Skip to main content Skip to search
20 Jun 2018
9 min 43 sec
Video Overview
Creators: 
Duptho and Sonam Chophel, Sonam Chophel

83-year-old Naku from Dorshing village in Phongmey, Trashigang sings an old Zhungdra song entitled Neyla Dhangpa Micha Dhangpacha (Founding the First Sacred Place). It is a religious song which talks about sacred places of Tibet and Bhutan established by saints. The song describes the thirst within which wishes to receive teachings from the great lamas of those sacred places. This song has different melodies; some zhungdra versions have long melodies, while other versions are boedra songs. The origination and background history of the song is unknown.

 

བཀྲིས་སྒང་རྫོང་ཁག་ ཕོང་མས་རྒེད་འོག་ གཡུས་ཟོར་ཤིང་ལས་འབད་མི་ སྐྱེས་ལོ་༨༣་ལང་མི་ ཨ་རྒས་གནག་ཀུ་གི་ གནས་ལ་དང་པ་མི་ཆགས་དང་པ་ཆགས་ གཞུང་གྲ་འདི་ འཐེན་ཡོདཔ་ཨིན་མས། ཞབས་ཁྲ་འདི་་ ཆོས་དང་འབྲེལ་བ་ ཡོདཔ་ལས་ བོད་རྒྱལ་ཁབ་ཀྱི་ གནས་རྩ་ཅན་དང་ འབྲུག་རྒྱལ་ཁབ་ནང་ བླམ་དང་སློབ་དཔོན་ ཚུ་གི་ གཞི་བཙུགས་ འབད་བའི་ སྐོར་ལས་ བཤདཔ་ཨིན་མས། དེ་མ་ཚད ་རྩོམ་པ་པོ་ ཁོ་ར་ གནས་རྩ་ཅན་ནང་ བཞུགས་ཡོད་པའི་བླམ་ ཚུ་ལས་ ཆོས་ཞུ་ནའི་སྤྲོ་བ་ ཡོད་པའི་སྐོར་ལས་ཡང་ འགྲལ་བཤད་རྐྱབ་ཨིན་མས། ཞབས་ཁྲ་འདི་ལུ་ གདངས་དབྱངས་ མ་འདྲཝ་ཡོདཔ་ཨིན་པས་ དེ་ཡང་ ལ་ལུ་གདངས་རིངམོ་འབད་ ཡོདཔ་ལས་ འདི་ལུ་གཞུང་གྲ་དང་ ལ་ལུ་ གདངས་ཐུང་སུ་འབད་ཡོདཔ་ལས་ འདི་ལུ་ འབོད་གྲ་ཟེར་ དབྱེ་བ་འཕྱད་ནུག། ཞབས་ཁྲ་འདི་གི་ འབྱུང་ཁུངས་དང་རྒྱབ་ཁུངས་འདི་ ཚུ་ངོས་བཟུང་ མེདཔ་མས།་

 

Transcript search
No results found for this search
0 of 0
  • ནག་ཀུ་ Naku
    སྭོ་ གནས་ལ་དང་པ་མི་ཞུ་(ཆགས་)དང་པ་ཆགས། །གནས་ལ་དང་པ་བོད་ཀྱི་བསམ་ཡས་ཆགས། །གནས་ལ་དང་པ་བོད་ཀྱི་བསམ་ཡས། །
  • ནག་ཀུ་ Naku
    སྭོ་ མཚན་ལྡན་བླ་མའི་(མ་)ཨོ་རྒྱན་གུ་རུ་བཞུགས། །ལྷོ་མོན་མཚམས་མེད་[ནས་?]ཡེ་ཤེས་མཁའ་འགྲོ་མ། །
  • ནག་ཀུ་ Naku
    སྭོ་ རྫོགས་པའི་སངས་རྒྱས་ནང་དགའ་བ་ཡོད། །དགའ་སྐྱིད་འཛོམས་པའི་ཞབས་བྲོ་ལེགས་མོ་ཞུ། །དགའ་སྐྱིད་འཛོམས་པའི་ཞབས་བྲོ་ལེགས་མོ། །
  • ནག་ཀུ་ Naku
    སྭོ་ ས་ཕྱོགས་འདི་ལ་བཞུགས་པས་(པར་)འབྱོན་པའི་སྨོན་ལམ་ཞུ། །འདི་ལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ། །འདི་ལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ། །
  • ནག་ཀུ་ Naku
    སྭོ་ གནས་ལ་གཉིས་པ་མི་ཆགས་གཉིས་པ་ཆགས། །གནས་ལ་གཉིས་པ་ལྷོ་བྲག་མཁར་ཆུ་ཞུ། །གནས་ལ་གཉིས་པ་ལྷོ་བྲག་མཁར་ཆུ། །
  • ནག་ཀུ་ Naku
    སྭོ་ མཚན་ལྡན་བླ་མའི་(མ་)དགེ་སློང་ནམ་མཁའི་སྙིང་པོ་བཞུགས། །ལྷོ་མོན་མཚམས་མེད་(ནས་)བློ་བཟང་གྲགས་པ་བཞུགས། །ལྷོ་མོན་མཚམས་མེད་(ནས་)བློ་བཟང་གྲགས་པ། །
  • ནག་ཀུ་ Naku
    སྭོ་ རྫོགས་པའི་སངས་རྒྱས་ནང་དགའ་བ་ལ། །དགའ་སྐྱིད་འཛོམས་པའི་ཞབས་བྲོ་ལེགས་མོ། །དགའ་སྐྱིད་འཛོམས་པའི་ཞབས་བྲོ་ལེགས་མོ། །
  • ནག་ཀུ་ Naku
    སྭོ་ ས་ཕྱོགས་འདི་ལ་འཛོམས་པའི་སྨོན་ལམ་ཞུ། །འདི་ལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ། །འདི་ལ་ཡང་ཡང་མཇལ་བའི་སྨོན་ལམ། །
  • ནག་ཀུ་ Naku
    སྭོ་ གནས་ལ་གསུམ་པ་མི་ཆགས་གསུམ་པ་ཆགས། །གནས་ལ་གསུམ་པ་བདེ་ཆེན་ཕོ་བྲང་ཞུ། །གནས་ལ་གསུམ་པ་བདེ་ཆེན་ཕོ་བྲང་། །
  • ནག་ཀུ་ Naku
    སྭོ་ མཚན་ལྡན་བླ་མའི་(མ་)ཞབས་དྲུང་ངག་དབང་རྣམ་རྒྱལ་བཞུགས། །ལྷོ་མོན་མཚམས་མེད་(ནས་)དགེ་སློང་ཉེར་ལྔ་འཛོམས། །ལྷོ་མོན་མཚམས་མེད་(ནས་)དགེ་སློང་ཉེར་ལྔ། །
  • ནག་ཀུ་ Naku
    སྭོ་ རྫོགས་པའི་སངས་རྒྱས་ནང་དགའ་བ་ལ་ཡོད། །དགའ་སྐྱིད་འཛོམས་པའི་ཞབས་བྲོ་ལེགས་མོ་ཞུ། །དགའ་སྐྱིད་འཛོམས་པའི་ཞབས་བྲོ་ལེགས་མོ། །
  • ནག་ཀུ་ Naku
    སྭོ་ ས་ཕྱོགས་འདི་ལ་བཞུགས་པས་མཇལ་བའི་སྨོན་ལམ་ཞུ། །འདི་ལ་ཡང་ཡང་མཇལ་བའི་སྨོན་ལམ། །འདི་ལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ་ཟེར་ དེ་ཅིག་ཏེ་ཁོ་གིས།། །།