Video Overview
This is a video of Tsethar Bum from Yonru Village in Chentsa singing a song called "The Nature of Karma." This song is part of a collection of folk songs from the Rebgong cultural area.
- ཡེ་་་་་དུང་ལོ་ལོ་གླུ་རེ་ལེན་་་་་་་་ཞང་ཡ་རེ་འཇོག་ལ་དུང་ལོ་ལོ་གླུ་རེ་ལེན་ཡ
- བྲག་དང་ཤུག་པ༼དུང་ལོ་ལོ༽མཉམ་སྐྱེས་རེད། །
- ཤུག་ཏོག་མི་འདུག༼དུང་ལོ་ལོ༽ལྷུང་ནོ་རེད། །
- འདི་ལྷུང་བའི་ཤུག་ཏོག༼དུང་ལོ་ལོ༽སྙིང་རེ་རྗེ། །
- མིང་གཅིག་སྲིང་གཅིག༼དུང་ལོ་ལོ༽མཉམ་སྐྱེས་རེད། །
- སྲིང་ཆུང་མི་འདུག༼དུང་ལོ་ལོ༽འགྲོ་ནོ་རེད། །
- འདི་འགྲོ་བའི་སྲིང་ཆུང༼དུང་ལོ་ལོ༽སྙིང་རེ་རྗེ། །