Video Overview
Two women abroad reminisce about how nice it would be to be in Lhasa for Losar (lo gsar), the lunar New Year according to the Tibetan calendar and Tibet's biggest holiday.
- Lhasa
- Ü
- བསོད་ནམས་ལགསད་ལོ་ལོ་གསར་ཟླ་བ་གཉིས་པའི་ཚེས་པ་བཅུ་བདུན་ལ་རེད་པ།
- བསོད་ནམས་ལགསལྷ་སར་ད་ལྟ་གྲ་སྒྲིག་ཞེ་པོ་ཅིག་གནང་གི་ཡོད་རེད།
- དབྱངས་སྐྱིད་ལགསའོང་རེད།
- བསོད་ནམས་ལགསཨ་ནི་འོང་སྤྱིར་བཏང་གྲ་སྒྲིག་འདི།
- བསོད་ནམས་ལགསཟླ་བ་གཅིག་གི་གོང་ལ་གནང་གི་ཡོད་རས་གང་འདྲས་རས།
- དབྱངས་སྐྱིད་ལགསཟླ་བ་གཅིག་གི་གོང་ལ་བྱེད་ཀྱི་ཡོད་རེད།
- བསོད་ནམས་ལགསག་རེ་ག་རེ་བྱེད་ཡག་ཡོད་རས།
- དབྱངས་སྐྱིད་ལགསགད་ཕྱིས་བྱས། ཨ་ནི་དེ་བག་ལ་ཅ་ལག་ཉོས་ཡག
- དབྱངས་སྐྱིད་ལགསཨ་ནི་ལོ་གསར་གྱི་ཅ་ལག་དེ་འདྲས་་་་
- དབྱངས་སྐྱིད་ལགསལོ་གསར་གྱི་ཅ་ལག་དེ་འདྲས་ཉོས་དགོས་རེད་པ།
- དབྱངས་སྐྱིད་ལགསབྱི་རིལ་དང་ཁ་ཟས་དང་ནང་ལ་རྡུལ་ཕྱིས་བྱེད་(?)ཤེལ་སྒོ་བཀྲུས་བྱེད་དགོས་ཀྱི་རེད་པ།
- བསོད་ནམས་ལགསཁ་ཟས་༼༼སྡེབ་ཀ་༽༽སྒྲིག་ཡག་དེ་ཚོ་ཉོ་ཡག་ཡོད་རེད་པས།
- དབྱངས་སྐྱིད་ལགསའོང་ཉོ་ཡག་ཡོད་རེད།
- དབྱངས་སྐྱིད་ལགསདེང་སང་སྔན་མ་༼སྔོན་མ་༽དེ་འདྲས་ཉོ་ཡག་མེད་པ་མ་རེད།
- དབྱངས་སྐྱིད་ལགསདེང་སང་ཉོ་ཡག་ཡོད་རེད།
- བསོད་ནམས་ལགསཨ་ནི་འོང་ཕྱིར་ལོག་ལ་དཀར་རག་འབྱུག་གི་ཡོད་རེད་པས།
- བསོད་ནམས་ལགསདཀར་རག་གསོལ་པ་ཟེར་གྱི་ཡོད་རེད་པ།
- དབྱངས་སྐྱིད་ལགསདཀར་རག་འདི་ལ་གསོལ་གྱི་ཡོད་རེད།
- དབྱངས་སྐྱིད་ལགསའོང་་་་་ལྷ་བབས་དུས་ཆེན་ལ་གསོལ་གྱི་ཡོད་རེད།
- བསོད་ནམས་ལགསལྷ་བབས་དུས་ཆེན་རེད་པས།
- དབྱངས་སྐྱིད་ལགསའོང་།
- བསོད་ནམས་ལགསཨ་ལས། ལོ་གསར་ལ་ཡ་གསོལ་གྱི་ཡོད་མ་རེད་པས།
- བསོད་ནམས་ལགསལོ་གསར་ལ་གསོལ་གྱི་ཡོད་རེད་བསམས་བྱུང་།
- དབྱངས་སྐྱིད་ལགསནང་གཙང་མ་བཟོ་གྱིན་འདོད་ན་བཟོ་གྱི་ཡོད་རེད་པ།
- བསོད་ནམས་ལགསཨ་ནི་ནང་ལ་ཡ་རྩི་བཏང་གི་རེད་པས།
- དབྱངས་སྐྱིད་ལགསའོང་། རྩི་དང་ཤེལ་སྒོ་བཀྲུས་དེ་འདྲས་བྱེད་དགོས་རེད་པ།
- བསོད་ནམས་ལགསཨ་ལས། ཆང་བཟོ་ཡག་དེ་ཚོ་ད་ལྟ་སྒོ་ནས་བྱེད་དགོས་རས་གང་འདྲས་རས༼རེད༽།
- དབྱངས་སྐྱིད་ལགསཆང་ད་ལྟ་ཏོག་ཙམ་སྔ་དྲག་པ་རེད་པ།
- བསོད་ནམས་ལགསརེད།
- དབྱངས་སྐྱིད་ལགསའོང་ཏོག་ཙམ་སྔ་དྲག་འདུག
- དབྱངས་སྐྱིད་ལགསཟླ་ཕྱེ་ཙམ་ཟླ་བ་ཕྱེ་ཀ་རེད་པ།
- བསོད་ནམས་ལགསཨ་ནི་ལོ་ཕུད་བཏབ་ཡག
- དབྱངས་སྐྱིད་ལགསལོ་ཕུད་བཏག་ཡག་ད་བཏབ་དགོས་རེད།
- བསོད་ནམས་ལགསརེད་པས།
- དབྱངས་སྐྱིད་ལགསཟླ་བ་གཅིག་གི་གོང་ལ་བཏབ་ཀྱི་འདུག་ག
- བསོད་ནམས་ལགསབྱས་ན་ང་ཡང་བཏབ་རན་ཡོད། རེད་པ།
- དབྱངས་སྐྱིད་ལགསའོང་རེད།
- བསོད་ནམས་ལགསདུག་ལོག་བཙེམ་ཡག་དེ་ཚོ་ག་འདྲས་རེད།
- བསོད་ནམས་ལགསཕྱུ་པ་དང་གཅིག་བཙེམ་ཡག་ཡོད་རེད་པ།
- དབྱངས་སྐྱིད་ལགསཁག་གཅིག་སོ་སོར་ནང་ལ་ཡོད་རེད་པ།
- དབྱངས་སྐྱིད་ལགསསྔན་ནས་༼སྔོན་ནས་༽བཙེམ་བཙེམ་པ་ཡོད་རེད་པ།
- དབྱངས་སྐྱིད་ལགསསྔན་མ་༼སྔོན་མ་༽རྙིང་པ་དེ་འདྲས་ཡོད་རེད་པ།
- དབྱངས་སྐྱིད་ལགསད་ཁག་ཅིག་གསར་པ་བཙེམ་གྱི་ཡོད་རེད།
- བསོད་ནམས་ལགསདེང་སང་ལྷ་ས་ཡ་ཕྱུ་པ་དར་གསོ་༼དར་སྲོལ་༽ཞེ་པོ་ཡོད་རེད་ཟེར་གྱིས།
- བསོད་ནམས་ལགསརེད་པས།
- དབྱངས་སྐྱིད་ལགསརེད། བུ་དང་བུ་མོ་ཚང་མ་གོས་ཆེན།
- བསོད་ནམས་ལགསགོས་ཆེན་ཕྱུ་པ།
- དབྱངས་སྐྱིད་ལགསའོང་། གོས་ཆེན་དང་འོག་འཇུག་དཀར་པོ།
- བསོད་ནམས་ལགསལྤགས་ཚག་་་་
- དབྱངས་སྐྱིད་ལགསལྤགས་ཚག་༼པགས་ཚག་༽གོན་༼གྱོན་༽མཁན་ཞེ་དྲག་མིན་འདུག
- བསོད་ནམས་ལགསམིན་འདུག་གས།
- དབྱངས་སྐྱིད་ལགསམིན་འདུག
- བསོད་ནམས་ལགསགཞན་ག་དུས་རས༼རེད༽།
- བསོད་ནམས་ལགསང་དགུ་བཅུ་གོ་ངའི་ལོ་བོད་ལ་འགྲོ་དུས་མང་ཆེ་བ་པགས་ཚག་གོན་༼གྱོན་༽གི་འདུག
- བསོད་ནམས་ལགསཔགས་ཚག་ལ་དར་གསོ་ཞེ་དྲག་འདུག
- དབྱངས་སྐྱིད་ལགསད་ཡང་དེང་སང་བྱེད་ཀྱི་མིན་འདུག
- དབྱངས་སྐྱིད་ལགསདར་གསོ་མི་འདུག་ཞེ་དྲག་མིན་འདུག
- བསོད་ནམས་ལགསཨ་ནི་འོང་་་་ཚེས་པ་གཅིག་ལ་ཡ་ག་རེ་ག་རེ་བྱེད་ཀྱི་རས༼རེད༽།
- བསོད་ནམས་ལགསཨ་ལས་སྔན་ལ་༼སྔོན་ལ་༽༼༼གནངས་སྐར་༽༽དགོང་དེ་ལ་ག་རེ་བྱེད་ཀྱི་རས༼རེད༽།
- དབྱངས་སྐྱིད་ལགས༼༼གནངས་སྐར་༽༽དགོང་དེ་བྱེད་དགོས་རེད་པ།
- དབྱངས་སྐྱིད་ལགསདགུ་ཐུག་འཐུང་།
- དབྱངས་སྐྱིད་ལགསདགུ་ཐུག་འཐུང་རེད་པ།
- དབྱངས་སྐྱིད་ལགསཉི་ཤུ་དགུ་དགོང་དག་རེད་པ།
- བསོད་ནམས་ལགསཉི་ཤུ་དགུ་དགོང་དག
- དབྱངས་སྐྱིད་ལགསའཐུང་གི་རེད་པ།
- བསོད་ནམས་ལགསརེད། ཉི་ཤུ་དགུ་དགོང་དག
- དབྱངས་སྐྱིད་ལགསདགུ་ཐུག་འཐུང་ཨ་ནི་མེ་སྤར།
- དབྱངས་སྐྱིད་ལགསནང་ལ་ནང་མི་གང་ག་༼སྒང་ག་༽རུབ་རུབ་བྱས།
- དབྱངས་སྐྱིད་ལགསདེ་གས་༼དེ་གྱད༽བཟས་མར་དབྱུགས་གར་ཕྱིན།
- དབྱངས་སྐྱིད་ལགསལམ་ཀ་༼ལམ་ཁ༽གསུམ་མདོ་ཁ།
- དབྱངས་སྐྱིད་ལགསཨ་ནི་ད་ག་རེད།
- བསོད་ནམས་ལགསཨ་ནི་༼༼གནངས་སྐར་༽༽ལ་ཡ།
- དབྱངས་སྐྱིད་ལགསནམ་སྐར་འདུག་ཟེ་འདྲ་ཅིག་བྱས་བསྡད་རྒྱུ་རེད་པ།
- བསོད་ནམས་ལགསཨ་ནི་ཚེས་པ་གཅིག་ལ་ཡ་སྤྱིར་བཏང་ཁ་ལག་ག་རེ་བཟོ་གི་ཡོད་རེད།
- བསོད་ནམས་ལགསང་ནི་དྲན་གྱི་མིན་འདུག
- དབྱངས་སྐྱིད་ལགསཁ་ལག་བཟོ་གི་མ་རེད།
- དབྱངས་སྐྱིད་ལགསསྔན་ནས་༼སྔོན་ནས་༽བཟོས་བཞག་ཡོད་རེད་པ།
- དབྱངས་སྐྱིད་ལགསཨ་ནི་དེ་གས་༼དེ་གྱད༽ཚ་ཙམ་ཚ་ཙམ་ཅིག་བཟོས།
- བསོད་ནམས་ལགསཨ་ནི་འོང་དེང་སང་འདི་བྱེད་ཀྱི་ཡོད་རེད་པས།
- བསོད་ནམས་ལགསགྲོང་པ་ཕན་ཚུན་ཕར་ཚུར་ཕྱེ་མར་རྒྱུག་གི་ཡོད་རེད་པས།
- དབྱངས་སྐྱིད་ལགསརྒྱུག་གིས་རྒྱུག་གིས། ཡོད་རེད།
- བསོད་ནམས་ལགསསྔན་མ་༼སྔོན་མ་༽ཡིན་ན་ང་ལྷ་སར་ཡོད་དུས་ང་ཚོའི་ཞང་ལགས་སྔ་པོ་ནས་ཕེབས་ཀྱི་ཡོད་པ།
- བསོད་ནམས་ལགསཞོགས་གས་སྔ་པོ་ནས་ཕེབས་ཀྱི་ཡོད་པ།
- བསོད་ནམས་ལགསདེང་སང་ཕེབས་ཀྱི་འདུག་གས
- དབྱངས་སྐྱིད་ལགསཞང་ལགས་ཕེབས་ཀྱིས།
- དབྱངས་སྐྱིད་ལགསཆང་བསྣམས་བྱས་ཕེབས་ཀྱི་ཡོད་རེད།
- བསོད་ནམས་ལགསཞོགས་གས་ཆུ་ཚོད་ག་ཚོད་ཙམ་ལ་ཕེབས་ཀྱི་འདུག
- དབྱངས་སྐྱིད་ལགསབདུན་པ་ཙམ།
- བསོད་ནམས་ལགསབདུན་པ་ད་སྔ་པོ་ཙམ་མ་རེད།
- བསོད་ནམས་ལགསསྔན་མ་༼སྔོན་མ་༽ཆུ་ཚོད་གསུམ་པ་ཙམ་ལ་ཕེབས་ཀྱི་ཡོད་པ།
- དབྱངས་སྐྱིད་ལགསམ་རེད་ང་ཚོ་རྟེན་འབྲེལ་རེ་ཅིག་བྱེད་ཀྱི་རེད་པ།
- དབྱངས་སྐྱིད་ལགསརྟེན་འབྲེལ་རྩ་བ་བྱེད་ཡག་ག་ཚོད་སྔ་ཡོད་ནའི།
- དབྱངས་སྐྱིད་ལགསག་ཚོད་ཡག་ག་ཡོད་རེད་ཟེར་གྱི་འདུག་ག
- དབྱངས་སྐྱིད་ལགསཨ་ནི་བཀྲ་ཤིས་བདེ་ལེགས་བཀྲ་ཤིས་བདེ་ལེགས་ཟེར་ནས།
- དབྱངས་སྐྱིད་ལགསང་ཚོ་ལངས་ཚར་གྱི་རེད་པ།
- དབྱངས་སྐྱིད་ལགསཕྱེ་མར་བཟས་ཨ་ནི་ནང་གི་མི་བྱས།
- དབྱངས་སྐྱིད་ལགསཨ་ནི་ཕྱིར་ལོག་གི་མི་འདི་གཞི་ནས་ཡོང་གི་འདུག་ག
- བསོད་ནམས་ལགསཨ་ནི་ང་རང་ཚོའི་ནང་གི་ཆང་སྐོལ་སུས་སྐོལ་གྱི་ཡོད་རས༼རེད༽།
- བསོད་ནམས་ལགསཨ་ན་རོགས་པ་བྱེད་ད།
- ཨ་ན་ལགསཨ་ན་རོགས་པ་བྱེད་ད།
- བསོད་ནམས་ལགསསྔན་ལ་༼སྔོན་ལ་༽ཡ་ཆང་སྐོལ་འཐུང་གི་ཡོད་རས་ཕྱེ་མར་ཟ་གི་ཡོད་རས༼རེད༽
- དབྱངས་སྐྱིད་ལགསསྔན་ལ་༼སྔོན་ལ་༽ཡ་ཕྱེ་མར་བཟས།
- དབྱངས་སྐྱིད་ལགསཕྱེ་མར་བཟས་ཚར་ནས་ཆང་སྐོལ་འཐུང་གི་འདུག་ག
- དབྱངས་སྐྱིད་ལགསཁག་ཅིག་གིས་ཕྱེ་མར་མ་བཟས་གོང་ལ་ཆང་སྐོལ་བླུག་གི་འདུག་ག
- དབྱངས་སྐྱིད་ལགསསྔ་པོ་ཉལ་བྱས།
- བསོད་ནམས་ལགསཁ་ཤས་དེ་འདྲས་ཟེར་གྱི་འདུག་ག
- བསོད་ནམས་ལགསཆང་སྐོལ་གྱིས་ར་བཟི་གྱི་རེད་ཟེར།
- བསོད་ནམས་ལགསར་བཟི་གི་རེད་པས་ཆང་སྐོལ།
- དབྱངས་སྐྱིད་ལགསར་བཟི་གི་རེད།
- བསོད་ནམས་ལགསཆང་བླུག་གི་རེད་པ།
- དབྱངས་སྐྱིད་ལགསཆང་བླུག་རྩམ་པ་བླུག་བུ་རམ་བླུག་ཕྱུ་ར་བླུག་མར་བླུག
- བསོད་ནམས་ལགསཨ་ནི་ཆང་ནང་ལ་ཆང་སྐོལ་སྐོལ་ན་ཆུ་འདྲེས་ཀྱི་ཡོད་རེད་པས།
- དབྱངས་སྐྱིད་ལགསཆུ་ཏོག་ཙམ་འདྲེས་ཀྱིས།
- དབྱངས་སྐྱིད་ལགསཞེ་དྲག་འདྲེས་ཀྱི་མིན་འདུག
- དབྱངས་སྐྱིད་ལགསམང་ཆེ་བ་ཆང་རེད་པ་ཆང་བླུག་དགོས་རེད།
- བསོད་ནམས་ལགསཨ་ནི་དེ་འདྲས་གར་པོ་ཞེ་པོ་ཅིག་སྐོལ་གྱི་ཡོད་རེད་པས།
- དབྱངས་སྐྱིད་ལགསའོང་།
- བསོད་ནམས་ལགསཨ་ནི་ཆང་གར་ལོས་རེད་པ།
- དབྱངས་སྐྱིད་ལགསཆང་གར་པོ་ཡོད་ན་ར་བཟི་གི་རེད་པ།
- དབྱངས་སྐྱིད་ལགསཆང་གར་པོ་མེད་ན་ར་བཟི་གི་མ་རེད་པ།
- བསོད་ནམས་ལགསཨ་ནི་ཆང་སྐོལ་གྱི་གཞུག་པོར་འབྲས་སིལ་བཀྱགས་ཀྱི་ཡོད་རེད་པས།
- དབྱངས་སྐྱིད་ལགསའབྲས་སིལ་གྲོ་མ་འབྲས་སིལ།
- བསོད་ནམས་ལགསའབྲས་སིལ་ཡོད་རེད།
- བསོད་ནམས་ལགསའབྲས་སིལ་ཟ་གི་ཡོད་རེད།
- བསོད་ནམས་ལགསའབྲས་སིལ་བཀྱགས། འབྲས་སིལ་བཀྱགས་ཚར་པ་ད་ག་འདི་བྱེད་ཀྱི་རེད་པ།
- བསོད་ནམས་ལགསཨ་ནི་སྔ་མ་ཡིན་ན་ཕྱེ་མར་མཉམ་དུ་ཆང་ཕུད་ཟེར་ཅིག་བཀྱགས་ཀྱི་ཡོད་རེད་པ།
- བསོད་ནམས་ལགསཆང་ཕུད་ཕྱེ་མར་མཉམ་དུ་དེང་སང་ག་རེ་རས་༼རེད་༽གསུམ་སྒྲོན་གཉེས་དག
- དབྱངས་སྐྱིད་ལགསརེད། གསུམ་སྒྲོན་འཁྲུངས་དག
- བསོད་ནམས་ལགསཨ་ནི་ཚེས་པ་གཅིག་ལ་སྤུན་ཀྱག་གཅིག་པོ་འཛོམས་ཀྱི་རེད།
- བསོད་ནམས་ལགསཕྱིར་ལོག་གི་མི་དགའ་པོ་ཉེ་པོ་ཡོང་རས་༼རེད་༽གང་འདྲས་འདུག
- དབྱངས་སྐྱིད་ལགསཚེས་པ་གཅིག་ལ་ཡ་ནང་གི་མི་ཁབ་གཙང་༼ཁེ་གཙང་༽བྱས།
- དབྱངས་སྐྱིད་ལགསཚེས་པ་གཉིས་ལ་ཡ་འོང་འདི་རེད་འདུག་ག
- དབྱངས་སྐྱིད་ལགསསྤུན་ཀྱག་དེ་གས་ཡོང་གི་འདུག་ག
- དབྱངས་སྐྱིད་ལགསཚེས་པ་གསུམ་བཞི་ལྔ་ལ་ཡ་ཕྱིར་ལོག་གི་མི་འདི་བྱེད་ཀྱི་འདུག་ག
- བསོད་ནམས་ལགསཚེས་པ་གསུམ་གྱི་ག་རེ་ཞོགས་གས་སྔ་པོ་ཅིག་ལ་ཡ་འདི་བྱེད་དགོས་མ་རེད་པས།
- བསོད་ནམས་ལགསཐོག་གསོལ་བཏང་གི་རེད་པ།
- དབྱངས་སྐྱིད་ལགསབཏང་གི་རེད།
- དབྱངས་སྐྱིད་ལགསཐོག་གསོལ་དེ་འཁྱེར་གྱི་ཡོད་རེད་པ།
- དབྱངས་སྐྱིད་ལགསགཟའ་ལྷག་པ་་་་་་གཟའ་ལྷག་པ།
- བསོད་ནམས་ལགསཚེས་པ་གསུམ་ཚེས་པ་གསུམ་ལ་ཡ་ཐོག་གསོལ་རེད་ཟེར་གྱི་འདུག་ག
- བསོད་ནམས་ལགསགཟའ་ལྷག་པ་འཁྱེར་གྱི་མ་རེད།
- བསོད་ནམས་ལགསད་ལོ་ལོ་གསར་གཟའ་ལྷག་པར་རེད།
- དབྱངས་སྐྱིད་ལགསཨ་ལས།
- དབྱངས་སྐྱིད་ལགས
- དབྱངས་སྐྱིད་ལགས
- དབྱངས་སྐྱིད་ལགས
- དབྱངས་སྐྱིད་ལགས
- དབྱངས་སྐྱིད་ལགས
- དབྱངས་སྐྱིད་ལགས
- དབྱངས་སྐྱིད་ལགས
- དབྱངས་སྐྱིད་ལགས
- དབྱངས་སྐྱིད་ལགས