Skip to main content Skip to search
10 Dec 2014
4 min 12 sec
Rating
0
No votes yet
Video Overview
Creators: 
Sonam Chophel, Dawa Tshering

༉  ཚེ་དབང་གིས་བཤད་མི་དང་འཁྲིལ་བ་ཅིན་ མགར་ས་རྫོང་ཁག་ ལ་གཡག་རྒེད་འོག་ གནས་ལུགས་ཟེར་མི་གཡུས་ཚན་འདི་ ཞབས་དྲུང་རིན་པོ་ཆེ་ འབྲུག་ལུ་བྱོན་པའི་སྐབས་ འགོ་དང་པ་ ལ་ཡག་ལུང་གསུམ་ལུ་ཕེབས་ད་ འགོ་དང་པ་ས་གནས་དེ་ཁར་ཞབས་ཀྱིས་བཅགས་ བྱིན་གྱིས་བསླབས་ཏེ་ གནས་ཀྱི་ལུང་བསྟན་གནང་གནངམ་འབད་ནི་འདི་གིས་ སའི་མིང་ཡང་ གནས་ལུགས་ཟེར་ བཏགས་ནུག་ཟེར་ཨིན་པས། མ་གཞི་ལུང་བསྟན་གནང་མི་ལས་བརྟེན་ཏེ་ ས་གནས་ཀྱི་མིང་ཆགས་ཆགསཔ་ཨིན་པ་ཅིན་ གནས་ལུགས་ཟེར་མེན་པར་ གནས་ལུང་ཟེར་འོང་དགོཔ་ཅིག་ཨིན་པས། ཨིན་རུང་ ལོ་རྒྱུས་སླབ་མི་དང་འཁྲིལ་བ་ཅིན་ དེ་སྦེ་བཏགས་བཏགསཔ་ཨིན་ཟེར་མ་གཏོགས་ འདི་གི་སྐོར་ལས་ཁ་གསལ་སྦེ་བཤད་ནི་མིན་འདུག དེ་ལས་ ཞབས་དྲུང་རིན་པོ་ཆེ་ས་གནས་དེ་ཁར་འགོ་དང་པ་ཕེབས་ད་ ཆུ་ཨོམ་ལུ་གྱུར་སོངཔ་ལས་ ད་རེས་གནས་ལུགས་གཡུས་ཁ་ལུ་ ཨོམ་ཆུ་ལྷ་ཁང་ཟེར་ ལྷ་ཁང་གཅིག་ཡང་ཡོདཔ་ཨིན་མས།

Show More

  • ཚེ་དབང་། Tshewang
    ལ་སོགས། ད་ གནས་ལོ་ཟེར་མི་འདི་ ཏེ་ ད་ ང་བཅས་ར་ ད་རིས་ནངས་པ་ ཁའི་བརྗོད་སྒྲ་འབད་བ་ཅིན་ གནས་ལོ་ཟེར་སླབ་ད་མས་ དང་ཕུ་ཞབས་དྲུང་ཁོ་རང་བྱོན་པའི་དུས་ལུ་འབད་བ་ཅིན་ གནས་ལུགས་ཟེར།
  • ཚེ་དབང་། Tshewang
    ཏེ་ ཞབས་དྲུག་་ིན་པོ་ཆེ་ཁོ་ར་ ཏེ་ བོད་ལས་བྱོན་འདི་གི་སྦེ་ ང་བཅས་ར་དཔལ་ལྡན་འབྲུག་པའི་ ཁ་ལྷོ་ལུ་ ཆིབས་ཁ་ལྷོ་ལུ་བྱོན་འདི་གི་སྦེ་ ལ་ཡག་ལུང་གསུམ་འདི་ནང་ལྷོདཔ་ད་ལུ།
  • ཚེ་དབང་། Tshewang
    གནས་ལུགས་ཟེར་སླབ་མི་ ངོ་མ་འདི་ གནས་ཀྱི་ འགོ་དང་པ་ ཞབས་དྲུང་རིན་པོ་ཆེ་གིས་ ཁོ་ར་གི་སྐུ་འདྲ་ངོ་མ་བཞེངས་འདི་གི་སྦེ་ དེ་ནང་གནས་ ང་ོམ་འདི་དེ་ནང་བཅགས་ད་ནི་གིས་ གནས་ལུགས་ཟེར་ གནས་ལུགས་ཀྱི་ ལུང་བསྟན་གནང་འདི་གིས་ གནས་ལུགས་ཟེར་སླབ་མི་འདི་ འདི་ཨིན།
  • ཚེ་དབང་། Tshewang
    འདི་ནང་ལུ་ ང་བཅས་ར་ཡར་ ཨོམ་ཆུ་ལྷ་ཁང་ཟེར་མི་འདི་ནང་ལུ་ ཆུ་ཨོམ་ནང་འཛུལཝ་ ཞབས་དྲུང་རིན་པོ་ཆེ་ཁོ་ར་བྱོན་པའི་བསྒང་ གནམ་མེད་ས་མེད་ ཉིནམ་འཇའ་གི་འགོར་ གནམ་མེད་ས་མེད་རྟག་དང་རྟེན་འབྲེལ་ལེགས་ཤོམ་ ཡོད་པའི་རྟག་མཚན་ཡོད་པའི་ གནམ་མེད་ས་མེད་ཡོད་པའི་ལོ་རྒྱུས་ ཕམ་རྒན་ཤོས་ཀྱིས་སླབ་འདི་འདུག།
  • ཚེ་དབང་། Tshewang
    ད་རིས་ནངས་པ་འབད་རུང་ ཨོམ་ཆུ་ལྷ་ཁང་བཀྲ་ཤིས་ལྷ་ཁང་ཟེར་ ཨོམ་ཆུ་ལྷ་ཁང་ཟེར་མི་འདི་ དང་ཕུ་འབད་བ་ཅིན་ ཆུང་ཀུ་ཅིག་ཡོད་ནི་འདི་གིས་ ད་རིས་ནངས་པ་ ང་བཅས་ར་བཀྲཤིས་ལྷ་ཁང་ཟེར་མི་འདི་ གནམ་མེད་ས་མེད་རྒྱས་ཤིང་རྒྱསཔ་ མ་བཏུབ་བཏུབ་སྦེ་ ནས་སྦེ་བཞེངས་འདི་ཡོད།
  • ཚེ་དབང་། Tshewang
    འདི་ནང་ལུ་ ཞབས་དྲུང་རིན་པོ་ཆེ་ཁོ་ར་བྱོན་པའི་བསྒང་གི་ སྐུ་འདྲ་འདི་ད་ལྟོ་ཡང་ ང་བཅས་རའི་ སྐུ་འཁོར་འབྱོན་རུང་བྱོན་ ང་བཅས་རའི་ འབྲུག་རྒྱལ་ཁབ་ཀྱི་ མི་སེར་ཆེ་འབྲིང་ཆུང་གསུམ་ དཔོན་ཁག་ག་ཅི་རང་འབྱོན་རུང་ ང་བཅས་ར་འདི་ནང་ཞལ་མཇལ་ ང་རང་བྱིན་གྱིས་བརླབས་པའི་ས་འདི་ལུ་ གནམ་མེད་ས་མེད་རྩིས་མཐོང་བསྐྱེད་འདི་རང་དེ་སྦེ་ཡོད།
  • ཚེ་དབང་། Tshewang
    ད་ལྟོ་ཚན་ཚད་འབད་རུང་ཡང་ དེ་སྦེ་རང་ཡོད། ད་ལས་ཕར་འབད་རུང་ ང་བཅས་ར་ ང་བཅས་ལ་ཡག་རྒེད་འགོ་གི་ མི་སེར་ག་ར་གྱི་ཁོང་སྟེ་ལས་ ང་བཅས་ལ་ཡག་རྒེད་འགོ་འདི་ནང་ལུ་ ཞབས་དྲུང་རིན་པོ་ཆེ་བྱོན་བྱོནམ་གི་ ས་སྒོ་ཅིག་འབད་ནི་འདི་གིས། ད་ལྟོ་ཚན་ཚད་ ང་བཅས་ར་ཚོགས་བསགས་གྲིབ་བྱང་ གནམ་མེད་ས་མེད་དགའ་བ་དང་སྐྱིད་པ་ཡོད་མི་འདི་ ཞབས་དྲུང་རིན་པོ་ཆེ་གིས་ ཐུགས་སྨོན་ལས་ ཨིན་མནོ་འདི་གི་ ང་བཅས་ར་མནོ་བསམ་འདི་བཏང་འདི་ཡོད།
  • ཚེ་དབང་། Tshewang
    ད་ང་བཅས་རང་ མནོ་བསམ་བཏང་དོ་བཟུམ་སྦེ་རང་ དེ་སྦེ་འབད་འབད་འོང་མནོ་བའི་རེ་བ་ ང་བཅས་ར་ ད་ལྟོ་ཚན་ཚད་དེ་སྦེ་ཡོད་ ད་ལས་ཕར་འབད་རུང་ཡང་ གནམ་མེད་ས་མེད་དགའ་བ་དང་སྐྱིད་པའི་ངང་ལུ་ ཞབས་དྲུང་རིན་པོ་ཆེ་ཁོ་རང་གི་ ཐུགས་སྨོན་ལས་བརྟེན་དེ་གིས་སྦེ་ ད་ལྟོ་ཚན་ཚད་ཡང་དེ་སྦེ་རང་ཡོད།
  • ཚེ་དབང་། Tshewang
    དོ་རུང་ནི་སྦེ་རང་ འབད་འོང་མནོ་བའི་ རེ་བ་དང་ དེམ་མ་མ་ཚད་ ང་བཅས་ར་ ཞབས་དྲུང་རིན་པོ་ཆེ་ཁོ་ར་གིས་ ཐུགས་སྨོན་ལས་བརྟེན་འདི་གིས་སྦེ་ ང་བཅས་ལྷོ་མོན་ཁ་བཞི་ནང་ལས་ བྱང་སྟག་རྩི་སྒང་ཟེར་མི་ ང་བཅས་ལ་ཡག་རྒེད་འོག་ནང་ལུ་ཕོག་ནི་འདི་གིས་ འདི་ནང་ལས་ང་བཅས་གནམ་མེད་ས་མེད་ ང་བཅས་ར་སྐལ་བ་བཟངམ་ཨིན་མས་ཟེར་ཞུ་ནི།
  • ཚེ་དབང་། Tshewang
    དེ་དང་འབྲེལ་འདི་གི་སྦེ་ ང་བཅས་ར་ལ་ཡག་གི་རྒེད་འོག་གི་ ཆོས་འབད་རུང་གནམ་མེད་ས་མེད་ དད་པ་ཡོདཔ་དང་ དད་པ་དམ་ཚིག་སྐྱེད་དེ་གིས་སྦེ་ ཆོས་ལུ་གནམ་མེད་ས་མེད་ བརྩི་མཐོང་སྐྱེད་དེ་གིས་སྦེ་ ནང་པ་སངས་རྒྱས་པའི་ཆོས་ ངོ་ཤེས་པའི་མི་ཅིག་ཨིན།
  • ཚེ་དབང་། Tshewang
    དེ་མ་ཚད་ སྔར་སྲོལ་ལམ་ལུགས་འབད་རུང་ ང་བཅས་རང་ གྱོན་ཆས་ཀྱི་རིགས་རྣམས་འབད་རུང་ ག་ཅི་རང་འབད་རུང་ ཞབས་དྲུང་རིན་པོ་ཆེ་ཁོ་ར་ བྱོན་པའི་དུས་ལས་ཀྱི་བཟུམ་སྦེ་རང་ ད་ལྟོ་གནམ་མེད་ས་མེད་བརྩི་མཐོང་སྦེ་ རྒྱས་ཞིང་རྒྱསཔ་སྦེ་རང་ དེ་སྦེ་རང་བརྩི་འདི་གི་རང་ཡོད།
  • ཚེ་དབང་། Tshewang
    ད་ལས་འབད་རུང་ ང་བཅས་ཀྱི་ དུས་ད་ལྟོ་ཚན་ཚད་ཡོད་མི་འདི་ ཉམས་མ་བཅུག་པའི་ རེ་བ་འདི་ང་བཅས་ལུ་ཡོད་ དེ་མ་ཚད་མི་ཉམས་ནི་གི་ མནོ་བསམ་འདི་ཡང་ ང་བཅས་ལུ་ཡོད།
  • ཚེ་དབང་། Tshewang
    ཉམས་པ་ཅིན་འདི་ལུ་ ང་བཅས་ཀྱི་རྒྱབ་སྐྱོར་ཡང་ ང་བཅས་རྒེད་འོག་གི་ཧོང་ཏོག་ལས་ གནམ་མེད་ས་མེད་ལེགས་ཤོམ་འཕུལ་ཞིན་ན་ལས་ མར་ཉམས་པ་གཙོ་ཡར་ཕར་གོང་འཕེལ་གཏང་ནི་འདི་ མནོ་བསམ་འདི་ངབཅས་ལུ་ཡོད།
  • ཚེ་དབང་། Tshewang
    ད་ གནམ་མེད་ས་མེད་རྒྱས་ཤིང་རྒྱསཔ་མ་ཤེས་རུང་ ཞབས་དྲུང་རིན་པོ་ཆེ་ཁོ་ར་ བྱོན་པའི་དུས་ལས་རང་ གནམ་མེད་ས་མེད་དེ་སྦེ་འདུག། དེ་ནང་ལས་ ད་ཆོས་ཀྱི་བསྟན་པ་དར་ནི་དང་ ང་བཅས་རའི་རྒྱལ་ཁབ་ཀྱི་ ལོངས་སྤྱོད་ཕུན་སུམ་ཚོགས་ཏོག་ཏོ་སྦེ་ འབད་ནི་དང་ ང་བཅས་ལ་ཡག་རྒེད་འོག་འདི་ སྔར་ལས་གནམ་མེད་ས་མེད་དར་ཤིང་རྒྱས་བཅུག་མནོ་བའི་ རེ་བ་དང་ ད་ ང་ལས་གནམ་མེད་ས་མེད་ རྒྱས་ཤིང་རྒྱསཔ་ཞུ་ནི་མེད་ འདི་ལུ་མདོར་བསྡུས་ཞུ་མི་འདི་ལུ་ བཀའ་དྲིན་ཆེ་ཟེར་ཞུ་ནི་ཨུན་ལགས།