི་པད་གླིང་ནོར་བུ་རྒྱ་མཚོ་ པད་གླིང་རང་ཨིན་ཟེར་ཞུ་ནི་ལགས། པད་གླིང་ནང་ལུ་ ལྷ་གསོལ་འབད་རུང་ སྐངས་གསོལ་འབད་རུང་ སྲུང་མ་ག་ཅི་འབད་དེ་འབད་རུང་ ང་བཅས་རའི་ནཱ་ པད་གླིང་ཨིན་ཟེར།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    པད་གླིང་འདི་ ང་བཅས་རའི་ གཏེར་གཏོན་པདྨ་གླིང་པ་ པད་གླིང་ བླ་མ་ནོར་བུ་རྒྱ་མཚོ་ཟེར་ འདི་ལས་ ཧེ་མ་ དེ་འབད་གནང་དེས་ཟེར་ཞུ་ནི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ད་ལྟོའི་བར་ན་འདི་ ཧེ་མ་ བླམ་པདྨ་དབང་ཆེན་འདི་བྱོན་ཞིནམ་ལས་ཡར་ལྟ་ བདུད་འཇོམས་གཏོར་གསར་ ང་བཅས་རའི་གཏེར་གསར་མཉམ་སུ་ལང་སྟེ་ བརྒྱ་ཆ་འབད་བ་ཅིན་ ཧ་ལམ་དགུ་བཅུ་དེམ་ཅི་ གཏེར་གསར་ལུ་ཡོད་ཟེར།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    པད་གླིང་ཡང་མ་འབདཝ་མེད་ པད་གླིང་ཡང་འབད་དོ་ཟེར་ཞུ་ནི་ པད་གླིང་ག་ཅི་ལུ་འབདཝ་སྨོ་ཟེར་བ་ཅིན་ ང་བཅས་རའི་ ཟླ་ཝ་བཅུ་པ་ནང་ལུ་ དགུ་པ་དང་བཅུ་པ་ནང་ལུ་ ལྷ་གསོལ་ཟེར་ སྐངས་གསོལ་ཟེར་འདི་ ང་བཅས་རའི་ པད་གླིང་ནོར་བུ་རྒྱ་མཚོ་རང་ཨིན་ཟེར་ཞི་ནི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    དེ་འབདཝ་ལས་ ད་ལྟོ་ ལྷ་གསོལ་སྐངས་གསོལ་ཚུ་འདི་རང་འབད་ པད་གླིང་འདི་ཡང་བཀོག་མ་བཞག་པར་ དེ་ལས་ ང་བཅས་རའི་ ཤུགས་འདི་ག་ཅི་སྨོ་ཟེར་བ་ཅིན་ བདུད་འཇོམས་གཏེར་གསར་ཨིན་ཟེར་ཞུ་ནི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    བདུད་འཇོམས་གཏེར་གསར་གྱི་དབང་ ཁྲིས་ལུང་ཚུ་ག་ཏེ་ལས་ཞུཝ་སྨོ་ཟེར་བ་ཅིན་ ང་བཅས་རའི་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཞལ་སློབ་དང་ ད་ལྟོའི་སྐྱབས་རྗེ་དུང་སྲིད་དང་ དེ་ལས་ ད་ལྟོའི་སྐྱབས་རྗེ་དགའ་རབ་རིན་པོ་ཆེ།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    སྐྱབས་རྗེ་རྫོང་གསར་རིན་པོ་ཆེ་ ཁོང་ཚུ་ལས་རང་ ང་བཅས་ཚུ་ དབང་ལུང་ཁྲིས་གསུམ་ག་ར་ ད་ལྟའི་བར་ན་ཡང་ ཞུཝ་ཞུ་ས་རང་ཡོད་ཟེར་ཞུ་ནི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ང་ཡང་ད་ལྟོ་ སྐྱབས་རྗེ་ དགའ་རབ་རིན་པོ་ཆེ་དང་ རྫོང་གསར་མཁན་རྩེ་རིན་པོ་ཆེ་རང་ ག་ར་ ང་རའི་རྫོགས་པ་ཆེན་པོ་ཨིན་ཏེ་འབད་རུང་ ག་ཅི་འབད་དེ་འབད་རུང་ ཆོ་ག་ཕྱག་ལེན་འབད་དེ་འབད་རུང་།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    སྐྱེ་རིམ་དང་རྫོགས་རིམ་འདི་ཚུ་ག་ར་ ཁོང་ཚུ་ལས་ རྫོང་གསར་རིན་པོ་ཆེ་དང་ དགའ་རབ་རིན་པོ་ཆེ་ཚུ་ལས་ཞུ་དོ་ཟེར་ཞུ་ནི་ འདིའི་མ་ཚད་ ང་བཅས་རའི་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ ཞལ་སློབ།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    བླ་མ་ འཆི་མེད་རྡོ་རྗེ་ ཀ་གླིང་པུང་བཞུགས་ཅིག་ ན་ཧིང་ཡིད་ཧིད་གཤགསཔ་མེད་ གཤགས་སྟེ་ལོ་གཉིས་དེམ་ཅི་སོང་ཡི་ འདི་ལས་ཡང་ ང་བཅས་རའི་་རྫོགས་པ་ཆེན་པོའི་ རྫོགས་ཆེན་གནང་མི་ག་ར་ བཀའ་དག་ཐུགས་ཅན་ཁྲོད་གྲོལ་ག་ར་ལས་འགོ་བཙུགས་སྟེ་ བླ་མ་ཁོ་ར་ལས་ཞུ་ཡི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    འདིའི་མ་ཚད་པར་ སྐྱབས་རྫོང་གསར་མཁན་རྩེ་རིན་པོ་ཆེའི་ ལེ་ཤཱ་རང་ ང་འདི་ སྐྱབས་རྫོང་གསར་མཁན་རྩེ་རིན་པོ་ཆེ་ལས་ཞུ་དོ་ཟེར་ཞུ་ནི། འདི་སྦེ་ནི་དེ་གིས་ ང་བཅས་རའི་ནཱ་འདི་ གནང་བའི་གནང་ཐངས་འདི་ཡང་ གཏེར་གསར་འདི་དར་ཁྱབ་སོང་སྟེ་ཡོད།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    འདིའི་གཏེར་གསར་དེ་ པད་གླིང་ཡང་འབད་དོ་ དེ་འབདཝ་ད་ ཤུགས་ གཏེར་གསར་འདི་རང་འབད་དོ་ཟེར་ཞུ་ནི་ གཏེར་གསར་གནངམ་ད་ཡང་ ང་བཅས་རའི་ནཱ་ ནང་ན་ ང་བཅས་རའི་ ངང་ལམ་སྨཱན་ཆུ།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    བཀྲ་ཤིས་ཆོས་གླིང་སྒོམ་སྡེ་ལུ་ ང་རའི་དགོན་པ་ནང་འདི་ ལོ་སྟར་ཞིན་དུ་ ག་ཅི་འབད་དོ་ཟེར་བ་ཅིན་ ང་བཅས་རའི་ནཱ་ ཟླ་བ་བཅུ་པ་ གསོལ་འདེབས་ཚེས་བཅུཟེར་་འཆམ་དང་བཅད་པར་ ཉིནམ་གསུམ་འབད་དོ་ཟེར་ཞུ་ནི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    འདི་ལུ་འཆམ་ག་ཅི་དང་ག་ཅི་རང་ཡོད་སྨོ་ཟེར་བ་ཅིན་ དཔལ་གླིང་གིང་གསུམ་འབད་དོ་ རྔ་གིང་། རྒྱུ་གིང་། གྲི་གིང་། དཔའ་འཆམ། སྐད་འཆམ། དེ་ལས་དུར་བདག་འདི་ཚུ་ དེམ་ཅི་ ང་བཅས་ནཱ་ལུ་འབད་ནིའི་འགོ་བཙུགས་ཚུགས་ཅིག་ཟེར་ཞུ་ནི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    དེ་ལས་ ཨོམ་ པད་གླིང་གི་ནོར་བུ་རྒྱ་མཚོའི་སྲུང་མ་འདི་ ང་བཅས་རའི་ འཆམ་དང་འབྲལ་བ་འབད་ ཉིནམ་གསུམ་དེ་སྦེ་སྒྲུབ་དོ་ དེ་ལས་སྤྲེལ་ཟླ་ལུ་ ཟླ་བ་ལྔ་པ་སྤྲེལ་ཟླ་ལུ་འདི་ ང་བཅས་རའི་ ལྷ་སྒྲུབ་ ཉིནམ་གཅིག་་འཆམ་འདི་་ད་ལྟོ་ཨ་ཙི་ཅིག་ ཆརཔ་ཀྱི་བཏབ་མ་བདེ་བ་ དེ་སྦེ་འབད་དོ་ཟེར་ཞུ་ནི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ཉིནམ་གཅིག་སྦེ་ དེ་ལས་ ཡར་ངོ་མར་ངོའི་ ཚེས་བཅུ་འདི་ ང་བཅས་རའི་ཁྲོས་མ་ ཁྲོས་མ་ཚོགས་པ་ཟེར་ཡོད་ ཁོང་ཚུ་གིས་ ཁྲོས་མའི་མཐོ་ལས་འབད་དོ་ཟེར་ཞུ་ནི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    འདིའི་མ་ཚད་པར་ ཡར་ངོ་མར་ངོ་ གཞན་ཡང་ གསུང་རྟེན་ཐུགས་རྟེན་ ཤི་མེད་སྲོག་རྩིས་ལ་སོགསཔ་ སྒྲུབ་སྟེ་རིམ་འགྲོ་ལ་སོགས་པ་ལེ་ཤཱ་་ངབཅས་རའི་རད་མེད་སྦེ་ ཆོས་འདི་ད་ལྟོ་ དེ་སྦེ་སྒྲུབ་སར་རང་ཡོད་ཟེར་ཞུ་ནི་ལགས།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    དེ་ལས་ ཨོམ་ གཞན་ཞུ་ནི་ཟེར་རུང་ ང་བཅས་རའི་ཡར་ ཆོས་དང་འབྲལ་བའི་ ང་བཅས་རའི་ནཱ་ ལམ་ལུགས་སྲོལ་འདི་དེམ་ཅི་ཨིན་མས་ཟེར་ཞུ་ནི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    དེ་ལས་ཨོམ་ ང་བཅས་ཚུ་གི་ དང་ཕུའི་མི་ནག་པོའི་སྐོར་ལས་ ཨ་ཙི་ཅིག་ རོགས་ སྲིད་ཀྱི་སྐོར་ལས་ཞུ་བ་ཅིན་ ཧེ་མ་འབད་བ་ཅིན་་གནམ་མེད་ས་མེད་ དཀའཝ་སྤྱོད་ནུག་ཟེར་ཞུ་ནི་ལགས།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ག་དེ་སྦེ་དཀའཝ་སྤྱོད་ནུག་ཟེར་བ་ཅིན་ རྒྱལ་ཁབ་ཡང་ ཧེ་མ་ ཡར་རྒྱས་མ་འགྱོ་བར་ མཐའ་ཟུར་ས་ སྣུམ་འཁོར་ལམ་མེད་ གློག་མེ་མེད་་འདི་བཟུམ་སྦེ་་གནམ་མེད་ས་མེད་དཀའཝ་སྤྱོད་ དང་ཕུ་འདི་ ད་ལྟོ་བཟུམ་སྦེ་མིན་པར།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    གནམ་མེད་ས་མེད་ དམང་འཕྲད་འུར་ལག་ འབྲུག་དུམ་ལ་སོགས་པ་ཚུ་འཕོ་སྟེ་ འདི་འཕོཝ་ད་ ཨ་པ་ཨ་མ་ཚུ་འདི་ནཱ་ལུ་ ཨ་པ་འདི་དམང་འཕྲད་ལུ་ འགྱོཝ་སྡོདཔ་ད་ འུར་ལག་ལུ་འགྱོ་སྡོདཔ་ད་ ཨ་མ་ནཱ་ལུ་ ཨ་ལོ་ གསུམ་གསུམ་བཞི་བཞི་ ནཱ་ལུ་ ཨ་ལོ་གསྲོ་སྟེ།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ཨ་ལོ་འདི་གསྲོ་ན་ ཡང་ན་ ལྟོ་འབད་དེ་བྱིན་ན་ ནཱ་ལུ་ག་ཅི་འབད་ནི་ཡང་མ་ཤེད་པར་ ལྟོ་ཚོད་ནི་ཡང་མ་ཤེས་པར་་འདི་བཟུམ་སྦེ་ ཨ་པ་འགྱོཝ་སྡོད་ད་ འདི་བཟུམ་དཀའ་ངལ་ལེ་ཤཱ་འཐོན་ནུག་ཟེར་ཞུ་ནི་ཧེ་མ་འབད་བ་ཅིན།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ད་ལྟོའི་བར་ན་འབད་བ་ཅིན་ ང་བཅས་རའི་ནཱ་ ངང་ལམ་ལུང་པ་གཅིགའི་ཆགས་བཞག་པ་ཅིན་ ཧེ་མའི་བལྟ་བ་ཅིན་ བརྒྱ་ཆའི་ཧ་ལམ་༩༠་དེམ་ཅིག་འདི་ ཡར་རྒྱས་སོང་ནུག་ཟེར་ཞུ་ནི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ཧེ་མའི་ ང་བཅས་དྲེན་པའི་བསྒང་ལས་ ཨ་ཙི་ཅིག་ དེ་བསྒང་གི་གནས་སྟངས་ཞུ་བ་ཅིན་ ང་བཅས་དྲེན་པའི་སྐབས་ གནམ་མེད་ས་མེད་ ཨ་པ་ཨ་མ་ ཁྱིམ་འབད་བ་ཅིན་ གདན་ཀྲིང་ནི་ཡར་ འབའ་སྒོ་ནང་ན་ ཁྱིམ་བཀབ་ནི་ཡང་ འདའ་མ་གྱི་བཀབ་་དེ་སྦེ།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ལྟོ་འབད་བ་ཅིན་ ཨ་ཤོམ་ཁ་རང་ པ་ཏང་སྟོང་པ་སྦེ་ཟ་ཅུག་དེས་ཟེར་ཞུ་ནི་ འདི་སྦེ་ནི་དེ་གིས་ འདི་ཡང་མ་ཐོབ་པར་ ག་དེ་སྦེ་དེས་ཟེར་བ་ཅིན་ ཁོང་་འདིའི་ཡང་མ་ལང་པར་ ཨ་ཙི་རེ་ ཤུགས་རང་ ལེ་ཤཱ་ ཇོག་ཏང་ཟེར་ ཇོག་ཏང་ཕཱན་ཏང་ ལེ་ཤཱ་ཟ་དེ་ པ་ཅ་ལ་ ལ་སོགས་པ།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ནག་ཚལ་ནང་ལས་ དང་ཕུ་འབད་བ་ཅིན་་བརྒྱ་ཆ་ལས་ ཧ་ལམ་ ༧༠་དེམ་ཅི་ ༨༠་དེམ་ཅི་རང་ ནག་ཚལ་ནང་རང་ ཟ་སྟེ་ སྦོམ་འགྱོ་འགྱོཝ་བའི་མི་ཨིན་ཟེར་ཞུ་ནི་ལགས་ང་བཅས་ཚུ་ གནམ་མེད་ས་མེད་དཀའ་བ་སྤྱོད་ཡི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ཁྱིམ་འབད་བ་ཅིན་ གནམ་མེད་ས་མེད་ འབའ་སྒོ་ཁྱིམ་ནང་ན་དང་འདའ་མའི་ཁྱིམ་ནང་དཀའཝ་སྤྱོད་ཡི་ འདིའི་དེ་ ཚར་གཅིག་ཚར་གཉིས་རྐྱངམ་ཅིག་སྡོད་དེ་ དེ་ལས་ ད་རུང་སོར་དགོཔ་འབྱུང་སྟེ།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    འདི་བཟུམ་ནང་དཀའཝ་སྤྱོད་དེ་ ང་བཅས་ཚུ་ དེམ་ཅིག་སྦོམ་འགྱོ་ཡི་ཟེར་ ཨ་པ་ཨ་མ་ལས་ཟེར་ཞུ་ནི། ད་ལྟོ་དང་ དང་ཕུའི་བར་ན་་ཨ་ཙི་ཅིག་བལྟ་སྟེ་ བཤད་པ་འབད་བ་ཅིན།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    གནམ་མེད་ས་མེད་ མི་དབང་མངའ་བདག་རིན་པོ་ཆེའི་ཡབ་སྲས་ཚུའི་ དཀོན་མཆོག་གསུམ་གྱི་ཐུགས་རྗེ་ བྱིན་རླབས་ ཞབས་དྲུང་མངའ་དབང་རྣམ་རྒྱལ་ ཁོ་རའི་ མཛད་བྱ་བཟང་པོའི་ ཨོམ་ ང་བཅས་རའི་ མངའ་བདག་རིན་པོ་ཆེའི་ཡབ་སྲས་ཚུའི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ཁོང་ཆ་ཁྱབ་ཀྱི་མཛད་བྱ་བཟང་པོ་ འདི་འབད་ནི་དེ་གིས་ རྒྱལ་ཁབ་ཡང་ ལོ་གཅིག་ལས་གཅིག་ ཡར་རྒྱས་འགྱོ་ཡི་ འགྱོ་ཞིནམ་ལས་་གནམ་མེད་ས་མེད་ ད་ལྟོ་འབད་བ་ཅིན་ གནམ་མེད་ས་མེད་ ད་ལྟོ་འབད་བ་ཅིན་ བརྒྱ་ཆ་ལས་བརྒྱ་ཆ་སྦེ་རང་ ཧ་ལམ་ ཡར་རྒྱས་འགྱོ་ཡི་ཟེར་ཞི་ནི་ལགས།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    འདི་འབདཝ་ད་ ང་བཅས་ཚུ་ ཚ་སྦྱང་གཅིག་ག་ཅི་ཡོད་ཟེར་བ་ཅིན་ ན་གཞོན་ཚུ་་དུས་ཚོད་མ་འོང་ལུ་ལྷོདཔ་ད་ ང་བཅས་ག་ར་ རིག་པ་སྒྲིམ་ནིའི་དུས་ཚོད་རིན་ཆེ་འདུག་ཟེར་ཞུ་ནི་ལགས།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ག་དེ་སྨོ་ཟེར་བ་ཅིན་ དམ་པའི་ཆོས་འདི་ ཉམས་ནི་ ང་རའི་ཚ་སྦྱང་གཅིག་ག་ཅི་ཡོད་ཟེར་བ་ཅིན་ དམ་པའི་ཆོས་ཉམས་འགྱོ་ནི་མས་ཟེར་ དམ་པའི་ཆོས་ཉམས་ཡར་སོང་པ་ཅིན་ ང་བཅས་རའི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཟེར་མི་ མི་དབང་མངའ་བདག་རིན་པོ་ཆེ་གིས་ ཆར་གཞི་གནང་ནུག
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    འདི་ག་དེ་སྦེ་སྒྲུབ་ཚུགས་ག་ ང་བཅས་ར་ ཡར་ གཙོ་འཛིན་ཚུ་ ལོ་རེ་བཞིན་དུ་ ཞལ་འཛོམས་ལུ་འགྱོ་དོ་ ཚོགས་འདུ་ཆེན་མོ་ནང་རང་ ཚོགས་ས་ ཨེམ་པི་གནང་ས་ནང་ལུ་རང་་ང་བཅས་ཚུ་ཡང་ གཙོ་འཛིན་ཚུ་ འགྱོ་དོ་ཟེར་ཞུ་ནི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    འདི་ནང་ཡང་ ང་བཅས་ཚུ་གིས་ཡང་ གསུང་གྲོས་འདི་ དེ་བཟུམ་རང་གནང་དོ་ ང་བཅས་ཚུ་གིས་ཡང་ དོག་པ་འདི་ག་ཅི་ཡོདཔ་ཨིན་ན་ བསམ་ཆར་དེ་སྦེ་རང་ཞུ་དོ་ཟེར་ཞུ་ནི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    དེ་ལས་ ད་ལྟོ་ ད་རེས་གནམ་པའི་གནས་སྟངས་ནང་ལྷོད་དེ་བལྟཝ་ད་ ཨོམ་ གནམ་མེད་ས་མེད་ ཡར་རྒྱས་འགྱོཝ་ཡི་ཟེར་ སེམས་ཁ་ཡེངས་སྨད་ཡེངས་སྦེ་ གནམ་མེད་ས་མེད་ འདི་བཟུམ་ རྒྱུ་ལུ་ཤུགས་ བརྒྱ་ཆ་ལས་ཧ་ལམ་ ༧༠་༨༠་དེམ་ཅི་ཐལ་དོ་ཟེར།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ཆོས་དེ་ལུ་ཡང་ ད་རེས་གནམ་པའི་གནས་སྟངས་བལྟ་རུང་ ཆོས་ཡང་ ཧེ་མ་དང་ཕྱེདཔ་ད་ སྒོམ་ཆེན་ཡང་མེད་ཡར་སོང་ཡི་ གཡུས་ཚན་ཚུ་ནང་ མི་ཤི་ཡར་སོང་རུང་།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    རོགས་བསྲེག་འབད་ནི་དང་ འ་ནི་ བཟང་གཅོད་དང་ སྔོ་བ་སྨོན་ལམ་འབད་མི་ཡང་ མེད་སོང་སྟེ་ ད་ལྟོ་ག་ར་ མཁྱེན་ས་དང་གཟིགས་ས་ ལེ་ཤཱ་ཡོད་ཟེར་ཞུ་ནི་ལགས། དེ་སྦེ་ནི་དེ་གིས།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    མི་དབང་མངའ་བདག་རིན་པོ་ཆེ་ཡང་ ཐུགས་འདི་ལུ་ ཐུགས་ཕམ་ཏེ་ ད་ལྟོ་བཞུགས་སྟེ་ཡོད་ ང་བཅས་ཚུ་ག་ར་གིས་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ལུ་ སྐྱེས་མི་ག་ར་གནམ་མེད་ས་མེད་སྐལ་བ་བཟང་པོ་ཅིག་ཨིན་པས།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    དེ་ལས་ ཚེ་སྔོན་མའི་ཚོགས་བསགས་གྲིབ་སྦྱང་གི་དོན་དག་ལས་ ཚེ་སྔོན་མའི་ཚོགསཔ་ལས་རྟེན་ཏེ་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་ནང་སྐྱེས་ནུག
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    དེ་འབད་ནི་དེ་གི་ སྐྱེས་ཡི་ཟེརཝ་ད་ གཙོ་རིག་པ་མ་སྒྲིབ་པ་ཅིན་་ང་བཅས་ ན་གཞོན་ཚུ་དང་ ང་བཅས་ག་ར་ཨིན་རུང་ དཔལ་ རྒྱུ་ནོར་ལོངས་སྤྱོད་ལུ་ གནམ་མེད་ས་མེད་ཤུགས་ཆེ་བ་ཅིན་ ཆོས་འདི་སྤྱི་རི་མེད་པར།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ཐ་དམ་ཚིག་མེད་པའི་ཕ་མ་ འདི་བཟུམ་གྱི་གནས་སྟངས་འདི་ ད་ལྟོ་ ཧ་ལམ་ བརྒྱ་ཆ་འབད་བ་ཅིན་ ༦༠་༧༠་དེམ་ཅི་རང་འོང་དོ་བཟུམམཐོང་མས།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ཨོམ་ ང་བཅས་ཚུ་ལུ་ ག་དེ་སྦེ་འབད་ནི་སྨོ་ཟེར་བ་ཅིན་ འ་ནི་འདི་ གནམ་མེད་ས་མེད་ ཛབ་ཛབ་འབད་དེ་ ང་བཅས་ཚུ་གིས་ དམ་པའི་ཆོས་འདི་ ཨིན་ཅི་མིན་ཅི་ དམ་པའི་ཆོས་འདི་ བརྒྱ་ཆ་ལས་འབད་བ་ཅིན་ ཧ་ལམ་ ༧༠་དེམ་ཅི་འདི་་དམ་པའི་ཆོས་ལུ་རང་།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    བརྩུན་ཤུགས་བཀལ་ཏེ་འབད་བ་ཅིན་ འདི་ལས་༣༠་འདི་ མཐུན་སྐྱོན་ལུ་ བརྩུན་ཤུགས་བཀལ་བ་ཅིན་ མི་དྲག་ག་ཟེར་མནོ་མས། ག་ཅི་སྦེ་ཟེར་བ་ཅིན་ བཟའ་དགོ་ནི་འདི་གིས་ མ་པ་རང་ འཐུན་སྐྱན་འདི་གི་ ཚོང་ཡང་འབད་དགོ་ ལཱ་ཡང་འབད་དགོ
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    མ་འབད་བ་ཅིན་ ག་དེ་སྦེ་ཟ་ནི་ ཆོས་ག་དེ་སྦེ་སྒྲུབ་ནི་ འདི་སྦེ་ནི་འདི་གིས་ ང་བཅས་ཚུ་ བརྒྱ་ཆ་ལས་ ༧༠་འདི་ ཆོས་ལུ་བསམ་ལོག་བཏང་བ་ཅིན་ ང་བཅས་རའི་ ནཱ་ རྒྱལ་ཁབ་འདི་ རང་དབང་རང་བཙན་གྱི་འདི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    མངའ་བདག་རིམ་འབྱོན་ཚུ་གིས་ གནམ་མེད་ས་མེད་ དཀའ་བ་སྤྱོད་དེ་སྒྲུབས་པའི་ རྒྱལ་ཁབ་འདི་ རང་དབང་རང་བཙན་སྦེ་རང་ སྡོད་ཚུགས་འོང་མནོ་བའི་ ང་རའི་བསམ་ཆར་དེ་སྦེ་ཡོད།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    འདིའི་མ་ཚད་པར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གནམ་མེད་ས་མེད་ བལྟ་བ་ཡང་ དོན་དག་མི་སྒྲུབ་ག་ཟེར་ དམ་པའི་ཆོས་འབད་བ་ཅིན་ ག་ར་ བློ་འདི་ཆོས་ལུ་འགྱུར་སོང་པ་ཅིན་ རང་བཞིན་མེད་པར་ སེམས་འདི་ཆོས་ལུ་འགྱུར་སོང་ཞིནམ་ལས།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    འདི་ཚུ་ ནད་ཡང་སྨུག་གེ་ དམག་ཕྲུག་ཚུ་ འཐབ་ནི་ཚུ་ཡང་ ལེ་ཤཱ་མེདཔ་སྦེ་ འདི་བཟུམ་ རྒྱལ་ཁབ་འདི་གཞི་བདེ་འགྱོ་ཟེར་ ཆོས་འབད་བ་ཅིན།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ཆོས་འབད་བ་ཅིན་ ཆོས་འདི་ལེགས་ཤོམ་འགྱུར་སོང་པ་ཅིན་ དམ་པའི་ཆོས་འདི་ལེགས་ཤོམ་སྦེ་ འབད་བ་ཅིན་ ང་བཅས་ཀྱི་ ང་བཅས་རའི་ཡར་ རྒྱལ་ཁབ་འདི་གནམ་མེད་ས་མེད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འདི་ གནམ་མེད་ས་མེད་ འགྱོགས་པར་རང་སྒྲུབ་འོང་ཟེར་ ང་རའི་བསམ་ཆར་ དེ་སྦེ་ཡོད་ཟེར་ཞུ་ནི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    གཅིག་ ག་ཅི་ཡོད་ག་ཟེར་བ་ཅིན་ ང་བཅས་ར་ བདེ་ཞིང་མི་ལུས་རིན་པོ་ཆེ་ ཚར་གཅིག་ཐོབ་ད་ དམ་པའི་ཆོས་མ་འབད་བ་ཅིན་ མི་ལུས་འདི་ སྟོང་ལོག་ཨིན་པས་ འདི་སྦེ་ནི་དེ་གིས་ ང་བཅས་ཚུ་ དམ་པའི་ཆོས་འདི་ གནམ་མེད་ས་མེད་བཙུན་ཤུགས་བསྐྱལ་བ་ཅིན།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ང་བཅས་ཚུ་ ཚེ་ཕྱི་མ་ཡང་ གནམ་མེད་ས་མེད་ཕན་ཐོག་ ད་ལྟོ་ཡང་བར་ཆད་སེལ་ རྒྱལ་ཁབ་ཡང་གཞི་བདེ་འབད་ གཙོ་རང་སེམས་ཅན་ཚུ་ བདེ་བ་དང་འབྱུང་ནིའི་དོན་དག་ཨིན་མས།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    བདེ་བ་འབྱུང་ནིའི་གཞི་འདི་ དམ་པའི་ཆོས་གཅིག་མ་འབད་བ་ཅིན་ ང་བཅས་ཚུ་གིས་ ག་ཅི་ཡང་འབྱུང་མི་ཚུགས་ འདི་སྦེ་ནི་དེ་གིས་ག་ར་ལུ་ དམ་པའི་ཆོས་གཅིག་འབད་ནིའི་ ང་བཅས་རའི་ ཨ་ལོ་ ང་རའི་བསམ་ཆར་ཅི་ཞུ་བ་ཅིན།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    མི་ཚུ་ག་ར་ ང་བཅས་རའི་ བླ་མ་ ཆོས་པ་ཟེར་མིན་འདུག་ ག་ར་ ང་བཅས་རའི་སྲས་ སྲས་མོ་ཡོད་རུང་ འ་ནི་ ཆོས་ལུ་བཙུགས་མི་བཏུབ་པས་ཟེར་ཞུ་ནི།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ནཱ་ལུ་ ག་ཅི་སྦེ་མ་བཙུགས་སྨོ་ཟེར་བ་ཅིན་ ངའི་ཨ་ལོ་འདི་ དྲག་ཤོས་ཐོབ་འོང་ ངའི་ཨ་ལོ་འདི་ འདི་བཟུམ་གཞུང་གཡོག་ནང་ དངུལ་ཕོག་ཟ་འོང་ འདི་བཟུམ་སྦེ་ ལེ་ཤཱ་ ཆོས་ལུ་བྲེལ་བ་མེད་པར་ ལེ་ཤཱ་ གཞུང་གཡོག་ནང་ལུ་ དེ་སྦེ་བཙུགས་མས།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    འདི་དེ་ ཨ་ཙི་ཅིག་ནོར་ཕྲུལ་འགྱོཝ་མེད་ན་མནོཝ་མས་ཟེར་ཞུ་ནི་ ང་བཅས་རའི་ བླ་མ་ཆོས་པ་ཚུ་ཨིན་རུང་རང་ ཆོས་འདི་ ང་བཅས་རའི་ཨ་ལོ་ཚུ་ ཆོས་ལུ་རང་བཙུགས་བ་ཅིན།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    དམ་པའི་ཆོས་འདི་ ང་བཅས་རའི་ བསྟན་པ་བཟུང་མི་འདི་ ང་བཅས་རའི་ དམ་པའི་ཆོས་འདི་ ཨ་ལོ་ཚུ་ ང་བཅས་ར་ སྒོམ་ཆེན་ཚུ་གིས་ སྲས་སྲསམོ་ཚུ་ཡོད་པ་ཅིན།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    ཆོས་ལུ་བཙུགས་བ་ཅིན་ མ་འོང་པ་ལུ་ གནམ་མེད་ས་མེད་ དམ་པའི་སངས་རྒྱས་ཀྱིས་བསྟན་པ་འདི་ དར་ཞིང་རྒྱས་འོང་ཟེར་ སངས་རྒྱས་ཀྱིས་བསྟན་པ་དར་ཞིང་རྒྱསཔ་ད་རང་ སེམས་ཅན་གྱི་བདེ་སྐྱིད་འདི་ རང་བཞིན་གྱི་རང་འབྱུང་འོང་ཟེར།
  • བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:
    འདི་བཟུམ་ ང་རའི་བསམ་ཆར་གཅིག་ འདི་བཟུམ་ཅིག་ཡོད་ཟེར་ ང་རའི་བསམ་ཆར་འདི་བཟུམ་ཅིག་ཞུ་དོ་ལགས།