Video Overview
Phuntsho from Phungsharang village in Pemagatshel district sings an old Boedra song called "Neychen Tsari Kewai". The song in the video seems to be a different version of the song in question, with the lyrics somewhat messed up making it difficult to distill a clear context or deeper meaning. The song roughly seems to express how people meet through destiny despite being born in different places.
༉ གླུ་གཞས་ གནས་ཡང་མཁར་ཆུ་གི་གནས་ཕྱོགས་ན་ཟེར་མི་འདི་ པདྨ་དགའ་ཚལ་རྫོང་ཁག་ ཕུང་ཤ་རང་གཡུས་ཚན་ལས་ ཕུན་ཚོགས་ཀྱིས་འཐེན་ཏེ་ཡོདཔ་ད་ གླུ་གཞས་འདི་ ཡོངས་གྲགས་ཅན་གྱི་གཞསཔ་ ཁེངས་བསོད་ནམས་རྡོ་རྗེ་གིས་འཐེན་ཏེ་ཡོད་མི་གླུ་གཞས་འདི་ར་ཨིནམ་ད་ ཕུན་ཚོགས་ཀྱིས་འཐེན་མི་འདི་ གླུ་གཞས་ནང་ག་ཨིནམ་སྦེ་འདི་མ་འཐེན་པས། ཨིན་རུང་ མཁར་ཆུ་གི་གནས་ཕྱོགས་ལུ་ བླམ་ནམ་མཁའི་སྙིང་པོ་གིས་ཆོས་གསུང་དེས་ ཆོས་ཞུ་ནི་གི་མནོ་བསམ་ཡོད་རུང་ ཁཝ་གིས་ལམ་བཅད་དེ་ཆོས་ཞུ་བར་ལྷོད་མ་ཚུགས། ཨིན་རུང་ ལུས་འདི་དང་སེམས་གཉིས་ཁ་བྲལ་བའི་ཚེ་ཕྱི་མ་ བླམ་ནམ་མཁའི་སྙིང་པོ་དང་ཟངས་མདོག་དཔལ་རི་ལུ་ སློབ་དཔོན་ཨོ་རྒྱན་གུ་རུ་གིས་ཆོས་གནང་སར་ལྷོད་ཚུགས་པའི་རེ་བ་སྐྱེདཔ་ཨིན་པས།
- Pemagatshel
- ཕུན་ཚོགས་/ Phuntsho:གནས་ཡང་མཁར་ཆུ་གི་གནས་མཆོག་དྲན་མཆོག་ན། །གནས་ཡང་མཁར་ཆུ་གི་གནས་མཆོག་དྲན་མཆོག་ན། །
- ཕུན་ཚོགས་/ Phuntsho:བླ་མ་གནམ་མཁའི་ནི་སྙིང་པོ་ཆོས་གསུང་དོ། །བླ་མ་གནམ་མཁའི་ནི་སྙིང་པོ་ཆོས་གསུང་དོ། །
- ཕུན་ཚོགས་/ Phuntsho:ཆོས་ཞུཝ་སེམས་ཀྱི་ལ་ཡར་ལས་ཡར་བསམ་ན། །ཆོས་ཞུཝ་སེམས་ཀྱི་ལ་ཡར་ལས་ཡར་བསམ་ན། །
- ཕུན་ཚོགས་/ Phuntsho:ཆོས་ལམ་ཁ་བ་ལ་མར་མོའི་བཅད་ནས། །ཆོས་ལམ་ཁ་བ་ལ་མར་མོའི་བཅད་ནས། །
- ཕུན་ཚོགས་/ Phuntsho:ད་ལྟ་ལུས་ལ་མ་གཏོགས་མ་མཇལ་ཀྱང་། །ད་ལྟ་ལུས་ལཐ་མ་གཏོགས་མ་མཇལ་་ཀྱང་། །
- ཕུན་ཚོགས་/ Phuntsho:ཕྱི་མ་ལུས་ལ་སེམས་འདི་འབྲལ་བའི་ཚེ། །ཕྱི་མ་ལུས་ལ་སེམས་འདི་འབྲལ་བའི་ཚེ། །
- ཕུན་ཚོགས་/ Phuntsho:གནས་ཡང་ཟངས་མདོག་ལ་དཔལ་རི་སྐྱེ་བར་ཤོག །གནས་ཡང་ཟངས་མདོག་ལ་དཔལ་རི་སྐྱེ་བར་ཤོག །
- ཕུན་ཚོགས་/ Phuntsho:སློབ་དཔོན་ཨུ་རྒྱན་ལ་གུ་རུའི་ཆོས་གསུང་དོ། །སློབ་དཔོན་ཨུ་རྒྱན་ལ་གུ་རུའི་ཆོས་གསུང་དོ། །
- ཕུན་ཚོགས་/ Phuntsho:ཆོས་ལ་རྫོགས་པ་ལ་ཆེན་པོ་ཐོབ་པར་ཤོག །ཆོས་ལ་རྫོགས་པ་ལ་ཆེན་པོ་ཐོབ་པར་ཤོག །