Skip to main content Skip to search
01 Sep 2018
42 min 42 sec
Video Overview
Creators: 
Yeshi Wangchuk

The Bonpo festival was practiced since long ago and is still followed by the present generation, upholding the tradition. The event is organized in two different categories. The monks perform rituals in the temples and the Bonpos summon the local deities. Goembo Wangdi speaks about Bön and Buddhism. According to their religious beliefs, it was said there was a competition among a Bonpo and Buddhist priest. Since the Buddhist priest won the competition, Buddhism flourished all over the world. The key role of the Bonpo in the Chodpa offering ritual is to invoke the Bön god out from eight layers of sky, and to perform supplications during the festival. It is said that the Bonpo have to repeatedly request the god to come and look after the welfare of all sentient beings, and after several refusals, the god approves and comes down to the earth. The Bonpo also needs to perform several rituals during the festival.

 

བོན་པོ་ཚེས་བཅུ་འདི་ དུས་ཧེ་མ་ ཕ་མེས་སྐབས་ལས་རང་ བརྩི་དོ་ཡོདཔ་དང་ ད་རེས་ནངས་པ་ཡང་ ལམ་སྲོལ་འདི་བདག་འཛིན་འབད་ནིའི་དོན་ལུ་ ཚེས་བཅུ་འདི་ བརྩི་དོ་ཡོདཔ་ཨིན་མས། ཚེས་བཅུ་འདི་ དབྱེ་ཁག་གཉིས་སྦེ་བརྩི་དོ་ཡོདཔ་དང་ དེ་ཡང་ དགེ་སློང་ཚུ་གིས་ ལྷ་ཁང་ནང་ལུ་ ཆོ་ག་བཏང་དོ་ཡོདཔ་དང་ བོན་པོ་མི་སེར་ཚུ་གིས་འདི་ གནས་བདག་ཚུ་ལུ་ གསོལཝ་བཏབ་ཨིན་མས། མགོན་པོ་དབང་འདུས་ཀྱི་ འཛམ་གླིང་ནང་གིས་ བོན་ཆོས་ལུགས་དང་ ནང་པའི་ཆོས་ལུགས་ཀྱི་སྐོར་ལས་བཤད་ནི་འདུག ཁོང་གིས་ ཡིད་ཆེས་བསྐྱེད་ཐངས་དང་འཁྲིལ་བ་ཅིན་ བོན་ཆོས་ལུགས་པ་དང་ ནང་པའི་ཆོས་ལུགས་པ་ཚུ་གིས་བར་ན་ འགྲན་བསྡུར་འབད་ཡི་ཟེར་ཨིན་མས། དེ་བསྒང་ ནང་པའི་ཆོས་ལུགས་པ་ཚུ་ རྒྱལ་ཁ་འཐོབ་དི་འདི་གིས་ ནང་པའི་ཆོས་ལུགས་འདི་ ཡོངས་གྲགས་སྦེ་ དར་ཁྱབ་འགྱོ་ཡི་ཟེར་ཨིན་མས། བོན་པོ་མཆོད་པའི་སྐབས་ལུ་ བོན་པོ་ཚུ་གིས་ ལཱ་འགན་གཙོ་བོ་འདི་ བོན་ལྷ་ལུ་གསོལཝ་བཏབ་ནི་འདི་ཨིན་མས། ལཱ་འགན་དང་པ་འདི་རང་ བོན་ལྷ་འདི་ཞུ་ཞིནམ་ལས་ ཚེས་བཅུ་ནང་ གདན་འདྲེན་ཞུ་ནི་འདི་ཨིན་མས། བོན་པོ་ཚུ་གིས་ བོན་ལྷ་འདི་ལུ་ འགྲོ་བ་ཚུའི་དོན་ལུ་ འབྱོན་གནང་ཟེར་ ལོག་ཅིག་རང་ གསོལཝ་བཏབ་དགོ་ཟེར་ཨིནམ་དང་ དེ་ལས་རྐྱངམ་ཅིག་ བོན་ལྷ་འདི་ འཛམ་གླིང་ནང་འབྱོནམ་ཨིན་ཟེར་བཤདཔ་ཨིན་མས། དེ་མ་ཚད་ ཚེས་བཅུའི་སྐབས་ལུ་ བོན་པོ་ཚུ་གིས་ ཆོ་ག་ལེ་ཤ་བཏང་དགོ་ཟེར་བཤདཔ་ཨིན་མས། 

 

Transcript search
No results found for this search
0 of 0
  • མགོན་པོ་དབང་འདུས་ Goembo Wangdi
    ལགས་སོ་ལགས་ ད་ནཱ་སློབ་དཔོན་གྱིས་ ང་བཅས་གཡུས་ཁར་ལུ་ ལྷ་གསོལ་ཀླུ་གསོལ་གྱི་སྐོར་ལས་ ལས་རིམ་བཟོ་བར་བྱོན་མི་འདི་ལུ་ ང་རའི་ཁ་ཐུག་ལས་ གནམ་མེད་ས་མེད་བཀའ་དྲིན་དགའ་ཚོར་ཡོད་ཟེར་ ཞུན་ནི་ཨིན་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ང་ནི་བཟུམ་མའི་གོ་སྐབས་ཅིག་ ང་གིས་ཧེ་མ་ཡང་མ་འཐོབ་ ད་རེས་གོ་སྐབས་གནང་མི་ལྟ་སྟེ་ ཏེ་ང་རའི་ཁ་ཐུག་ལས་ བཀའ་དྲིན་ལེགས་སོ་ཡོད་ཟེར་ ཞུ་ནི་ཨིན་ལགས།
  • མགོན་པོ་དབང་འདུས་Goembo Wangdi
    དེ་ལས་ ང་བཅས་གཡུས་ཁར་ལུ་འདི་ དང་ཕུ་ཕ་མའི་སྐབས་ལུ་རང་ ཟླཝ་ ༡༠ པའི་མཆོད་པ་ལུ་ ལྷ་གསོལ་ནི་དང་ ལྷ་ཁང་ནང་ལུ་ ཆོསཔ་ཚུ་གིས་ཆོ་ག་གནང་།
  • མགོན་པོ་དབང་འདུས་ Goembo Wangdi
    བོན་པོ་གི་མར་ལྷ་བྲང་ལུ་ ལྷ་གསོལ་ནི་གི་ལས་རིམ་ཅིག་འ་ནི་སྦེ་བརྩམས་ཏེ་བཞག་ནུག་ དེ་གིས་འབད་ཏེ་ དང་ཕུ་ཕ་མ་གིས་ བརྩམས་ཡོད་པའི་ལས་རིམ་འདི་ ད་ལྟོ་ང་བཅས་བུ་གཞི་ཚུ་གི་སྐབས་ལུ་ཡང་ མ་ཉམས་པར།
  • མགོན་པོ་དབང་འདུས་ Goembo Wangdi
    རྩ་བོ་བཟུང་སྟེ་ གསོལ་ཁ་ཕུལ་ཏེ་རང་ཡོད་ ཕུལ་དགོ་པའི་ཁུངས་ག་ཅི་འབད་ཟེར་བ་ཅིན་ ང་བཅས་ཕམ་ཚུ་གིས་བརྟེན་པ་ལུ་བརྟེན་ཏེ་ བུ་གཞི་གིས་མ་ཉམས་པར་ ང་བཅས་ཀྱི་ལྷ་གསོལཝ་ད།
  • མགོན་པོ་དབང་འདུས་ Goembo Wangdi
    ལོ་གཅིག་ལུ་ཟླཝ་ བཅུ་པ་ལུ་དགུན་དང་ བྱཱར་ཟླཝ་ལྔ་པའི་ནང་ གསོལ་ཏེ་སྡོད་ནུག་ལགས་ དང་ཕུ་ལས་རང་ འ་ནི་འབད་གསོལཝ་ད་ ད་ལྟོ་ང་བཅས་གཡུས་ཁར་བོན་པོ་ མ་པ་ལས་རང་མེད་པར་ཏེ།
  • མགོན་པོ་དབང་འདུས་ Goembo Wangdi
    ད་ ཐབས་རང་མེད་པར་ དམངས་ཀྱིས་ བོན་པོ་གི་འགན་ཁུར་ང་ལུ་སླབ་པ་ལས་བརྟེན་ཏེ་ ལྕོགས་རུང་མ་ལྕོགས་རུང་ ཤེས་རུང་མ་ཤེས་རུང་ ལྷ་ཅིག་ང་གིས་འབད་ གསོལ་ཏེ་ཡོད་ཟེར་ ཞུ་ནི་ཨིན་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ད་ལྷ་གསོལ་དགོཔ་ག་ཅི་ལས་བརྟེན་ཏེ་སྨོ་ཟེར་བ་ཅིན་ དང་པ་རང་ ལྷ་གི་མིང་ག་ཅི་སྨོ་ཟེར་བ་ཅིན་ ལྷའི་རྒྱལ་པོ་འོ་དེ་གུང་རྒྱན་(རྒྱལ་)ཟེར་ གསོལ་ཏེ་སྡོད་ནུག་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ང་བཅས་ཀྱི་གཡུས་ཁར་ དེ་གིས་འབད་ལྷའི་རྒྱལ་པོ་འོ་དེ་གུང་རྒྱལ་གདན་ག་ཏེ་ལས་ ཞུཝ་སྨོ་ཟེར་བ་ཅིན་ ཡར་གནམ་རིམ་པ་བཅུ་གསུམ་ལས་ ཕབ་སྟེ་འབགཔ་ཨིན་ལགས་ གནམ་རིམ་པ་བཅུ་གསུམ་ཏེ་ རོགས་རྒྱལ་རབས་ཀྱི་ནང་ཡང་ཚུད་ནུག
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ དཔེ་ཆ་འབད་ཡང་ཡོད་ དཔེ་ཆ་ལས་འབད་དེ་འབད་རུང་ ལྷའི་རྒྱལ་པོ་འོ་དེ་གུང་རྒྱལ་འབད་མི་འདི་ ང་བཅས་མི་སེར་གྱིས་ གདན་འདྲེན་ཞུ་བར་འགྱོཝ་ད་ མི་སེར་གྱིས་ཞུཝ་ད་ ལྷའི་གསན་མ་བཏུབ་ཨིན་པས་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ལྷའི་རྒྱལ་པོ་འོ་དེ་གུང་རྒྱལ་འབད་རུང་ ང་བཅས་ཀྱི་ཁ་སྐད་ལས་ དེ་སྦེ་ཞུ་ནི་ཡོད་ལགས་ དང་ཕུ་རོགས་སྤྱིར་བཏང་གི་ལྷ་ག་ཅི་སྨོ་ཟེར་བ་ཅིན་ ལྷ་བརྒྱ་བྱིན་དབང་པོ་ཟེར་ཨིན་པས་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་ ད་ ང་བཅས་གཡུས་ཁར་འབད་བ་ཅིན་ ལྷའི་རྒྱལ་པོ་འོ་དེ་གུང་རྒྱལ་ཟེར་ཞུ་ཨིན་ འ་ནཱི་ང་བཅས་མི་གནགཔ་གིས་ཞུ་བ་ཅིན་ ལྷ་གིས་ག་ཅི་གསུང་གོ་ཟེར་བ་ཅིན་ ང་མི་འགྱོ་ཟེར་ ལྷོ་ལུང་པ་ལུ་ འཇིག་རྟེན་འཛམ་བུ་གླིང་ལུ་ ང་མི་འགྱོ་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    གསུང་གསུངས་པའི་གཏམ་ཅིག་ཡོད་ ཁོ་མི་བྱོན་ཟེར་མི་འདི་ ག་ཅི་ཨིན་ན་ཟེར་བ་ཅིན་ དང་པ་རང་ མི་གནགཔ་གི་གཡུས་ཁར་ཅིག་འབད་བ་ལས་ དེ་ལས་ ཁོ་ར་ལུ་སྒྲིབ་ཕོག་ནི་དང་ གཉིས་པར་དུ་ གསོལ་དུག་དྲང་ནི་གི་སྡུག་བསྔལ་དང་།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཐུགས་ཚ་གྱང་ལངས་ རྣམ་རྟོག་མེད་པར་དགྲ་ཕྱེད་མདའ་ལངས་ཏེ་ ཁོ་བཀྲོང་ནི་གི་ ཐུགས་ཚ་གྱང་ལངས་ཏེ་མི་བྱོན་ཟེར་ གསུངས་ནུག་ལགས་ལྷ་ཡིས་ དེ་འབདཝ་ད་ ཀརྨ་གཡུ་ལི་གིས་ཏེ་ ལྷའི་འོག་ལས་རང་ ཕྱག་ཞུ་མི་ཀརྨ་གཡུ་ལི་ཨིན་པས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ལྷའི་ཕྱག་ཞུ་མི་ཀརྨ་གཡུ་ལི་གིས་ ག་ཅི་ཞུ་ཡི་དགོ་ཟེར་བ་ཅིན་ འ་ད་ལྷ་ཆེན་རྒྱལ་བ་གོང་མ་ ཁྱོད་བྱོན་དགོ་ཟེར་ ག་ཏེ་མི་བྱོན་ནི་ཟེར་ ཁྱོད་མ་བྱོན་པ་ཅིན་ འཇིག་རྟེན་འཛམ་བུ་གླིང་ནང་ མི་ལུ་ཚེ་མིན་འདུག་ཟེར་ མི་གི་ཚེ་གནང་པར་བྱོན་དགོ་པས་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    ནོར་ལུ་གཡང་མི་འདུག་ཟེར་ ནོར་གྱི་གཡང་གནང་པར་བྱོན་དགོ་པས་ཟེར་ འབྲུ་ན་འོང་(ཐོན་ཤུགས་)མིན་འདུག་ཟེར་ འབྲུ་ན་འོང་གནང་པར་བྱོན་དགོ་པས་ཟེར་ དེ་ལས་ སེམས་ཅན་ཐམས་ཅད་སྡུག་བསྔལ་མྱོང་སྟེ་འདུག་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    ཏེ་ སེམས་ཅན་ཐམས་ཅད་སྡུག་བསྔལ་མྱོང་བའི་ས་ཁར་ལས་ ཏེ་ དགྲ་རྣམས་ཐམས་ཅད་གཉེན་དུ་སྐྱོང་ བགེགས་རྣམས་ཐམས་ཅད་ཞི་བར་སྐྱོང་སྟེ་ སེམས་ཅན་གྱི་འགྲོ་དོན་ལུ་ ཁྱོད་བྱོན་རང་བྱོན་དགོ་ཟེར་ དེ་ལས ཀརྨ་གཡུ་ལི་གིས་ འ་ནཱི་སྦེ་ཞུ་ཞིནམ་ལས་ ལྷ་ཡིས་གསན་ཏེ་བྱོན་ནུག
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ལྷ་ཡིས་འ་ནཱི་འབད་གསན་ཞིནམ་ལས་ བྱོན་ཏེ་འ་ནཱ་ལས་ཚུར་ འ་ནཱི་བོན་པོ་གུ་བཀལ་ནུག་ལགས་ དེ་ལས་ ང་བཅས་རའི་མི་གནགཔ་གི་བོན་པོ་ ག་ཅི་སྦེ་ཟེར་བ་ཅིན་ དང་ཕུ་བོན་པོ་ཤེས་རབ་བསྟན་པ་ཟེར་ འཛམ་གླིང་གི་བོན་པོ་ཨིན་པས།
  • མགོན་པོ་དབང་འདུས་ Goembo Wangdi
    བོན་པོ་ཤེས་རབ་བསྟན་པ་ཟེར་སྡོད་ནུག་ བོན་པོ་ཤེས་རབ་བསྟན་པ་འདི་གིས་ ཏེ་བླ་མ་ལ་ལུ་ཅིག་གིས་འབད་བ་ཅིན་ བླམ་ཞབས་དྲུང་ཨིན་ཟེར་ཨིན་པས་ འདི་བརྟན་བརྟན་ཅིག་ག་གིས་ཡང་ ཧ་གོ་མི་ཅིག་མིན་འདུག
  • མགོན་པོ་དབང་འདུས་ Goembo Wangdi
    ལ་ལུ་ཅིག་གིས་འབད་བ་ཅིན་ བླམ་རྗེ་བཙུན་ཨིན་ཟེརཝ་མས་ ཏེ་ འ་ནཱི་བོན་པོ་ཤེས་རབ་བསྟན་པ་དང་ བླ་མ་རྩེད་འགྲན་འབདཝ་ད་ དེ་ལས་ ནངས་པ་དྲོ་པ་ཉི་མའི་རྩེ་དང་སྦྲགས་སྟེ་ ད་ རིའི་རྒྱལ་པོ་རི་རབས་ རྩེ་གི་གུ་ གནས་ཆེན་གངས་དཀར་རྩེ་ཟེར་ཡོད་དོ་མས་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་གནས་ཆེན་གངས་དཀར་རྩེ་གི་གུ་ལུ་ དེ་ལས་ ག་མགྱོགས་མགྱོགས་འབད་ དེ་ལས་ ནངས་པ་དྲོ་པ་ཉི་མའི་རྩེ་དང་སྦྲགས་ཏེ་ ག་ལྷོད་ཚུགསཔ་ཅིག་ ཏེ་ ཏེ་ དབང་ང་བཅས་རའི་འཛམ་གླིང་ལུ་ འ་ནཱི་གིས་ བསྟན་པ་གནས་ནི་ཨིན་ཟེར་ དེ་ལས་ ཁོང་གཉིས་རྩེད་འགྲན་འ་ནཱི་འབད་ ནངས་པ་དྲོ་པ་བྱོན་ནི་འབདཝ་ད་ ད་རེས་ལས་འ་ནཱི་སྦེ་ གསུང་གྲོས་འ་ནཱི་སྦེ་མཛད་དེ་ བཞུགས་ནུག་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ གསུང་གྲོས་མཛད་དེ་བཞུགསཔ་ད་ དེ་ལས་ བོན་པོ་ཤེས་རབ་བསྟན་པ་འདི་གིས་ ག་དེ་སྦེ་བྱོན་གོ་ཟེར་བ་ཅིན་ ཁོ་གིས་ཏེ་ རྔ་ཆེན་གཙང་མ་འབྲུག་དིར་ཟེར་སྡོད་ནུག་ལགས་ ཡོད་དོ་མས།
  • མགོན་པོ་དབང་འདུས་ Goembo Wangdi
    རྔ་ཆེན་གཙང་མ་འབྲུག་དིར་འདི་ བོན་པོ་ཤེས་རབ་བསྟན་པ་གིས་ རྔ་ཆེན་གཙང་མ་འབྲུག་དིར་ཚར་རེ་ དོང་བཏང་བརྡུངམ་ད་ ཏེ་ པག་ཚད་རེ་རེའི་ས་ཁར་ ཕེབས་མས་ཟེར་ཨིན་པས་ལགས་ དྲོ་པ་ད་ལྟོ་བཟུམ་འབད་བ་ཅིན་ ཆུ་ཚོད་ ༣ དེ་ཅིག་ལས་རང་ བཞེངས་ཏེ་བྱོན་དོ་ཡོདཔ་མས་ཁོ།
  • མགོན་པོ་དབང་འདུས་ Goembo Wangdi
    བོན་པོ་ཤེས་རབ་བསྟན་པ་ཁོ་མགྱོགསཔ་སྦེ་འབད་དེ་ རྔ་ཆེན་གཙང་མ་འབྲུག་དིར་བརྡུང་ཡི་བརྡུང་ཡི་ པག་ཚད་རེ་རེ་འབད་དེ་ ཡུདཔ་ཅིག་ཡར་ཕུག་གུ་ ཉིམ་ཕོག་ནི་རན་མ་རནམ་ཅིག་ལུནི་ ཡར་ཕོ་བྲང་རྩེ་སྐོར་ལུ་འདི་ལྷོད་ནུག་ལགས་ ཡར་རྩེ་གུ་ལུ་རྐྱངམ་ཅིག་མ་ལྷོད་པས།
  • མགོན་པོ་དབང་འདུས་ Goembo Wangdi
    བོན་པོ་ཤེས་རབ་བསྟན་པ་གིས་ འ་ནཱི་གུ་ལྷོད་དོ་ཟེརཝ་ད་ ཁོ་མགྱོགས་པས་མགྱོགས་པས་ཟེརཝ་ད་ ཏེ་ བླ་མ་འདི་ ཁོ་བཞེངས་རང་མ་བཞེངས་པར་བཞུགས་བཞུགསཔ་མས་ལགས་ དེ་འབདཝ་ད་ ཁ་ཙ་བསྟུན་གྲོས་འ་ནཱི་སྦེ་མཛད་མཛདཔ་སྦེ་འབད་དེ་ བླ་མའི་ཕྱག་ཞུ་མི་དགེ་སློང་འདི་ཚུ།
  • མགོན་པོ་དབང་འདུས་ Goembo Wangdi
    ཁོང་སེམས་མ་སྐྱིད་པར་ བླ་མ་ལུ་རིན་པོ་ཆེ་ཟེར་ བཞེངས་གནང་ཟེར་ ཁོ་བོན་པོ་ཤེས་རབ་བསྟན་པ་ ཏེ་ད་ ཆུ་ཚོད་ ༣ ལས་རང་ རྔ་ཆེན་གཙང་མ་འབྲུག་དིར་ ཏེ་ བརྡུངས་ཏེ་ ད་ ང་ཆེན་གཙང་མ་འབྲུག་དིར་ཚར་རེ་བརྡུངསམ་ད་ཏེ་ དཔག་ཚད་རེ་རའི་ས་ཁར་ཕབ་སྟེ་ ཁོ་ ད་ ཕོ་བྲང་གི་རྩེ་སྐོར་ལུ་ལྷོདཔ་མས་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    ད་ ང་བཅས་ར་ཡང་ རིན་པོ་ཆེ་དེ་སྦེ་བཞུགས་པ་མི་མཚམས་ནི་མས་ ད་ རིན་པོ་ཆེ་བཞེངས་གནང་ཟེར་ ཞུཝ་ད་ ཁྱོད་ར་ང་མ་དཀྲོགས་ཤིག་ཟེར་ གསུང་ནུག་ལགས་ རིན་པོ་ཆེ་གིས་ དེ་འབདཝ་ད་རིན་པོ་ཆེ་ཁོ་ར་ག་ཅི་བྱོན་ནི་ ཁོ་གི་ཐུགས་བྱོན་བྱོནམ་མས་ཏེ།
  • མགོན་པོ་དབང་འདུས་ Goembo Wangdi
    ཉི་མའི་རྩེ་དང་སྦྲགས་ཏེ་ བོན་པོ་ཤེས་རབ་བསྟན་པ་ཡར་ ལྷོད་སག་ས་འབདཝ་ད་ ཁོ་གི་ཧེ་མ་ཁོ་གིས་མིག་ཏོ་ཁར་མཐོང་མཐོངམ་མས་ རིན་པོ་ཆེ་གིས་ ཐུགས་སྨོན་གནང་གནངམ་ཨིན་པས་ དེ་འབདཝ་ད་ཁོ་ར་སྐུ་ངོ་མ་ཡར་ལུ་ཕེབས་ཏེ་ ཁོ་གི་མིག་ཁར་ སྐུ་ངོ་མ་འབད་མཇལ་ནུག་ལགས་བླ་མ།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ཡར་ གནས་ཆེན་གངས་དཀར་རྩེ་གུ་ བླ་མ་མགྱོགས་པ་ལུ་བརྟེན་ཏེ་ ང་བཅས་ར་འཛམ་བུ་གླིང་ལུ་ ད་ལྟོ་ཆོས་ཀྱི་བསྟན་པ་དར་མི་འདི་ འ་ནཱི་ཨིན་པས་ ཏེ་ད་ བོན་པོ་ཤེས་རབ་བསྟན་པ་བཟུམ་ཅིག་མགྱོགས་སོང་པ་ཅིན་ བླ་མའི་ཆོས་མ་དར་བར་ དེ་ལས་ བོན་པོ་གི་བསྟན་པ་དར་ནི་སྡོད་ནུག་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་གིས་འབད་ ད་བོན་པོ་གིས་ཡང་ རྩེ་གུ་མ་ལྷོད་རུང་ རྩེ་སྐོར་ལུ་ལྷོད་ལྷོདཔ་འབད་ནི་དེ་གིས་ ད་ལྟོ་ལ་ལུ་ཅིག་གིས་ གཡུས་སྒོ་གཡུས་སྒོའི་ནང་ བོན་པོའི་ལུགས་སྲོལ་བོན་ཆོས་འབད་དགོ་པའི་ཁུངས་འ་ནཱི་ལས་དར་ནུག་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    བོན་པོ་ཤེས་རབ་བསྟན་པ་ཡར་རྩེ་སྐོར་ལུ་ལྷོད་དེ་ ཡར་རྩེ་གུ་མ་ལྷོད་པར་ མར་རྩེ་སྐོར་ལུ་ལྷོད་དེ་ ཁོ་མགྱོགས་མགྱོགས་པས་ཟེརཝ་ད་ དེ་ལས་ ཁོ་བླ་མ་མགྱོགས་ཏེ་ འ་ནཱ་ལས་དར་ཏེ་ དར་ཞིན་ན་ ད་ བོན་པོ་ང་བཅས་གཡུས་ཁར་ཡང་ བོན་ཆོས་འབད་མི།
  • མགོན་པོ་དབང་འདུས་ Goembo Wangdi
    ང་བཅས་བོན་དཀར་ཨིན་ལགས་ ད་ ང་བཅས་ཀྱི་ བླམ་ཆོསཔ་ཚུ་གིས་གསུངསམ་ད་ བོན་པོ་འདི་ཚུ་ སྐྱེ་བ་མི་ཐོབ་ཟེར་ གནག་ཆོས་འབད་མི་ཟེར་ བརྩིསཝ་མས་སྦ་ གནག་ཆོས་ཟེར་མི་འདི་ ཏེ་ ལ་ལུ་ཅིག་ཁོང་ར་ལྷ་སོ་སོ་བརྟན་ཏེ་གནག་ཆོས་འབད་དོ་མས་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་ནོར་སེམས་ཅན་བསད་དེ་ དམར་མཆོད་འབད་མི་འདི་ གནག་ཆོས་བརྩི་ནི་ཨིན་ལགས་ ཏེ་འ་ནཱི་འདི་ ང་བཅས་ཀྱི་གཡུས་ཁར་ ཏེ་ ལྷ་གསོལ་བའི་སྐབས་ ཤ་གི་རིགས་ལས་ མ་པ་ལས་རང་ རེག་ནི་རང་མེད་པའི་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ཤ་གི་རིགས་ལས་མ་པ་ལས་རང་ རེག་ནི་རང་མེད་པར་ ལྷ་བྲང་ལུ་ དཀར་མཆོད་ཟེར་ དར་ཚིལ་དང་ མར་གྱི་ཕུད་ཅིག་བསྐང་ནི་མ་གཏོགས་ དེ་ལས་ ཤ་གི་རིགས་རེག་ནི་རང་མེད་ལགས་ དེ་གིས་སྦེ་ ད་ལྟོ་ ཏེ་ ངེའི་ཧེ་མར་ བོན་པོ་སྦོམ་ར་རོགས་མེ་མེ་དབང་འདུས་ཟེར་ མི་ཅིག་སྡོད་ཅི་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་འདི་ ཁོ་ཤི་སོང་ཡི་ ཁོ་མ་ཤི་བའི་ཧེ་མ་ ཏེ་ བོན་ལྷུན་གྲུབ་དང་ བོན་པོ་ཚེ་དབང་ཟེར་སྡོད་ཅི་ ཁོང་གཉིས་འདི་ལཱ་ཁག་འབད་རང་ ཁོ་ལས་ལྷབ་ལྷབ་ཨིན་ལགས་ བོན་པོ་ལྷབ་སྟེ་ ཏེ་ རྟིང་ལས་ དེ་ལས་ ལུང་འདི་ཚེ་དབང་ལུ་ཕོག་ཅི་ ཁོ་ར་ལྕོགས་གྲུབ་མེད་པར་ རྒན་ཤོས་ཡར་སོང་ནི་དེ་གིས་ དེ་ལས་ བོན་པོ་ཚེ་དབང་གུ་ ལུང་ཕོག་སྟེ་ བོན་པོ་ཚེ་དབང་བཀལ་ཡི་དམངས་ཀྱིས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ བོན་པོ་ཚེ་དབང་གིས་ བོན་པོ་འབད་དེ་ ལྷ་ཏེ་ ད་ལྟོ་ང་གིས་ གསོལ་དོ་བཟུམ་སྦེ་རང་ ཁོ་གིས་ཡང་ འ་ནཱི་སྦེ་གསོལ་ཏེ་ ལོ་གསུམ་དང་བཞི་དེ་ཅིག་སོང་ཡི་ལགས་ ལོ་གསུམ་དང་བཞི་སོངཔ་ད་ ཁོ་ཚེ་འཐུང་སྟེ་ཡར་སོང་ཡི་ བོན་པོ་ཚེ་དབང་།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ བོན་པོ་ཚེ་དབང་ཤི་པའི་ཤུལ་ལས་ ད་རུང་ བོན་པོ་ལྷུན་གྲུབ་ཁོང་གཉིས་དྲན་འདྲ་ལྷབ་ལྷབ་འབད་ནི་དེ་གིས་ དེ་ལས་ བོན་པོ་འདི་ བོན་པོ་ལྷུན་གྲུབ་བཀལ་ཡི་ལགས་ དེ་ལས་ ཤུལ་ལས་བོན་པོ་ལྷུན་གྲུབ་སྟེ་ ཁོ་ར་ལྷ་གསོལ་ཏེ་སྡོད་ཅི།
  • མགོན་པོ་དབང་འདུས་ Goembo Wangdi
    ལེགས་ཤོམ་སྦེ་སྡོད་ཅི་ འགོ་དང་པ་འདི་ ལྷ་ལེགས་ཤོམ་སྦེ་ གསོལ་སྡོད་ཅི་ ཏེ་ལྷའི་རྒྱལ་པོ་འོ་དེ་གུང་རྒྱལ་ ཨ་ནཱི་ཏེ་ གནམ་རིམ་པ་བཅུ་གསུམ་ལས་མར་འབད་ གནམ་གྱངས་ཁ་བརྩིས་ཏེ་ ཞུ་ཏེ་འབག་འོངམ་ད་ཏེ་ ད་ཡར་ དང་པ་རང་ཡར་གནམ་རིམ་པ་བཅུ་གསུམ་ལས་ གྱངས་ཁ་ཚངམ་ད།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ང་བཅས་ར་སྤྲིན་དཀར་པོ་གུ་འབད་ཞུ་འོང་ལགས་ སྤྲིན་དཀར་པོ་ལས་ དེ་ལས་ རི་རྒྱལ་པོ་རི་རབས་རྩེའི་གུ་ འ་ནཱི་ད་ལྟོ་ང་གིས་ ནཱ་སློབ་དཔོན་ལུ་ཞུ་མི་ གནས་ཆེན་གངས་དཀར་ཏི་ཟེར་མི་འདི་ཨིན་པས་ རི་རྒྱལ་པོ་རི་རབས་ འ་ནཱི་གུ་ཕེབས་ འ་ནཱི་ལས་རྐྱངམ་ཅིག་ ང་བཅས་རའི་འཛམ་གླིང་སའི་སྟེང་ལུ་སྦེ།
  • མགོན་པོ་དབང་འདུས་ Goembo Wangdi
    ལམ་སྣ་བཟུང་སྟེ་ ཞུ་འབག་ནི་ཡོད་ལགས་ དང་པ་རང་ ཡར་གནས་ཆེན་གངས་དཀར་ཏི་གི་གུ་ལས་འབད་ ང་བཅས་ར་མཚོ་ཆེན་བཞི་ གངས་ཆེན་བཞི་ཟེར་ཡོད་དོ་མས་ ང་བཅས་ཀྱིསནི་མི་ལྷོད་པས་ ཚིག་ནང་འ་ནཱི་སྦེ་ཐོན་མས་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ གངས་ཆེན་བཞི་གི་གུ་ལས་ མཚོ་ཆེན་བཞི་གི་གུ་འབད་ མཚོ་ཆེན་བཞི་ལས་འབད་ མཚོ་ཡང་འགྲོ་ཡུམ་མཚོ་འབད་དེ་ཡོད་དོ་འདྲས་མེན་ན་ལགས་བོད་ལུ།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་མཚོ་ཡང་འགྲོ་ཡུམ་མཚོ་གུ་སྦེ་ཞུ་ཏེ་འབག་ དེ་ལས་ མཚོ་ཡང་འགྲོ་ཡུམ་མཚོ་གུ་ལས་ གངས་ཀུན་ལ་མཁའ་རི་ཟེར་ ཡོད་དོ་མས་ གངས་ཀུན་ལ་མཁའ་རི་གུ་ཞུ་ནུག་ གངས་ཀུན་ལ་མཁའ་རི་ལས་ ཡར་གངས་མོན་ལ་དཀར་ཅུང་ནང་ཟེར་ཞུ་སྟེ་ དེ་ལས།
  • མགོན་པོ་དབང་འདུས་ Goembo Wangdi
    ཡར་གངས་མོན་ལ་དཀར་ཅུང་ལས་མར་སྦེ་ཞུཝ་ད་ ཡར་ཅུར་གུའི་ཐང་ཟེར་འདུག་ལགས་ ཡར་ཚམས་པའི་མགུ་ཏོག་ཁར་ འ་ནཱི་སྦེ་ ལམ་སྣ་འ་ནཱི་སྦེ་ཞུ་སྟེ་འབག་ དེ་ལས་ ཚམས་པ་ལས་མར་འབད།
  • མགོན་པོ་དབང་འདུས་ Goembo Wangdi
    ཚམས་པ་ལས་མར་ཞུཝ་ད་ ང་བཅས་ར་ཟམ་དང་པ་གཉིས་པ་ཟེར་ཡོད་ལགས་ ཡར་ལས་འདི་ང་གིས་ཡང་ རྐང་ཐང་སྦེ་དེ་རང་ལྷོད་ཅི་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་ལས་མར་འདི་ ལམ་སྣ་རྐང་ཐང་འབད་ལྷོད་ལྷོདཔ་འབད་ནི་དེ་གིས་ ལམ་སྣ་ང་གིས་དེ་སྦེ་བཟུང་འབག་ དེ་ལས་ ཡར་ལས་ ཟམ་དང་པ་གཉིས་པ་ལས་ ཞུ་འབག་འོངམ་ད་ ང་བཅས་རའི་ཁག་སྟང་བུམ་ཐང་ལུ་ དམག་མི་སྡོད་སར་ ཁག་སྟང་ཟེར་ཡོད་ ཁག་སྟང་ལས་ཞུ་འབག་འོངམ་ད།
  • མགོན་པོ་དབང་འདུས་ Goembo Wangdi
    བུམ་ཐང་ཟངས་ལིང་གཡུས་ཟེར་ཡོད་ ཡར་ལུ་ཞུ་སྟེ་འབག་ དེ་ལས་ཡར་འབད་དེ་ བུམ་ཐང་ཆོས་འཁོར་སྟོད་ གོ་ལ་མཁར་ས་ཟེར་ཡོད་ གོ་ལ་མཁར་ས་ལས་ཐང་སྦིས་ ཐང་སྦིས་ལས་འབད་ ཐང་སྦིས་ཟམ་པ་ལས་འབད་དེ།
  • མགོན་པོ་དབང་འདུས་ Goembo Wangdi
    ང་བཅས་རའི་འབྲུག་ལུ་ཕེབས་ཨིན་ ང་བཅས་རའི་འབྲུག་ལུ་ཕེབས་ད་ ཡར་ལས་ ང་བཅས་ར་བཟང་ཐལ་པོ་ཟེར་ དམྱལ་བ་བཟང་ཐལ་པོ་ཟེར་ རྡོ་ཅིག་ཡོད་ལགས་ རིང་ཚད་མི་དང་དྲན་འདྲ་ཨ་ཙི་མེདཔ་ཅིག
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་གུ་ཡར་ལུ་ འ་ནཱི་འབད་ཡོདཔ་ཨིན་ རྡོ་འ་ནཱི་འབདཝ་ད་ མར་ཝ་འ་ནཱི་འབད་དེ་ དེ་འབདཝ་ད་ང་བཅས་ར་ དམྱལ་བ་འགྱོ་ནི་ཨིན་ན་ སྡིག་པ་ཡོད་ག་མེད་ག་ཟེར་ འ་ནཱི་ནང་ལྟ་ནི་ཅིག་ཡོད་ལགས་ བཟང་ཐལ་པོ་ཟེར་ འ་ནཱི་རྡོ་རྒྱབ་ཁ་ལས་འ་ནཱི་འབད་དེ།
  • མགོན་པོ་དབང་འདུས་ Goembo Wangdi
    སྒྲིལ་ཡི་སྒྲིལ་ཡི་ཡར་འབག་སྟེ་ ཡར་སྤྱི་ཏོ་གུ་ལྷོདཔ་ཅིག་ མར་བཏངམ་ད་ ང་བཅས་ར་ལུ་སྡིག་པ་མེད་པ་ཅིན་ རྡོ་ཐོན་འགྱོ་འོང་ལགས་ འ་ནཱི་བཟང་ཐལ་པོ་ཟེར་སླབ་ཨིན་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ སྡིག་པ་ཡོད་དོ་བཟུམ་འབད་བ་ཅིན་ འ་ནཱི་རྡོ་ག་དེམ་ཅིག་ལོག་ཅི་ལོག་ཅི་བཏང་རུང་ འདི་ནང་ལས་ ཐོན་མི་ཚུགས་ལགས་ འ་ནཱི་འབད་བ་ཅིན་ ག་འབད་རུང་ དགེ་བ་བསྒྲུབ་ནིའི་ཁས་བླངས་འབད་དགོ།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་བཟང་ཐལ་པོ་ཟེར་བརྩིས་ནི་ཨིན་ལགས་ འ་ནཱི་བཟང་ཐལ་པོ་ལས་ དེ་ལས་ རྡོ་ཟམ་ཟེར་ བུམ་ཐང་སྐུ་རྗེས་ཀྱི་ རྒྱབ་ཁར་ཏེ་ རྡོ་ཟམ་ཟེར་ཡོད་ འ་ཡར་ལས་མར་འབད་ བུམ་ཐང་ལྕགས་མཁར་ལྷ་ཁང་།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་ལྷ་ཁང་གི་གདོང་ཁར་ལས་མར་ཞུ་སྟེ་ དབང་འདུས་ཆོས་གླིང་རྫོང་གི་ལྟག་ལས་འབད་ དང་ཕུའི་ལམ་ གཞུང་ལམ་ དབང་འདུས་ཆོས་གླིང་རྫོང་གི་ལྟག་ལས་འབད་ཡོད་ དེ་ལས་ འ་ནཱི་ལས་མར་ཞུ་སྟེ་འབག།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ལྕམ་མཁར་ཐང་ལས་འབད་ ལམ་སྣ་འ་ནཱི་འབད་བཟུང་འབག་ནི་ཡོད་ ལྕམ་མཁར་ཐང་ལས་ སྒར་སྤང་ཐང་ སྒར་སྤང་ཐང་ལས་ པེན་ཏང་རྩེ་ པེན་ཏང་རྩེ་ལས་འབད་དེ་ བུམ་ཐང་ཆུ་མིག་གི་མཇུག་ལུ་ ཏེ་ མཆོད་རྟེན་ཅིག་ཡོད་ སྤྱན་རས་གཟིགས་ཀྱི་ མཆོད་རྟེན་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    སྤྱན་རས་གཟིགས་ཀྱི་མ་ཎི་ཟེར་ ཡར་ལུ་སའི་མིང་ཡང་ སྤྱན་རས་གཟིགས་ཀྱི་ཐང་ཟེར་སླབ་ཨིན་ལགས་ སྤྱན་རས་གཟིགས་ཀྱི་ཐང་ལས་བབས་འོངམ་ད་ བགེགས་སྟོང་ཟམ་ བགེགས་སྟོང་ཟམ་ལས་འབད་འོངམ་ད་ བུམ་ཐང་སྐྱེར་ཚོགས་ལུ་ལྷོད་འོང་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    བུམ་ཐང་སྐྱེར་ཚོགས་ལས་ ཅུང་འཕེལ་ལུ་ ཅུང་འཕེལ་ལས་མར་ཞུ་སྟེ་ དེ་ལས་ནཱ་ཡིད་རངས་སྦིས་ ཡིད་རངས་སྦིས་ལས་ཕར་འབད་དེ་ སྦིམ་པའི་གཡུས་ ནམ་ཟ་སྤང་ཟེར་ ལམ་སྣ་འ་ནཱི་འབད་རང་འབག་དགོ་ལགས་ མིང་སླབ་སྟེ་རང་།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    གསོལ་བའི་སྐབས་ལུ་ ཚིག་ནང་ཚུད་དེ་ཡོདཔ་ཨིན་ན་ལགས?
  • མགོན་པོ་དབང་འདུས་ Goembo Wangdi
    ཡོད་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འ་ནཱི་ཚིག་ནང་ཐོན་འོང་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ལགས་སོ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་ཚིག་ནང་ཐོན་འོང་ལགས་ དེ་ལས་ སྦིམ་བ་སྤང་ཟེར་ ལམ་སྣ་མིང་སླབ་སྟེ་རང་འབག་འོང་དགོ་ལགས་ དེ་ལས་ ཡར་ལས་འགྱོཝ་ད་ཏེ་ ད་རུང་བ་ཐིར་ཟེར་ ནོར་གྱི་བྱང་ས་ཅིག་ཡོད་ ཡར་གྱི་བ་ཐིར་གྱི་སའི་གུ་ཟེར་ ཞུ་དགོ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ བ་ཐིར་སའི་གུ་ལས་ ཕྱོག་གཏོར་མད་ཟེར་ཡོད་ལགས་ དེ་ལས་ ཕྱོགས་གཏོར་མད་ལས་ དེ་ལས་ ཡར་ལས་འགྱོཝ་ད་ ཡ་ཕོག་སྣ་ཟེར་ཡོད་ལགས་ ལབ་རྩ་ཅིག་ཨིན་ལགས་ ལའི་རྩེ་གུ་ལུ་ ལབ་རྩ་ཅིག་ཡོད།
  • མགོན་པོ་དབང་འདུས་ Goembo Wangdi
    ཡ་ཕོག་སྣ་ཟེར་འབོ་འོང་ དེ་ལས་ འ་ཡར་ལས་འོངམ་ད་ དེ་ལས་ སྤང་དོ་གོ་བུང་དོ་གོ་ཟེར་ཡོད་ སྤང་དོ་གོ་བུང་དོ་གོ་མིང་ཐོན་དགོ་ལགས་ ཁོ་ཡང་ལྷ་ཞུ་སྟེ་ལམ་སྣ་ དེ་ལས་ཡར་ལས་འོངམ་ད།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ མར་ཟམ་བོ་ལ་སྒང་ཟེར་ཡོད་ལགས་ཆུ་ བོ་ལ་སྒང་ལས་ ཇོ་ཕོག་སྣ་དེ་གུ་ལས་འབད་ སྤང་ཀང་རྩེ་གི་གུ་ལུ་འབད་ སྤང་ཀང་ཟེར་ནོར་གྱི་བྱང་ས་ཅིག་ཡོད་ལགས་ དེ་ལས་ མི་གི་གཡུས་མེད་ལགས་ ནོར་གྱི་བྱང་ས་ཨིན་པས།
  • མགོན་པོ་དབང་འདུས་ Goembo Wangdi
    དང་ཕུ་གི་ཁེངས་བུམ་ཐང་ལུ་འགྱོ་ནིའི་ལམ་སྣ་ཨིན་པས་འ་ནཱི་ དེ་ལས་ ཡར་ལས་འོངམ་ད་ ཡ་བུང་མེད་ ཡ་བུང་མེད་ལས་ དེ་ལས་ སྤོ་དཀར་རྩེ་ཟེར་ དེ་བསྒང་འདི་ ལ་ཁར་ཐོནམ་ཨིན་ལགས་ བ་ལུ་སུ་ལུ་ཡོད་སར་ སྤོ་དཀར་ཟེར་མི་ འ་ནཱི་སྤོ་དཀར་ལས་ ཞུ་འབགཔ་ད་ཏེ་ སྦྲང་བྱ་ཤིང་ཟེར་ཡོད་ལམ་སྣ།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ཡར་ སྦྲང་བྱ་ཤིང་ལུ་ལྷོདཔ་ད་ མི་གསརཔ་བུམ་ཐང་ལུ་འགྱོ་བ་ཅིན་ བྱང་ཁོག་དྲ་བའི་ཟེར་ དཔའ་རྟགས་ཀྱི་རྩེ་རྡོ་གུ་བཀལ་ཏེ་ དྲ་དགོ་ལགས་ རྟགས་གསར་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་ལམ་སྣ་ཡང་ འ་ནཱི་མིང་བཏོན་ཏེ་རང་འབག་འོང་དགོ་ལགས་ འ་ནཱ་ལས་ ཡག་ཐང་མཚོ་ཟེར་ཡོད་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ཡག་ཐང་མཚོའི་མཐའ་མ་ལས་རང་ཨིན་ལགས་ མཚོ་སྦོམ་ཡོད་ མཚོ་ཨ་ཕར་འབདཝ་ད་ ང་བཅས་རའི་གཞུང་ལམ་ འ་ནཱ་ལས་ཨིན་ འ་ནཱ་ལས་ཕར་མཚོ་ཨིན་ ཡག་ཐང་མཚོ་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    བྲེ་བྱ་ལབ་རྩ་ལུ་རང་ འ་ནཱི་ཡག་ཐང་མཚོ་ལས་འབད་ ཡར་ལབ་རྩ་རྩེ་གུ་ ལབ་རྩ་རྩེ་གི་གུ་ལས་ དེ་ལས་ཇ་དྲང་མས་ཟེར་ རྡོ་ཅིག་ཡོདཔ་ཨིན་ལགས་ རྡོ་སྦོམ་ཤོས་འ་ནེམ་ཅིག་འབད་ ང་བཅས་ར་ཇའི་ཇམ་སྦྱིས་བཟུམ་ཅིག་ཡོདཔ་ཨིན།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཇ་དྲང་པའི་ཟེར་ ཡར་གྱི་རྡོ་འཐུ་སྟེ་ ང་བཅས་རའི་ཆ་རོགས་མི་ག་ཏེ་ཡོདཔ་ཅིག་ འ་ནཱི་གི་གདོང་ཁར་ ཚར་རེ་སྐྱེལ་དགོ་ལགས་ འ་ནཱི་སྦེ་ཇ་དྲང་པའི་ཟེར་ ཇ་དྲང་མས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ འ་ནཱ་ལས་འོངམ་ད་ སྒརཔ་ལྕགས་ལཱ་ཐང་ཟེར་ ད་རུང་ཡར་ལ་ཁར་རང་ ཐང་ཅིག་ཡོད་འ་ནཱི་སྒར་པ་ལྕགས་ལཱའི་ཐང་ཟེར་ དང་ཕུ་སྒར་པ་གཅིག་ཡར་ལུ་ ལྕགས་བརྡུང་སྟེ་ སྡོད་སྡོདཔ་ཨིན་ཟེར་སླབ་ནི་འདུག་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ཏེ་ སྒར་པ་ལྕགས་ལཱའི་ཐང་ཟེར་སླབ་ཨིན་ཡར་ལུ་ དེ་ལས་ འ་ནཱི་གི་གུ་ལས་ སྒོར་མཚོ་མས་ཟེར་ ད་རུང་མར་ནོར་གྱི་ཚེ་ས་ཅིག་ཡོད་ མར་ལའི་རྒྱབ་ཁར་ ང་བཅས་ར་ ཁེངས་ཁ་ཐུག་ལུ་འོངམ་ཨིན་ དེ་ལས་འ་མར་ལྷོདཔ་ད་ སྒོར་མཚོ་མས་ཟེར་ རྡོ་གྲུ་བཞི་འ་ནེམ་ཅིག་འབད་ རིང་ཚད་ང་བཅས་མི་ཚད་ལྷགཔ་ཅིག་འབད་མི་ཅིག་ཡོད།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་རྒྱབ་ཁར་ཁུར་ཆ་འབག་སྟེ་ འུ་སྡུག་སྟེ་ཡོད་རུང་ འ་ནཱི་རྡོ་བསྐོར་གསུམ་རྐྱབ་དགོ་ལགས་ གཡས་སྐོར་གསུམ་གཡོན་སྐོར་གསུམ་རྐྱབ་དགོ་ལགས་ ཏེ་ ཡར་གྱི་འདི་ སྒོར་མཚོ་མས་ཟེར་སླབ་ནི་ཨིན་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་འབད་ལམ་སྣ་ཚིག་ནང་བཙུགས་ཏེ་རང་འབག་དགོ་ལགས་ དེ་ལས་ ཡར་ལས་འོངམ་ད་ ཉུན་མ་ཤོང་ ཉུན་མ་ཤོང་ལས་ཆུ་ ང་བཅས་ཀྱི་མིག་གིས་ལྟཝ་ད་ ཆུ་ཆུང་ཀུ་ཅིག་རང་ཨིན་ལགས་ དེ་འབདཝ་ད་སྐད་དེ་ ང་བཅས་ར་ཆུ་ཆེན་ཀྱི་སྐད་བཟུམ་སྦེ་རང་རྐྱབ་ནི་ཡོད།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་ནང་ རྐ་དོ་གོ་མོ་ལོག་དོ་གོ་ཟེར་ ལམ་སྣ་མིང་འ་ནཱི་སྦེ་འབོ་འོང་ལགས་ ཆུ་གི་མིང་ ཆུ་འདིནི་ང་བཅས་རའི་ལམ་བདའ་སྟེ་ འ་ནེམ་ཅིག་རང་ སྐད་དེ་ཆུ་ཆེན་བཟུམ་སྦེ་ཏེ་ ག་དང་ག་དང་་་་ཤའུ་ཤའུ་བཏང་རྐྱབ་འོང་ ཨིན་རྒྱུ་ཆུ་ཨ་ནཱི་ ཡར་ལས་མཚོའི་མཇུག་ཨིན་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    མཚོ་གཅིག་ཡོད་ཡར་ལྟག་ལུ་ ཡར་གྱི་མཚོ་གིས་འདི་ ང་བཅས་སྦོ་ལོགས་ཁར་རང་འོང་མི་བཅུག་ དེ་ལས་ ཡར་ལས་མར་འབད་ དེ་ལས་བུམ་ཐང་འོ་ལ་ཟེར་ཡོད་ལགས་ དེ་ལས་མཐའ་ས་འོ་ལ་ བུམ་ཐང་དང་མཐའ་ས་གི་ས་མཚམས་ འ་ཡར་ལས་ཨིན་པས་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ཡར་བལྟ་བུམ་ཐང་འོ་ལ་ དེ་ལས་ མར་གྱི་འ་ནཱ་ལས་འོངམ་ད་ མཐའ་ས་འོ་ལ་ཟེར་ འ་ནཱ་ལས་ང་བཅས་རའི་ མཐའ་ས་ལུ་ལྷོདཔ་ཨིན་ཟེར་ཨིན་པས་ མཐའ་ས་འོ་ལ་ལས་ སྐོར་ཕུག་མདངས་དོ་གོ་ཐེམས་དོ་ སྟེང་གཞི་གུ་འབད་ ཚིག་ནང་འ་ནཱི་སྦེ་ཞུ་སྟེ་འབག་དགོ་ལྷ།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ འ་ཡར་ལས་འབགཔ་ད་ སྐོར་ཕུག་མདངས་དོ་གོ་ཐེམས་དོ་གོ་སྟེང་གཞི་གུ་ལས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ན་སྦིས་སྐོར་ཕུག་ཕེབས་ཨིན་པས་སྨོ་ཤིག་ལགས?
  • མགོན་པོ་དབང་འདུས་ Goembo Wangdi
    འོང་ལགས་ཨ་ནཱི་ ང་བཅས་ར་སྐོར་ཕུག་མདངས་དོ་གོ་ཐེམས་དོ་གོ་ཟེར་ མདངས་ཟེར་མི་འདི་ ལམ་ཐེད་ཕྲངམ་དང་ ཐེམས་དོ་གོ་ཟེར་མི་འདི་ ལམ་ཡར་གྱེན་འཛེག་ནི་གི་ བཏེག་ལུ་ཐེམས་སླབ་འོང་ དེ་ལས་ མདངས་ཟེར་མི་འདི་ ཐང་ཡོད་མི་ལུ།
  • མགོན་པོ་དབང་འདུས་ Goembo Wangdi
    སྐོར་ཕུག་མདངས་དོ་གོ་ཐེམས་དོ་གོ་ཟེར་ ཏེ་ཚིག་ནང་འ་ནཱི་སྦེ་ ཐོན་འོང་ལགས་ དེ་ལས་ ཡར་ལས་འོངམ་ད་ སྐྱང་གཡུས་སྒང་ཟེར་ཡོད་ དེ་ལས་ སྐྱང་གཡུས་སྒང་ལས་འབད་ བྱག་ཅིག་ཡོད་ བྱག་གི་མིང་ཞརཝ་ཝ་བྱག་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཞརཝ་ཝ་སྦྲག་གི་མིང་ཡང་ ཚིག་ནང་ཐོན་རང་ཐོན་འོང་ལགས་ དེ་ལས་ཡར་ལས་འོངམ་ད་ མར་ཏང་སྒོར་ཟེར་ དང་ཕུ་མི་འདི་ཚུ་ མར་ཏང་རྒྱབ་ཁར་འབག་སྟེ་ འགྱོཝ་ད་ཏེ་ མར་ཏང་དང་ ཡར་གྱི་རྡོ་གི་ལྗིད་ཚད་དྲན་འདྲ་བཟོ་བཟོཝ་ཨིན་ཟེར་ཨིན་པས།
  • མགོན་པོ་དབང་འདུས་ Goembo Wangdi
    རྡོ་ད་ལྟོ་ཡང་ཡོད་དོ་འོང་ལགས་ ལམ་གྱི་ལྟག་ལུ་བཀལ་ཏེ་ ཡར་ལུ་མར་ཏང་འཐུ་ཨིན་ཟེར་ འ་ནཱི་རྡོ་ཚར་རེ་འཐུ་དགོ་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ག་ཏེ་ལྷོདཔ་ད་ཨིན་ན་ལགས་འ་ནཱི་ ཀྲོང་གསར?
  • མགོན་པོ་དབང་འདུས་ Goembo Wangdi
    མེན་ལགས་ བུམ་ཐང་ཡང་སྒར་ལུ་ མ་ལྷོདཔ་ཅིག་ཁར་ ཡར་རང་ཨིན་ལགས་ ད་ ང་བཅས་ནཱ་ལས་ཡར་འགྱོ་བ་ཅིན་ དང་ཕུ་བཟུམ་སྦེ་ ཁུར་ཆ་འབག་སྟེ་འགྱོ་བ་ཅིན་ ཞག་གསུམ་གྱི་ས་ཁར་ཨིན།
  • མགོན་པོ་དབང་འདུས་ Goembo Wangdi
    ཞག་གསུམ་ལུ་རྐྱངམ་ཅིག་ཡར་ལྷོད་འོང་ལགས་ འ་ཡར་ལུ་ཨིན་ དེ་ལས་ ཡར་ལས་འོངམ་ད་ ཏེ་ང་བཅས་རའི་ཁེངས་ལུ་ ཡང་སྒར་ཟེར་ཡོད་ལགས་སྤང་ ཡང་སྒར་སྤང་གུ་ཡུང་ཟེར་ཡོད་ ཡང་སྒར་སྤང་བར་ནིའི་བ་སྦྲང་ཟེར་ཡོད།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཡང་སྒར་སྤང་ཏ་ཝ་ཟེར་ མར་མཇུག་ལུ་ཨིན་ སྤང་གནམ་མེད་ས་མེད་སྦོམ་ སྤང་རིངམོ་ཡོདཔ་ཨིན་ལགས་ ཏེ་ འ་ནཱི་སྤང་ཏ་ཝ་ལས་ མར་ཡང་སྒར་སྒང་ཟེར་ ཆུ་ཅིག་ཡོད་ད་རུང་ ཡར་གྱི་ཆུ་དུག་ཀྲག་ཅིག་ཨིན་ད་རུང་ ཟམ་མེད་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ཆུ་བརྒལ་ཏེ་འོངམ་ད་ ང་བཅས་ར་ཆུ་ནང་འཛུལ་ཞིན་ན་ ཆུ་བརྒལ་ཏེ་འོངམ་ད་ ལ་ཆུ་འབད་ནི་དེ་གིས་ ང་བཅས་རའི་རྐངམ་གུ་ཕོགཔ་ད་ ཡར་ཐར་ཐར་བཏང་འོངམ་ད་ འ་ནཱ་ལྷོད་འོང་ལགས་ ཆུ་ལོང་སྟེ་འོངམ་ད་ ང་བཅས་ཆུ་བརྒལ་ཏེ་འོང་དགོ་ ཟམ་མེད་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་ཡང་སྒང་སྒང་གི་གུ་འབད་ ཚིག་ནང་འ་ནི་འབད་ཞུ་འབག་དགོ་ དེ་ལས་ པི་སྦྲང་ པི་སྦྲང་ཟེར་ཡོད་ལགས་ བྱང་ས་གཉིས་ཡོད་ དེ་འབདཝ་ད་ཚིག་ པི་སྦྲང་ལི་སྦྲང་འབད་དེ་ ཚིག་ནང་འ་ནཱི་སྦེ་ཐོནམ་ཨིན།
  • མགོན་པོ་དབང་འདུས་ Goembo Wangdi
    པི་སྦྲང་ལི་སྦྲང་ལས་ སྤྲག་ཚན་ཟེར་ཡོད་ སྤྲག་ཚན་རྩེ་གི་གུ་འབད་དེ་ ཞུ་སྟེ་འབག་འོང་ དེ་ལས་ བླམ་མགུར་མ་ཟེར་ དང་ཕུ་ང་བཅས་རའི་ སྦས་ཡུལ་བླ་མ་བུམ་ཐང་ལས་ཡར་མར་བྱོནམ་ད་ཏེ་ འ་ཡར་བླམ་མགུར་མོ་ལུ་ཕེབས་ད་ ཡར་ལུ་སྐུ་ངལ་གནང་སྟེ་ བླ་མ་གིས་མགུར་མོ་གསུང་གསུངསམ་མས་ལགས་ཡར་ལུ་ བླ་མའི་མགུར་མོ་གནང་སྟེ་དེ་ལས།
  • མགོན་པོ་དབང་འདུས་ Goembo Wangdi
    གནང་པ་ལས་བརྟེན་ བླ་མ་མགུར་མོ་ཟེར་ སའི་མིང་དེ་སྦེ་སླབ་དགོཔ་འ་ནཱི་འབད་ཨིན་པས་ དེ་ལས་ བླ་མ་མགུར་མོ་ལས་འོངམ་ད་ ཏཱན་ཏོའི་མི་ཟེར་ ད་རུང་རྡོ་ལེབ་སྦོམ་ཅིག་ཡོད་ དེ་ལས་ བུམ་ཐང་ལུ་ མི་འགོ་དང་པ་འགྱོ་བ་ཅིན་ གདན་སྒྲིལཝ་ཨིན་ཟེར་ འ་ནཱི་རྡོའི་མཇུག་ལུ་སོང་ཞིནམ་ལས་ གདན་སྒྲིལ་བའི་ཚུལ་སྟོན་དགོ་ཚར་ཅིག
  • མགོན་པོ་དབང་འདུས་ Goembo Wangdi
    འདི་ཡང་ཚིག་ནང་རང་ཐོན་དགོ་ལགས་ ཏཱན་ཏོའི་མི་གི་གུ་ལུ་འབད་དེ་ དེ་ཡར་ལས་འོངམ་ད་ ཨོ་རྒྱན་བྲག་ཟེར་ བྱག་ཅིག་ཡོད་ལགས་ ལམ་དོག་ཁག་ཁ་ཅིག་ཡོད་ ཨོ་རྒྱན་བྲག་ཟེར་ ཡར་ཨོ་རྒྱན་བྲག་ལུ་ལྷོདཔ་ད་ དང་ཕུ་ཨང་རྒས་ཅིག་གིས་ བརྩམ་བརྩམས་ཨིན་པས།
  • མགོན་པོ་དབང་འདུས་ Goembo Wangdi
    ཨ་མ་སེང་ན་གའི་ཤང་ང་ར་(ཨ་མ་ཤིང་འཐུ་བར་འགྱོ་རུང་ང་ར་) ཨ་མ་ཨོ་རྒྱན་དཔལ་འཛོམས་ཟེར་ འ་ནཱི་སྦེ་ བརྩམས་ཏེ་སྡོད་ནུག་ ཧེ་མ་ང་བཅས་ནཱ་ ཨའི་ཚེ་དབང་ཟེར་སྡོད་ཅི་ ཨང་རྒས་ཚེ་དབང་གིས་ ཧན་ཏོང་ཏོ་འཐེན་འོང་ལགས་ ཨ་མ་ཨོ་རྒྱན།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    གདངས་སྦེ་འཐེན་ནི་ཡོདཔ་ཨིན་ན་ལགས?
  • མགོན་པོ་དབང་འདུས་ Goembo Wangdi
    འོང་གདངས་འཐེན་ཏེ་རང་ ཨ་མ་ཨོ་རྒྱན་དཔལ་འཛོམས་ཟེར་ མོ་རྐྱངམ་གཅིག་གིས་ཤེས་ལགས་ གཞན་ག་གིས་ཡང་མི་ཤེས་ དེ་ལས་ ཨ་མ་ཨོ་རྒྱན་དཔལ་འཛོམས་ཟེར་ ཨོ་རྒྱན་བྲག་གི་གུ་འབད་ཞུ་དགོ་ལགས་ ལྷ་ཞུཝ་ད།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ད་ཤེས་མི་མེདཔ་འདྲས་སྨོ་ལགས?
  • མགོན་པོ་དབང་འདུས་ Goembo Wangdi
    ལགས?
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ད་ཤེས་མི་མེད་དོ་མས་སྨོ་ལགས?
  • མགོན་པོ་དབང་འདུས་ Goembo Wangdi
    མེད་ལགས་ད་ཤེས་པ་ཅིན་ཨ་ནཱི་ ད་ ང་བཅས་རའི་ཕུན་ཚོགས་ཀྱི་ཨམ་སྲུ་གིས་ ཤེས་ནི་མ་གཏོགས་ མོ་གི་ཨའི་གིས་རྐྱངམ་གཅིག་འཐེན་ནི་ཡོད།
  • མགོན་པོ་དབང་འདུས་ Goembo Wangdi
    ཏེ་ མོ་གིས་ཨ་ཙི་རེ་ཤེས་དོ་འོང་ལགས་ ཨ་མ་ཨོ་རྒྱན་དཔལ་འཛོམས་ཀྱི་གླུ་ དེ་ལས་ འ་ཡར་ལས་ ཨོ་རྒྱན་བྲག་ལས་འབད་དེ་ ཕག་རབས་རྩེ་གི་གུ་ལུ་འབད་དེ་ ཕག་རབས་ཟེར་ནོར་གྱི་ཚལ་རྩྭ་ཅིག་ཡོད།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཕག་རབས་རྩེ་གི་གུ་ལས་འབད་ ཕག་རབས་སྒང་གི་གུ་ལུ་འབད་དེ་ ད་རུང་ཕག་རབས་ལས་ ཆུ་ཅིག་ཡོད་ འདི་ཁར་ལས་འབག་སྟེ་ དེ་ལས་ ཕག་རབས་སྒང་གི་གུ་ལས་ ལྕགས་མཁར་ཝེང་གི་གུ་ལས་འབད་ ཡར་ལུ་ཞུ་དགོ་ལགས་ ལྕགས་མཁར་ཝེང་ངའི་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    ལམ་སྣ་ང་བཅས་ར་བུམ་ཐང་འགྱོཝ་ད་ ལམ་ཁར་ངལ་གསོ་ས་ཅིག་ཡོད་ལགས་སྣ་ཅིག་ ལྕགས་མཁར་ཝེང་ངའི་ཟེར་ དེ་ལས་ ལྕགས་མཁར་ཝེང་ངའི་ལས་འབད་ ཆུ་ཏིག་སྒང་ཟེར་ཡོད་ལམ་ཁར།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་ཆུ་ཏིག་སྒང་གི་གུ་ ཆུ་ཏིག་སྒང་གི་ནང་ལས་ ཝ་ཟེ་རྩེ་གི་གུ་ལུ་ ཝ་ཟེ་ཟེར་ ང་བཅས་ལམ་འགྱོ་ས་ཨ་ནཱི་ཅིག་ལས་འབདཝ་ད་ རྡོ་གི་ཕུ་འ་ནཱི་འབད་མི་ཅིག་ཡོད་ དེ་ལས་ འ་ནཱ་ལས་ མི་གསརཔ་ཡར་འགྱོཝ་ད་ ཏེ་ ང་བཅས་ར་སྦྲང་རྩི་གསོབ་ཨིན་ཟེར་ འཁརཝ་གིས་ འ་ནཱི་རྡོ་ཕུ་ལས་ཡར་གསོབ་དགོ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    འཁརཝ་གཅིག་གིས་ ཁོ་ཝ་ཟེ་ཟེར་སླབ་ཨིན་ ཝ་ཟེ་རྩེ་གི་གུ་ལས་ རྭཝ་བ་སྦིས་ཀྱི་གུ་འབད་དེ་ཞུ་དགོ་ ལྷའི་རྒྱལ་པོ་འོ་དེ་གུང་རྒྱལ་ལགས་ དེ་ལས།
  • མགོན་པོ་དབང་འདུས་ Goembo Wangdi
    ཝ་ཟེ་རྩེ་གི་གུ་ལས་ཞུཝ་ད་ མར་གཟིམ་འབྲོག་ཟེར་ཡོད་ གཟིམ་འབྲོག་བྲག་གི་གུ་ལུ་འབད་ ཡར་ལུ་ཡང་ མི་ཞག་ཉལ་སུའི་རྡོ་ཕུ་ཅིག་ཡོད་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    མི་འབད་བ་ཅིན་མི་ གསུམ་དང་བཞི་དེ་ཅིག་ཤོང་འོང་ འ་ནཱི་བྲག་ནང་ འ་ནཱི་ཁར་གཟིམ་འབྲོག་བྲག་ཟེར་ དེ་ལས་ གཟིམ་འབྲོག་ལས་ གཟིམ་འབྲོག་ཆུ་བརྒལ་ཏེ་ དེ་ལས་ ཡར་ལུ་ལྷོད་འོང་ལགས་རྭཝ་བ་སྦིས་ རྭཝ་སྦིས་ལས་ ཞིམ་སྦིས་ ཞིམ་སྦིས་ལས་ རུལ་པ་སྒང་ཟེར་ ཆུ་ཆུང་ཀུ་ཅིག་ཡོདཔ་ཨིན་ འདི་ཡང་མིང་བཏོན་ཏེ་འབག་འོང་དགོ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཡར་ལས་མར་འབད་ཞུ་སྟེ་ དེ་ལས་ སྐྱག་པ་སྒང་གི་གུ་ལུ་ འདི་ནང་ངལ་གསོ་ས་ཅིག་ཡོད་ སྐྱག་པ་སྒང་གི་བྲག་ཕུག་ཟེར་ དེ་ལས་འ་ཡར་འོངམ་ད་ སྒང་བ་སྦྲང་ བར་ནའི་བ་སྦྲང་ ཀིན་སེང་བ་སྦྲང་ འབྱོག་ཚན་གསུམ་ཡོད་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་མིང་ཐོན་དགོ་ལགས་ ལྷ་ཞུ་བའི་སྐབས་ དེ་ལས སྤང་བྲག་ཟེར་ གནམ་མེད་ས་མེད་ཐང་ཆེན་རྒད་པོ་ཅིག་ཡོད་ལགས་ དམངས་ཀྱི་རྩྭ་འབྲོག་ཨིན་ལགས་ཡར་ལུ་ ད་ནོར་བདའ་ནི་མེད་དོ་མས་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    སྤང་བྲག་ཐང་གི་གུ་ལུ་ཞུ་འབག་སྟེ་ དེ་ལས་ ཀོ་རི་ལབ་རྩ་ཟེར་ དེ་ལས་ ཁ་མར་བལྟ་འབབ་ནི་ལུ་ལྷོདཔ་ཨིན་ ཐང་རྫོགས་ཏེ་ དེ་ལས་ པི་སེང་གནའ་གི་གུ་ལས་ ཁག་ས་ར་ལུ་ སྒང་སྦིས་ཐང་གི་གུ་ལུ་ སྒང་སྦིས་ཐང་གི་གུ་ལས་ ཤང་ལ་སྐོར་བའི་གུ་ལུ་ ཤང་ལ་སྐོར་བའི་གུ་ལས།
  • མགོན་པོ་དབང་འདུས་ Goembo Wangdi
    བཏབ་ལ་སྤང་གི་གུ་ལུ་འབད་དེ་ དེ་ལས་ གཡུས་ཁར་ཕེབས་ཨིན་ལགས་ དེ་ལས་ བཏབ་ལ་སྤང་གི་གུ་ལས་ གཏོམ་ཏང་རྩེ་གི་གུ་ལུ་ གཏོམ་ཏང་རྩེ་ འ་མི་ཨིན་མར་ལུ་ དེ་ལས་ མར་ལས་འབད་ དོན་མེད་ཐང་གི་གུ་ལུ།
  • མགོན་པོ་དབང་འདུས་ Goembo Wangdi
    ལྷ་སྦྲང་མར་བལྟ་འབད་ནི་དེ་གིས་ མར་དོན་མེད་ཐང་གུ་སྦེ་ཞུ་ དོན་མེད་ཐང་ལས་རྐྱངམ་གཅིག་ ལྷ་སྦྲང་ལུ་ཕེབས་ཨིན་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    སྨན་མོ་སྦྲང་ལུ་?
  • མགོན་པོ་དབང་འདུས་ Goembo Wangdi
    འོང་ལགས་ སྨན་མོ་སྦྲང་ལུ་ཕེབས་ད་ དེ་ལས་ ལྷ་ཕེབས་དོ་ཟེར་ ང་གིས་མི་སླབ་ལགས་ ལྷའི་རྩ་བ་ཚུ་གིས་ ད་ས་ཁར་སྡོད་མི་ཚུ་ཡང་ ག་ར་ཡར་ལོང་དགོ་ལགས་ཚར་གཅིག་ ལྷ་ཕེབས་ད་ ལྷ་ཕེབས་མས་ཟེར་ ཏེ་ ངེའི་ཚིག་ཉན་ཏེ།
  • མགོན་པོ་དབང་འདུས་ Goembo Wangdi
    ལྷ་ཕེབས་ཨིནམ་ཁོང་གིས་ཤེས་སྦ་ དེ་ལས་ ལོང་ཤིག་ཟེར་ ལྷ་ཕེབས་མས་གོ་ཟེར་ དེ་ལས་ ཁོང་གིས་ང་ལུ་ ལྷའི་ཕེབས་ཆང་ཟེར་ ཆང་ཅིག་འཐུང་ནི་ཡོད་ལགས་ ང་སྦུག་ན་ དེ་བསྒང་ལྷ་ཕེབས་ཞིནམ་ལས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ལྷ་ཕེབས་ཞིནམ་ལས་ ཡར་ཚོགས་བསྐང་ཏེ་ཡོད་མི་ཚུ་ ཚོགས་ཕོརཔ་ནང་འབད་ཁ་མར་བཀལ་མི་འདི་ཚུ་ ངོ་སྤྲོད་རྐྱབ་དགོ་ལགས་ལྷ་ལུ་ དེ་ལས་ ཕྱ་ལ་ལྟ་ནི་ཅིག་ཡོད་ ཤིང་གི་འདབ་གཉིས་བརྩེགས་ཏེ་ དེ་ལས་ ཤིང་བརྒྱུད་དེ་ འ་ནཱི་ལྷ་ལུ་ གནམ་མེད་ས་མེད་སྨོན་ལམ་བཏབ་སྟེ།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་ཤིང་གི་འདབ་མ་ཡར་གནམ་ཁར་བཀོག་སྟེ་ ཤིང་གི་འདབ་མ་ག་ཕུབ་རྐྱབ་སྟེ་ འོང་པ་ཅིན་མ་ལེགསཔ་ཨིན་ལགས་ དེ་ལས་ གང་རྐྱལ་འབད་འོང་པ་ཅིན་ལེགསཔ་ཨིན་ལགས་ འ་ནཱི་མོ།
  • མགོན་པོ་དབང་འདུས་ Goembo Wangdi
    མོ་བཏབ་ནི་ཡོདཔ་ཨིན་ལགས་ འ་ནཱི་ཕྱ་ལ་ཟེར་སླབ་འོང་ང་བཅས་ཀྱིས་ ལོ་གཅིག་གི་མོ་ག་ར་འ་མི་ཁར་བཏབ་དགོ་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ག་ཕུབ་རྐྱབ་འོང་པ་ཅིན་ལེགསཔ་མེན་ག་ལགས་ ཁ་ཉིནམ་འ་ནཱི་བཟུམ་མཐོང་ཅི?
  • མགོན་པོ་དབང་འདུས་ Goembo Wangdi
    ག་ཕུབ་རྐྱབ་འགྱོ་བ་ཅིན་ མ་མ་ལེགསཔ་ཨིན?
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    མ་ལེགསཔ་ཨིན་ན་ལགས?
  • མགོན་པོ་དབང་འདུས་ Goembo Wangdi
    འོང་གང་རྐྱལ་འབད་འོང་པ་ཅིན་ལེགས་ འ་ནཱི་ཕྱ་ལ་ ཏེ་ ལོག་ཅི་ལོག་ཅི་ལྟ་སྟེ་ཡང་མ་ལེགས་ ད་ དཔེ་འདྲཝ་ཅིག་འབད་བ་ཅིན་ ང་བཅས་གཉིས་གཅིག་ཁར་ ཆེན་འཕེལ་ཡོད་ ཆེན་འཕེལ་གྱི་ལོ་བཏོན་ཏེ་ང་གིས་ལྟཝ་ད་ ཁོ་ལུ་ཚར་གསུམ་མ་ལེགས་པ་ཅིན།
  • མགོན་པོ་དབང་འདུས་ Goembo Wangdi
    ཏེ་ ཁོ་ཨིན་ཅི་མིན་ཅི་རིམ་འགྲོ་ཅིག་འབད་དགོ་ལགས་ རྐྱེན་སེལ་དགོ་ ད་ཟློག་ཐབས་མ་འབད་བ་ཅིན་ ན་ཚ་མ་པ་ལས་རང་ཕོག་ལགས་ ཁོ་ར་ལུ་མ་ཕོག་རུང་ ཁོ་རའི་ཁྱིམ་ནང་ ཉེཝ་ཉེ་ཚན་གཅིག་ལུ་ ཕོག་རང་ཕོག་འོང་།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ཟློག་ཐབས་རིམ་འགྲོ་འབད་བ་ཅིན་ བོན་པོའི་ཁ་ཐུག་ལས་རང་ འབད་དགོཔ་ཨིན་ན?
  • མགོན་པོ་དབང་འདུས་ Goembo Wangdi
    མེན་ལགས་ བོན་པོ་ཁ་ཐུག་ལས་རང་མེན་པར་ བླམ་ཆོསཔ་ཚུ་གི་ཁ་ཐུག་ལས་འབད་རུང་བཏུབ་ རིམ་འགྲོ་ག་ཅི་གནང་ནི་ཨིན་ན་ ཡངན་ལྷ་གསོལ་དཀར་པོ་འདྲཝ་ ཡངན་རྒྱ་བཞི་འདྲཝ་ ཡངན་གཤིན་ལོང་དུས་དྲན་འདྲཝ་འ་ནཱི་ རིམ་འགྲོ་གཅིག་འདི་ གནང་རང་གནང་དགོ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ཕྱ་ལ་མ་ལེགས་པའི་ཁྱིམ་ནང་ འ་ནཱི་སྦེ་བཏབ་ནི་ཡོད་ ལོ་གཅིག་གི་མོ་ང་གིས་ དེ་ལས་ སྐྱེས་ལྷ་ཡུལ་ལྷ་འདི་ཚུ་ སྨྲང་དགོ་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འ་ནཱི་གི་ཧེ་མ་རང་ གཏོརམ་འདི་ཚུ་བཞེངས་མས་སྦ་ དར་ཚིལ་འདི་ཚུ་བཀལ་འབད་དེ་ འ་ནཱི་བཟུམ་སྦེ་ བཞེངས་དགོཔ་ག་ཅི་ར་ཡོད་གོ་ལགས?
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་ཚོགས་ཨིན་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འོང་ལགས་ཚོགས།
  • མགོན་པོ་དབང་འདུས་ Goembo Wangdi
    ཚོགས་ཨ་ནཱི་འདི་ དགུན་ཟླཝ་ ༡༠ པ་ ད་ལྟོ་ཨིན་ལགས་ དར་ཚིལ་བཟུམ་སྦེ་ ལྟོ་ཐད་སྒོར་སྒོ་བཟོ་སྟེ་ ལྟག་གྱལ་དྲུག་ འོག་གྱལ་དྲུག་ཟེར་ གྱལ་ ༡༢ བསྐང་དགོ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ འ་ནཱི་གྱལ་ ༡༢ གུ་ ལྟོ་རེ་གུ་ སྦྲང་བྱའི་ཟེར་མི་ཅིག་བཀལ་དགོ་ལགས་ སྦྲང་བྱའི་གུ་ དར་ཚིལ་དང་མར་བཀལ་དགོ་ ཏེ་འ་ནཱི་ལྟོ་ཀོག་ཏོ་རེ་རེ་ལུ་ འ་ནཱི་བདུད་རྩི་ཁ་མར་ཟེར་ ཧོད་ཅིག་ནང་སྦེ་ ཁ་མར་བཀལ་ཏེ།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་རེ་རེ་འབད་བཀྲམ་དགོ་ལགས་ ལྟག་གྱལ་དྲུག་ འོག་གྱལ་དྲུག་ དེ་ལས་ ད་རུང་ཧོད་ཅིག་ཡོད་ལགས་ འདི་གུ་ཁ་མར་ཡར་སྒྲོན་ཉི་ཟླ་བཀལ་ཏེ་ཡོད་ ཏེ་ ལྷ་ཕེབས་ད་ ང་ལུ་འ་ནཱི་འབག་དགོ་ ཁ་ཉིནམ་ཁོང་གིས་ ང་ལུ་མ་འབག་ལགས་ཁོ་གིས་ བརྗེད་བརྗེདཔ་འོང་ནི་མས་ ང་རའི་ཡང་ སླབ་ནི་བརྗེད་སོང་ནུག
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་ཧོད་འདི་ནང་ ང་ཁ་དཔག་དགོ་ལགས་ འ་ནཱི་ཉི་ཟླ་ཁ་ཐུག་ལས་ ཁ་དཔག་སྟེ་ ང་འཐུང་དགོ་ བར་ཕྱེད་ཀ་ཚུན་ཚོད་ དེ་ལས་ ང་གིས་ཕྱེད་ཀ་ཚུན་ཚོད་འཐུང་སྟེ་ དེ་ལས་ ངེའི་ལྷག་མཇུག་ཁོང་འདི་ཚུ་ ལག་ཁར་བླུགས་ཅི་བླུགས་ཅི་ ག་ར་ཁྱབ་སྦེ་འཐུང་འོང་ལགས་ ཧེ་མ་འབད་བ་ཅིན་ དེ་ལས།
  • མགོན་པོ་དབང་འདུས་ Goembo Wangdi
    ད་ ད་རེས་ནངས་པ་ མི་འདི་ཚུ་གིས་ ཧེ་མའི་རྒྱུན་ཉམས་སུ་ཉམས་སུ་འགྱོ་ནི་དེ་གིས་ ཁོང་གིས་དེ་སྦེ་ཡང་མི་འབད་བས་ ཉམས་མས་ལགས་ དེ་ལས་ འ་ནཱི་འབད་བའི་ཤུལ་ལས་ ད་ ང་བཅས་རའི་གཞི་བདག་འདི་ཚུ་གསོལ་དགོ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    གཞི་བདག་འདི་ཚུ་ ད་ དང་པ་རང་ ག་ཅི་གསོལ་འོང་ག་ཟེར་བ་ཅིན་ གཙོ་བོ་ར་ང་བཅས་ཀྱི་ གཞི་བདག་གི་གྲས་ལས་ གཙོ་བོ་ང་བཅས་རའི་བཙན་ཨིན་པས་ལགས་ ང་བཅས་ཀྱི་བཙན་གྱི་མིང་ རོང་ལ་བཙན་ རོང་ལའི་ལྷ་བཙོན་དཀར་པོ།
  • མགོན་པོ་དབང་འདུས་ Goembo Wangdi
    འབད་དེ་ཞུ་བའི་ལགས་ རོང་ལ་ལྷ་བཙན་དཀར་པོ་ ཡབ་ཏུ་ཚེ་དབང་རིག་འཛིན་ ཡབ་ཚན་ལྡན་རིག་སྐྱིད་ ཡུམ་བསོད་ནམས་སྒྲོལ་མ་ ཡུམ་ནོར་བུ་བཟང་མོ་ ཡུམ་ནོར་རྒྱན་ལྷ་མོ་ཟེར་ འ་ནཱི་སྦེ་ཐོན་ནི་ཡོད་ལགས་ཚིག་ནང་།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཤར་སྒོ་སྲུང་མི་ཟེར་ མཚོ་ཅིག་ཡོད་ལགས་ ད་རུང་ན་ལས་ཕར་ ཕྱི་སྐོར་འགྱོ་སའི་ལམ་གྱི་འོག་ལུ་ མཚོ་ཅིག་ཡོད་ གྲཱམ་གནགའི་དཔའ་བོ་ཟེར་ ཤར་སྒོ་སྲུང་མི་དཔའ་བོ་ དཔའ་བོ་དོ་གསང་བསྔགས་རིན་ཆེན་ སྐུ་ལྔ་སའི་འཛམ་གླིང་འབྲུག་དིར་?ཟེར་ཐོན་འོང་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ཐོན་འོང་ ཁོ་གི་མིང་དེ་སྦེ་སླབ་འོང་ལགས་ དེ་ལས་ ལྷོ་སྒོ་སྲུང་མི་འདི་མར་ མཚོ་ཨིན་ལགས་ ང་བཅས་རའི་སྨན་མོ་ ཡུམ་མཚོ་སྨན་རྒྱལ་མོ་ ཀུན་ཏུ་བཟང་མོ་ ཨར་མོ་མ་རྒན་ལྷ་མོ་ཟེར་ འ་ནཱི་འབད་ཐོན་དགོ་ཚིག་ནང་།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ནུབ་སྒོ་སྲུང་མི་ ད་རུང་ང་བཅས་རའི་མར་ ཏ་ལི་འགྱོ་སའི་ལམ་ཁར་ མཚོ་ཅིག་མཐོང་མས་མེན་ན་ལགས་ ལམ་གྱི་འོག་ལུ་ ཨོ་བི་གནས་པོ་ ཁོ་གི་མིང་འབད་བ་ཅིན་ ཁོ་བདུད་འབད་རུང་བཏུབ་ གཞི་བདག་འབད་རུང་བཏུབ་ཨིན་ཟེར་ ཁོ་གི་མིང་འདི་ ཨོ་བི་གནས་པོ་སྡིག་པ་རས་ཆེན་ ཐང་ལ་རས་ཆེན་ མིག་པ་རས་ཆེན་ ཟེར་ཐོན་འོང་ལགས་ ཁོ་གི་མིང་ཚིག་ནང་འ་ནཱི་སྦེ།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ འ་ནཱི་ལས་སྨྲངམ་ད་ བྱང་སྒོ་སྲུང་མི་ཟེར་ ཕར་བལྟ་འདི་ མཚོ་འབད་མེད་ལགས་ ཡར་བུ་ལི་ཨ་ཞེའི་གཟིམ་ཅུང་གི་ལྟག་ལུ་ གླང་སྦིས་ལུ་མཆོད་རྟེན་ཅིག་ཡོད་ ཕར་གི་མཆོད་རྟེན་གྱི་གཟུང་འབད་བ་ཅིན།
  • མགོན་པོ་དབང་འདུས་ Goembo Wangdi
    ནང་ན་གཟུང་གཙོ་བོ་ག་ཅི་ཡོད་གོ་ཟེར་བ་ཅིན་ ཕྱག་ན་རྡོ་རྗེ་གཏེར་འབད་བྱོན་པའི་ ཕྱག་ན་རྡོ་རྗེའི་སྐུ་ཅིག་ཡོདཔ་ཨིན་ལགས་ གནག་ཏང་ཏ་འབད་ འ་ནཱི་གང་ར་ཨིན་ལགས་ འ་ནཱི་བྱང་སྒོ་སྲུང་མི་ཕྱག་ན་རྡོ་རྗེ།
  • མགོན་པོ་དབང་འདུས་ Goembo Wangdi
    བྱང་སྒོ་སྲུང་མི་ གསེར་སྲང་?ཡོན་ཏན་བཞེས་བའི་ བླ་མ་ཕྱག་ན་རྡོ་རྗེ་ཟེར་ཐོན་དགོ་ལགས་ འ་ནཱི་སྦེ་ཐོན་འོང་ཚིག་ དེ་ལས་ དབུས་སྒོ་སྲུང་མི་འདི་ ཨ་ནཱི་ ད་ ཧེ་མ་འབད་བ་ཅིན་ གནམ་མེད་ས་མེད་ ང་བཅས་ར་མི་ཡང་ འཛུལ་ཚུགས་མ་ཚུགསཔ་ཅིག་ ནགས་ཚལ་གནག་དུང་དུ་ཨིན་འ་མར་ལུ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ གནམ་བྱཱར་ལུ་ ཆུ་འོངམ་ད་ཨ་ནཱི་སྤང་ལས་མར་ཆུ་འཁྱིལ་བའི་སྐབས་ མཚོ་བཟུམ་སྦེ་སྡོད་འོང་ མི་ལ་ལུ་ཅིག་དྲོག་ཡང་དྲོག་འོང་ལགས་ མར་ལས་ལམ་འགྱོཝ་ད།
  • མགོན་པོ་དབང་འདུས་ Goembo Wangdi
    མཚོ་བཟུམ་འཁྱིལ་འོང་ཆུ་ ཧོ་ཏིང་ཏི་འ་ནཱི་འདི་ ང་བཅས་ནཱ་ དབུས་སྒོ་སྲུང་མི་ གཏོམ་ཏང་གནས་པོ་ཟེར་ ཞུ་འོང་ཁོ་གི་མིང་ དབུས་སྒོ་སྲུང་མི་ གཏོམ་ཏང་ཚེ་རིང་གནག་པོ་ དགེ་སློང་ཚེ་བརྟན་བསྟན་པ་ དགེ་སློང་ནམ་མཁའ་སྙིང་པོ་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    ཁོ་གི་མིང་འ་ནཱི་སྦེ་ཐོན་འོང་ལགས་ འ་ནཱི་འདི་ང་བཅས་རའི་ ལྷ་ཁང་ནང་ ཆོ་ག་གནངམ་ད་ གཏོར་གྱི་གྲས་ཁར་ཡང་བཙུགས་འོང་ལགས་ གནས་བདག་འབད་ཁོ་ ད་ ཧེ་མ་འབད་བ་ཅིན་ནཱ་ ཁོ་ཆེན་འཕེལ་གྱི་ཨའི་གི་ཁྱིམ་ནང་ ལོ་གཅིག་ལུ་ཚར་གཉིས་གསོལ་དགོ་ལགས་ གནསཔོ་ཁོང་ཨིན་པས་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    གནསཔོ་ཁོ་འབད་ བྱཱར་ཚར་རེ་ དགུན་ཚར་རེ་གསོལ་ནི་ཡོད་ མར་གྱི་གནས་བདག་ དེ་ལས་ ང་བཅས་ཀྱི་བཙན་གྱི་གནས་པོ་ བར་ཡོངས་ལུ་ཨིན་པས་ལགས་ བར་ཡོངས་ཨའི་པ་སངས་མོའི་ཁྱིམ་ནང་ བཙན་ཡར་ལུ་གསོལ་འོང་ ཐོག་གསར་ཟེར་ཕུལ་བའི་སྐབས་ དེ་ལས།
  • མགོན་པོ་དབང་འདུས་ Goembo Wangdi
    གྲཱམ་གནག་གི་གནསཔོ་འདི་འབད་བ་ཅིན་ ང་བཅས་ཀྱི་མར་ཨམ་སྨྱོག་མོ་ཟེར་ཡོད་ མོ་གི་ཁྱིམ་ནང་ འ་ནཱི་བརྟན་མི་རེ་རེ་ཡོད་ལགས་ ཧེ་མ་འབད་བ་ཅིན་ ད་ རང་རང་ས་འབད་མི་གསོལ་བས་ དམངས་ཀྱིས་ སྤྱིར་བཏང་ལུ་འབད་ཕུལ་མས་གསོལ་ཁ་ལགས་ ཏེ་ ང་བཅས་ཀྱི་གཡུས་ཁར་གི
  • མགོན་པོ་དབང་འདུས་ Goembo Wangdi
    བོན་ཆོས་འདི་ འ་ནཱི་ཨིན་ལགས་ མ་པ་གཙོ་བོ་ར་ དེ་ལས་ད་ ད་ལྟོ་ཞུ་དོ་བཟུམ་སྦེ་ ཟླཝ་ ༥ པའི་ཚེས་ ༡༥ ལུ་ ཤུ་སྦང་ལ་ཟེར་ ད་རུང་ལྷ་སྦྲང་ཁ་ཉིནམ་གྱི་འོག་ལུ་ མར་ལྷ་སྦྲང་ཅིག་ཡོད་ ཟླཝ་ ༥ པའི་ནང་མར་གསོལ་དགོ་ལགས་ དེ་འབདཝ་ད་ ལྷ་གཅིག་རང་ཨིན་ ཞུ་ཐངས་ཡང་ ད་ལྟོ་ང་གིས་ ཞུ་དོ་བཟུམ་སྦེ་རང་ཨིན་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་རང་ཨིན་ དེ་ལས་མར་ལུ་ ཟླཝ་ ༥ པའི་ཚེས་ ༡༥ ལུ་ མར་ལུ་གསོལ་ དགུན་ལུ་ ཟླཝ་ ༡༠ པའི་དེ་ འདི་གི་ལྟག་ལུ་ ལྷ་སྦྲང་ནང་ གསོལ་ཏེ་སྡོད་ནུག་ དང་ཕུ་འ་ནཱི་གིས་འབད་ ད་ ང་བཅས་གཡུས་ཁའི་ ཟླཝ་ ༡༠ པའི་མཆོད་པ་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    ང་བཅས་ཀྱི་གཡུས་ཁར་སྤྲོ་བ་སྦོམ་ཤོས་རང་ འ་ནཱི་ཟླཝ་ ༡༠ པའི་མཆོད་པ་ཨིན་ལགས་ དེ་མིན་པའི་སྐབས་ཡང་ མ་པ་ལྷ་གསོལ་ཀླུ་གསོལ་འབད་ནི་ཡོད་ དེ་འབདཝ་ད་ད་ལྟོ་བཟུམ་ཅིག་ར་ སྤྲོ་བ་མི་འོང་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ལྷ་གསོལ་ནི་བྱཱར་དགུན་འབད་ཡོད་ དེ་འབདཝ་ད་ ད་རེས་བཟུམ་སྦེ་མེད་ དེ་ལས་ ལྷ་གསོལ་ཐངས་འདི་ འ་ནཱི་འབད་ཨིན་ལགས་ དང་ཕུའི་ལུགས་སྲོལ།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    སྨན་མོ་སྦྲང་ལས་ གསོལ་ཚར་ཏེ་ དེ་ལས་ རི་དི་པོང་ལུ་སྨོ་ཤིག?
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    དམངས་ཀྱི་ལྷ་སྦྲང་ཟེར་ ཨ་མར་ཤུ་སྦང་ལུ་ ད་རུང་དམངས་ཀྱི་ གུང་རེ་རེའི་ཕྱ་ལའི་མོ་འ་མི་ཁར་བཏབ་ནི་ཡོད་ལགས་ དམངས་ཀྱི་ལྷ་གསོལ་ས་ འ་མི་ཁར་བརྩི་འོང་ མར་ལུ་འདི་ ད་ ཡར་རྩ་བོ་མཁར་པ་ཆ་ཁྱབ་ཟེར་ རྩ་བོ་ཁོང་ཐོན་དགོ་ དེ་འབདཝ་ད་ཕུད་འདི་ བུ་ལི་ཨ་ཞེ་གིས་གནང་དགོ་ལགས་ ཕུད་བཙོ་ནིའི་དོན་ལུ་ ཧེ་མ་འབད་བ་ཅིན་ རེད་བྲེ་ ༢༠ རེ་ གནང་འོང་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    རེད་བྲེ་ ༢༠ རེ་དཔོན་གྱི་ཁ་ཐུག་ལས་གནང་སྟེ་ དེ་ལས་འ་ནཱི་རེད་བརྡུང་ཞིན་ན་ ཕུད་ཡར་ཁོང་འབད་སར་བཙོ་དགོ་ལགས་ཡར་ དེ་ལས་ དམངས་ཀྱི་འདི་ མར་ལུ་འདི་ དམངས་ལས་བསྡུ་དགོ་ལགས་ དམངས་ལས་བསྡུ་སྟེ་ ཕུད་བསྡུ་སྟེ་དེ་ལས་ བཙོ་ནི་འདི་ ད་ ང་བཅས་རའི་ཀྲོང་སྨད་ལས་ ཆོས་ཉིད་བཟང་མོ་གིས་ བཙོ་དགོ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ཀྲོང་སྨད་ཆོས་ཉིད་བཟང་མོ་གིས་ བཙོ་དགོཔ་ག་ཅི་སྨོ་ཟེར་བ་ཅིན་ དང་ཕུ་སྨན་མོ་འདི་ མ་པ་རང་བཞིན་གྱིས་ ནཱ་བཞུགས་བཞུགསཔ་མེན་པས་ལགས་ བུ་ལི་སྨན་མོ་ལུ་ ནུ་གཅུང་གསུམ་སྡོད་སྡོདཔ་ཨིན་ཟེརཝ་མས་ལགས་དང་ཕུ་ བོད་ར་ལུང་ལུ་ཨིན་པས།
  • མགོན་པོ་དབང་འདུས་ Goembo Wangdi
    སྨན་མོ་མོ་རའི་གདན་ས་ངོ་མ་ཡར་བོད་ར་ལུང་ལུ་ དེ་ལས་ བོད་ར་ལུང་ལུ་ཏེ་ མོ་གི་ནུ་གཅུང་གསུམ་འདི་ མི་སྦེ་སྡོད་དེ་ ཏེ་ ནུ་གཅུང་གསུམ་པོ་འདི་ ཤ་བདའ་བར་བྱོན་བྱོནམ་མས་ ཤ་བདའ་བར་བྱོན་ཞིནམ་ལས་ དེ་ལས་ ལོག་སྟེ་མ་ལྷོད་པར།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཨ་ཞེམོ་སྦོམ་ཤོས་ར་ མོ་ཨིན་པས་སྨན་མོ་ལགས་ ཏེ་ དང་ཕུའི་གཏམ་འ་ནཱི་ཅིག་ཡོད་ལགས་ ཧིང་སང་ས་འབད་ང་བཅས་ཀྱིས་ཡང་ བཤད་མི་ཤེས་པས་ ཏེ་ དང་ཕུའི་ཨ་རྒས་དང་ ཨང་རྒས་ཚུ་གིས་ བཤད་ཡོད་པའི་གཏམ་ཨ་ཙི་རེ་ང་རའི་སེམས་ཁར་ལུ་ཡོད་འ་ནཱི་ ཏེ་ང་བཅས་ཀྱི་མཚོ་སྨན་རྒྱལ་མོ་ བོད་ར་ལུང་ལས་ ནུ་གཅུང་འབྱང་སྟེ་བྱོནམ་ད།
  • མགོན་པོ་དབང་འདུས་ Goembo Wangdi
    ཤ་བདའ་བར་འགྱོ་ཞིན་ན་ ལོག་སྟེ་མ་ལྷོད་པར་ མོ་ཐུགས་ཚ་གྱང་ལངས་ཏེ་ ནུ་གཅུང་གསུམ་འཚོལ་ཏེ་བྱོན་ནུག་ ཏེ་ ཡར་ལས་མར་ བོད་ལས་མར་ ནུ་གཅུང་གསུམ་འཚོལ་བྱོནམ་ད་ དེ་ལས་ ནུ་གཅུང་གསུམ་འཚོལ་མ་འཐོབ་པར་ ལམ་ཕར་ཀུར་སྟོད་ལས་མར་ཕེབས་ནུག་ ཀུར་སྟོད་ལས་ཡར་ཕེབས་ད་ དེ་ལས།
  • མགོན་པོ་དབང་འདུས་ Goembo Wangdi
    སྐུ་ཞག་ཕར་ཀུར་སྟོད་ལུ་ལུསཝ་ད་ དེ་ལས་ མཚོ་ལོག་ཅིག་ཁར་ཆགས་ མོ་ར་མི་ལུ་སྤྲུལ་ཏེ་ གནས་པོ་ཡར་ཀུར་སྟོད་ལས་ ཕྱུག་པོའི་ཁྱིམ་ནང་བྱོན་བྱོནམ་མས་ ད་ལྟོ་ཀུར་སྟོད་ལས་ཕྱུག་པོའི་ ཁྱིམ་གི་འོག་ཐོག་ལུ་ མཚོ་ཡོདཔ་ཨིན་ཟེར་ཨིན་པས་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་སྨན་མོ་གི་ཤུལ་ལུས་ལུསཝ་ཟེར་ དེ་ལས་ གནས་པོ་ཡར་ལུ་བཞུགས་ དེ་ལས་ཡར་བྱོནམ་ད་ ཀུར་སྟོད་ལས་བྱོནམ་ད་ ཕར་བཀྲིས་སྒང་དང་ མོང་སྒར་ལས་ཚུ་ཕེབས་ནུག་ ནུ་གཅུང་གསུམ་འཚོལ་ཏེ་ དེ་འབད་རུང་ ནུ་གཅུང་གསུམ་འཚོལ་མ་འཐོབ་པས་ལགས་ དེ་ལས་ ཐུགས་ཚ་གྱང་ལངས་ཏེ།
  • མགོན་པོ་དབང་འདུས་ Goembo Wangdi
    ཕར་ལས་ཚུར་བྱོནམ་ད་ བཀྲིས་སྒང་མོང་སྒར་ལས་ཚུར་བྱོནམ་ད་ བུམ་ཐང་ལུ་ཕེབས་ནུག་ལགས་ དེ་ལས་ བུམ་ཐང་ཀུར་ཀུ་སྦིས་ཐང་ཟེར་ཡོད་ལགས་ འ་ཡར་ཀུར་ཀུ་སྦིས་ཐང་ བུམ་ཐང་ལས་ ཕར་མོང་སྒར་ཁ་ཐུག་འགྱོ་སིའ་ལམ་གྱི་འོག་ལུ་ སྨན་མོ་ཆགས་པའི་ཤུལ་ཅིག་ཡོད་ འ་ཡར་ཁར་ཀུར་ཀུ་སྦིས་ཐང་ཟེར་ སླབ་ནི་ཡོད།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་ཁར་ཕེབས་ནུག་ དེ་ལས་ ཡར་ལས་བྱོནམ་ད་ ད་རུང་ཅུང་འཕེལ་ཟེར་ས་ལུ་ སྨན་མོ་ཆགས་པའི་ཤུལ་ཅིག་ཡར་ལུ་ཡོད་ འ་ཡར་ལུ་ཕེབས་ནུག་ལགས་ དེ་ལས་ ང་བཅས་ཁེངས་ལུ་མ་བྱོན་པའི་ཧེ་མ་ ཡར་ལས་ཕར་འབད་ ཤར་ཝང་ལས་ཕར་ལྷོད་ནུག་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ནུ་གཅུང་གསུམ་འཚོལ་ཏེ་ ཏེ་ ན་ཧིང་ཞེ་ཧིང་ འབྲུག་རྒྱང་སྒྲགས་ནང་ ཞབས་བྲོའི་ཁ་འཐེན་བྱིན་མི་ཚུ་གིས་ སྤུ་ན་ཁ་མཚོ་ཆགས་ས་ཟེར་ སླབ་ནི་ཡོད་ལགས་ འ་ནཱ་ཡང་སྨན་མོ་ཆགས་པའི་ཤུལ་ཅིག་ཡོད་མས་ལགས་ འ་ནཱི་གིས་འབད་ མཚོ་ཆགས་ས་ཟེར་སླབ་ཨིན་པས་ དེ་ལས་ འ་ཕར་ལས་བྱོནམ་ད།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཁེངས་སྒོམ་ཕུག་ལུ་ཕེབས་ནུག་ལགས་ མར་སྒོམ་ཕུག་ལུ་ཕེབས་ཏེ་ མར་ལུ་བཞུགས་ནུག་ མར་ལུ་བཞུགསཔ་ད་ སྨན་མོ་གི་སྲས་མོ་ཅིག་མར་ལུ་ ལུས་སོང་ཡི་ལོ་ལགས་མནའམ་འབད་ སྒོམ་ཕུག་ལུ་ ལུང་བསྟན་མར་ལུ་སྡོད་སྡོདཔ་མས་ ད་ལྟོ།
  • མགོན་པོ་དབང་འདུས་ Goembo Wangdi
    སྒོམ་ཕུག་ལུ་ཡོདཔ་ཨིན་ལོ་ འ་ནཱི་མཚོ་ང་གིས་འདི་ མ་ལྷོད་ལགས་སྒོམ་ཕུག་ལུ་ གཏམ་འ་ནཱི་སྦེ་བཤད་ནི་འདུག་ ཏེ་ སྒོམ་ཕུག་གི་མི་ཚུ་དང་ཕྱེད་དེ་ དྲིཝ་ད་སླབ་ནི་འདུག་ལགས་ ཁོང་མར་མཚོ་ཅིག་འདི་ཡོད་ཟེར་ དེ་ལས་ ང་བཅས་ནཱ་ཤུ་སྦང་ལ་ཟེར་ གསོལ་བའི་སྐབས་ ཁོང་འབད་སར་ཡང་ ཉིནམ་གཅིག་ལུ་ དྲན་འདྲ་གསོལ་དགོ་ལོ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ཁོང་གིས་ཡང་སྨན་མོ་གསོལ་ཏེ་ འ་ནཱི་འབད་གསོལཝ་ཨིན་ཟེར་ འ་ནཱི་འབད་སླབ་མས་ དེ་ལས་ མར་ལས་བྱོནམ་ད་ ང་བཅས་ར་ཡི་སྦིས་ལབ་རྩ་ལུ་ཕེབས་ནུག་ ཡི་སྦིས་ལབ་རྩ་ལུ་ཕེབས་ཏེ་ ཡི་སྦིས་ལབ་རྩ་ལས་བྱོནམ་ད་ ལྕམ་མའི་སྟང་ཡོད་མེན་ན་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ཡི་སྦིས་ལབ་རྩ་ག་ཏེ་ཧོངས་ཨིན་ན་ལགས?
  • མགོན་པོ་དབང་འདུས་ Goembo Wangdi
    ལགས་ ཡི་སྦིས་ལབ་རྩ་ སྨན་ཁང་འགྱོཝ་ད་ སྨན་ཁང་མ་ལྷོདཔ་ཅིག་ཁར་ ཨུམ་ཅིག་ཡོད་སྦ་ མཚོ་ཆགས་པའི་ཤུལ་ སྨན་མོ་ཆགས་པའི་ཤུལ།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ད་ལྟོ་རྐང་རིལ་རྩེད་སའི་ས་སྒོ་ན་ཨིན་ན?
  • མགོན་པོ་དབང་འདུས་ Goembo Wangdi
    འ་མར་ལུ་བཟུམ་ཅིག་ཚུད་འོང་ འ་ནཱི་སྦེ་བཟོ་བཟོ་འོང་ དང་ཕུ་ཡི་སྦིས་ལབ་རྩ་ལུ་ འ་ཕར་ཆགས་ནུག་ ཕར་ལས་ཚུར་བྱོནམ་ད་ ཡར་ལྕམ་མའི་སྟང་ལས་འགྱོཝ་ད་ ལྕམ་མའི་སྟང་གི་མར་ཐང་ན་ར་ ཐང་ཡོད་མེན་ན་ལགས་ ཧེ་མ་སློབ་དཔོན་ཉིམ་རྡོ་རྗེ་བཞུགས་སའི་ཕར་ འ་ནཱི་ཁར་ སྨན་མོ་འ་ནཱི་ཁར་ཆགས་ནུག་སྦ།
  • མགོན་པོ་དབང་འདུས་ Goembo Wangdi
    འ་མི་ཁར་བཞུགས་ནུག་ འ་མར་ལས་བྱོནམ་ད་ ང་བཅས་གཡུས་ཁར་ཕེབས་ནུག་ དེ་བསྒང་མོ་གི་ནུ་གཅུང་གསུམ་ལུང་བསྟན་ནཱ་སྡོད་ནུག་ ནཱ་ལྷོདཔ་ད་ནུ་གཅུང་གསུམ་བདའ་ཟུན་ནུག་ ནུ་གཅུང་གསུམ་ནཱ་ཕེབས་ཏེ་ བཞུགས་བཞུགསཔ་མས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ མོ་གི་ནུ་གཅུང་གསུམ་གྱི་མིང་ ག་ཅི་འབོ་སྨོ་ཟེར་བ་ཅིན་ ཁོ་ཡོང་ སློབ་དཔོན་ དུས་སྨིན་ཟེར་ སྡོད་ནུག་ལགས་ སྤུན་གསུམ་གི་མིང་ཡང་ འ་ནཱི་སྦེ་སྡོད་ནུག་ ཁོ་ཡོང་ སློབ་དཔོན་ དུར་སྨིན་ཟེར་ འ་ནཱི་སྤུན་གསུམ་ཤ་བདའ་སྟེ་འོངམ་ད་ ནཱ་བདའ་ཟུན་ཏེ་ དེ་ལས་ སྨན་མོ་འདི་ཆགས་ནི་ མར་དཔོན་གྱི་གཟུམ་ཅུང་གི་འོག་ལུ་ མར་གཟི་ཝང་ཁ་ཡོད་མེན་ན་ འ་ནཱ་ལུ་བཞུགས་ནུག
  • མགོན་པོ་དབང་འདུས་ Goembo Wangdi
    འ་མར་ལུ་ཆགས་ཏེ་བཞུགསཔ་ད་ མཚོ་ངོ་མ་མར་ལུ་ཆགས་ སྨན་མོ་མོ་ར་ཨ་ལོ་གཅིག་རྒྱབ་ཁར་འབག་ གཅིག་གདོང་ཁར་འཁྱིད་འབད་ གནསཔོ་བརྙ་བར་ ཆོས་ཉིད་བཟང་མོ་གི་ཁྱིམ་ནང་ བྱོན་བྱོན་ཨིན་ལོ་ལགས་ ཡར་ཀྲོང་སྨད་ལུ།
  • མགོན་པོ་དབང་འདུས་ Goembo Wangdi
    འ་ནཱི་གི་སྦེ་ད་ལྟོ་ ཀྲོང་སྨད་ཀྱི་ཆོས་ཉིད་བཟང་མོ་ མར་དམངས་ཀྱི་ལྷ་སྦྲང་ནང་ མོ་གིས་ལཱ་འབད་དགོ་པའི་ཁུངས་ འ་ནཱི་ཨིན་ལགས་ དེ་ལས་ གནསཔོ་བརྙ་བར་ཁོང་འབད་སར་བྱོནམ་ད་ དེ་ལས་ མི་ལེ་ཤ་ཅིག་སྡོད་སྡོདཔ་མས་སྡོད་ནི་འདི་ དེ་ལས་ ཉིན་མ་ཁོང་ལཱ་སར་འགྱོ་ ཁྱིམ་ནང་ཨང་རྒས་གཅིག་སྡོད་སྡོདཔ་ཨིན་ལོ་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    ཨང་རྒས་གཅིག་སྡོདཔ་ད་ དེ་བསྒང་སྨན་མོ་མི་སྦེ་བྱོན་ཏེ་ དེ་ལས་ ཨང་རྒས་ལུ་གནསཔོ་བརྙ་ནུག་ལགས་ གནསཔོ་བརྙཝ་ད་ཏེ་ ཨང་རྒས་ཟེར་ ང་གནསཔོ་ཅིག་བརྙ་ནི་འབད་ཨིན་ཟེར་ གནསཔོ་ཤོང་ག་མི་ཤོང་ཟེརཝ་ད་ གནསཔོ་མི་ཤོང་ ད་ལྟོ་འབདཝ་ད་ ང་ར་རྐྱངམ་ཅིག་ཨིན་ ངེའི་མི་ཚུ་ག་ར་ལཱ་སར་འགྱོ་ཡི་ ཕྱི་རུ་ལཱ་སར་འགྱོ་མི་ཚུ་ལྷོད་དནི་མི་ཤོང་ གནམ་མེད་ས་མེད་མི་ཡོདཔ་ཨིན་མི་ཤོང་ཟེརཝ་ད།
  • མགོན་པོ་དབང་འདུས་ Goembo Wangdi
    སྐུ་ཆེན་གསུང་ཆེན་ཨིན་ཨང་རྒས་ཟེར་ ད་ ང་ར་འདི་ག་དེ་སྦེ་ཨིན་ཟེར་རུང་ ཨ་ལོ་གཉིས་ཏེ་ ཤིང་དང་རྡོའི་རྩ་བར་སྡོད་གེ་ཟེརན་ ཏེ་ གནམ་ཁར་ལས་ ཆརཔ་ཅིག་རྐྱབ་འབདཝ་ད་ ཏེ་ གནམ་མེད་ས་མེད་དམྱལ་བ་བྱང་ནི་མས་ དེ་འབད་ནི་དེ་གིས་ ཨང་རྒས་འབད་སར་ གནསཔོ་ཅིག་བརྙ་བར་འོང་འོངམ་ཨིན་ཟེརཝ་ད།
  • མགོན་པོ་དབང་འདུས་ Goembo Wangdi
    ཡ་དེ་འབད་བ་ཅིན་ ཤོལ་དོ་སྡོད་ཟེར་ཞུ་ནུག་ལགས་ ཨང་རྒས་ཀྱི།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ཤོལ་དོ་ཟེར?
  • མགོན་པོ་དབང་འདུས་ Goembo Wangdi
    འོང་ཤོལ་དོ་ཟེརཝ་ད་ ང་བཅས་ར་སྒོ་བར་ནང་ཡོད་མེད་ན་ལགས་ འ་ནཱི་ནང་སྡོད་ཟེར་ ཞུ་ཞུཝ་མས་ ཏེ་ མཚོ་སྨན་རྒྱལ་མོ་ཨིནམ་མ་ཤེས་པས་ ག་གིས་ཤེས་ནི་ང་བཅས་ཀྱིས་ཡང་མི་ཤེས་ དེ་ལས་ ཨང་རྒས་ཀྱིས་དེ་སྦེ་ཞུཝ་ད་ དེ་ལས་ ད་རུང་འདི་ནང་ཨ་ཙི་ཅིག་ སྐུ་ངལ་གནང་སྟེ་བཞུགས་འབད།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ད་རུང་རང་ རྩ་རང་འགེངས་ཏེ་ སླབ་མ་ཚུགས་མ་ཚུགས་རང་ ཨང་རྒས་ཟེར་ ཏེ་ ང་ལུ་གནསཔོ་བརྙ་བཅུག་སྟེ་ གནམ་མེད་ས་མེད་བཀའ་དྲིན་ཆེ་ཡི་ ཨིན་རུང་རང་ ཨང་རྒས་ཐུགས་ཚེར་ནི་མས་ ང་གིས་གནོདཔ་ག་ནི་ཡང་མི་བཀལ་ ང་ར་ག་དེ་སྦེ་ཨིན་རུང་ ངེའི་ཨ་ལོ་གཉིས་ གནམ་མེད་ས་མེད་རིགས་གཙང་ཏོག་ཏོ་ཨིན་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    རིགས་ལེགས་ཤོམ་ཅིག་ཨིན་ དེ་གིས་སྦེ་ ངེའི་ཨ་ལོ་གཉིས་ལུ་ ཏེ་ ཁྱོད་ཀྱི་མི་ཚུ་ ལཱ་སར་ལས་ལྷོདཔ་ད་ སྒྲིབ་ཅིག་ཞུགས་ནི་མས་ཟེར་ཨིན་ ང་གིས་གནོདཔ་ཡང་ ག་ནི་ཡང་མི་བཀལ་ ཨང་རྒས་ཀྱི་ཁ་ཐུག་ལས་ཟ་ནི་འཐུང་ནི་ཚུ་ ག་ནི་ཡང་མི་དགོ་ཟེར་ ང་བཅས་སྡོད་བཅུག་མི་གིས་རང་ དགའ་ཚོར་ཆེ་བས་ཟེར་ མཆོད་བཤམ་ནང་ན་ཅིག་བྱིན་གནང་ཟེརཝ་ད།
  • མགོན་པོ་དབང་འདུས་ Goembo Wangdi
    ཏེ་ ཤོལ་དོ་སྡོད་ཟེར་ བྱིན་ཏེ་ཡང་མ་བཏུབ་པར་ ད་རུང་མཆོད་བཤམ་ནང་ན་བྱིན་ཟེར་ཨིན་པས་ ད་རེས་ཀྱི་མགྱོནམ་ག་ཅི་བཟུམ་ཅིག་ཨིན་ན་ཟེར་ ཨང་རྒས་ཀྱིས་ ཁ་ལས་ཐོན་ཏེ་རང་དེ་སྦེ་སླབ་ནུག་ ཏེ་ང་གིས་ གནོདཔ་ཡང་མི་བཀལ་ཟེར་ ག་ནི་ཡང་མི་འབད་ཨང་རྒས་ཟེར་ ཁྱོད་ཀྱི་མཆོད་བཤམ་ནང་ན་ཅིག་བྱིན་གནང་ ངེའི་ཨ་ལོ་གཉིས་འ་ནཱི་བཟུམ་ཅིག་ཨིན་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    འབདཝ་ད་ དེ་ལས་ བྱིན་ནུག་ཏེ་ ཨང་རྒས་ཀྱི་ད་རུང་ མཆོད་བཤམ་ནང་ན་རང་བྱིན་ནུག་ དེ་ལས་ མཆོད་བཤམ་ནང་ན་འཛུལ་ཚར་ཞིནམ་ལས་ དེ་ལས་ སྨན་མོ་གིས་ ཨང་རྒས་ལུ་ག་ཅི་གསུངས་ཡི་ཟེར་བ་ཅིན་ ཨང་རྒས་ཟེར་ ང་ལུ་ ད་ མཆོད་བཤམ་ནང་ན་བྱིན་བྱིནམ་གྱིས་རང་ གནམ་མེད་ས་མེད་བཀའ་དྲིན་ཆེ་ཡི་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    ད་ ཨང་རྒས་ཀྱིས་ སྒོ་བསྡམ་ཞིན་ན་ ལྡེ་མིག་རྐྱབ་བཞག་ད་ཟེར་ ང་བཅས་མ་སྨད་ཚུ་ནཱ་ཡོད་ཟེར་ ཁྱོད་ཀྱི་ལཱ་འབད་མི་ཚུ་ལྷོད་རུང་ མི་ག་ཅི་བཟུམ་ཅིག་འོང་རུང་ ཨང་རྒས་ཀྱིས་ གསུང་རང་མ་གསུང་ཟེར་ ག་ལུ་ཡང་མ་སླབ་ཟེར་ དེ་ལས་ ཨང་རྒས་ལུ་ འ་ནཱི་སྦེ་སླབ་ནུག་ལགས་སྨན་མོ་གིས་ དེ་ལས་ ཨང་རྒས་སེམས་ཐེ་ཚོམ་ཆགས་ནུག་ཏེ།
  • མགོན་པོ་དབང་འདུས་ Goembo Wangdi
    དབའི་ད་རེས་མིག་གིས་བལྟ་མ་བཏུབ་པའི་མགྱོནམ་ག་ཅི་བཟུམ་ཅིག་ཨིན་ན་ཟེར་ ཨང་རྒས་ཀྱིས་ཡང་ མཚོ་སྨན་རྒྱལ་མོ་གིས་ གསུང་གསུངས་ས་རང་ དེ་ལས་ སྒོ་ལྡེ་མིག་རྐྱབ་སྟེ་བཞག་ནུག་ལགས་ སྒོ་ལྡེ་མིག་རྐྱབ་བཞག་སྟེ་ དེ་ལས་ ཨང་རྒས་ཀྱིས་ སླབ་ཡང་མ་སླབ་པས་ ད་རེས་ང་བཅས་ཀྱི་ཁྱིམ་ནང་ མགྱོནམ་འ་ནཱི་བཟུམ་ཅིག་ཡོད་ཟེར་ རྩ་ལས་རང་མ་སླབ་པས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཨང་རྒས་མོ་ར་ཏེ་ མགྱོནམ་གྱི་སྐོར་ལས་ ག་ལུ་ཡང་མ་སླབ་པར་ དེ་ལས་ མོ་རའི་ལཱ་འབད་མི་ཚུ་ ད་རུང་ཁ་ཙ་བཟུམ་སྦེ་རང་ ཚ་ངེར་བཏོན་ཏེ་ ལྟོ་འདི་ཚུ་བཟོ་ཞིནམ་ལས་ ལྟོ་བྱིན་ཏེ་ ལཱ་སར་བཏང་ནུག་ལགས་ དེ་ལས་ ཨང་རྒས་མོ་ར་དུམ་གྲ་ཅིག་ སེམས་མ་སྐྱིད་པས་ ཏེ་ ཁྱོད་རའི་ཡང་ མིག་གིས་མ་བལྟ་ཟེརཝ་ད་ ཨང་རྒས་སེམས་མ་སྐྱིད་པར་ དོང་ཆུང་ཀུ་ཅིག་གི་ནང་ལས་ མིག་ཏོ་ཡ་གཅིག་གིས་ འ་ནཱི་སྦེ་བལྟ་བལྟཝ་ཨིན་ལོ་ལགས་ དེ་བསྒང་མོ་གི་མགྱོནམ་འདི་ཏེ།
  • མགོན་པོ་དབང་འདུས་ Goembo Wangdi
    མཆོད་བཤམ་གང་ ཡར་ཆད་འདི་མི་འབད་རང་ ཉལ་ནུག་ཟེར་ཨིན་པས་ལགས་སྡོད་སར་ དེ་ལས་ མན་ཆད་འདི་ མགུ་ཏོ་ག་ཨིན་གུ་ཨིན་མེད་པར་ སྦྲུལ་ཐོད་དཀྱི་སྟེ་ མཆོད་བཤམ་ནང་ན་ ག་ར་སྦྲུལ་གྱིས་གང་ནུག་ཟེར་ཨིན་པས་ལགས་ དེ་ལས་ ཡར་ཧང་གུ་ལུ་འདི་ ཉལ་ནི་འདི་ མི་བཟུམ་སྦེ་རང་ ཉལ་ནུག་ཟེར་ཨིན་པས་ལགས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ མཇུག་ལས་མར་སྦྲུལ་གི་ མཇུག་མ་རྐྱངམ་ཅིག་མཐོང་མས་ཟེར་ཨིན་པས་ལགས་ མགུ་ཏོ་མེད་པར་སྦྲུལ་སྦོམ་ཤོས་གནམ་མེད་ས་མེད་འབད་ དེ་ལས་ ཨང་རྒས་གནམ་མེད་ས་མེད་སེམས་རྣམ་རྟོག་ཟ་ཏེ་ དེ་འབད་རུང་ ཨང་རྒས་ཀྱིས་ མ་སླབ་པས་ཏེ་ ང་བཅས་རའི་མཆོད་བཤམ་ནང་ན་ ད་རེས་འ་ནཱི་བཟུམ་ཅིག་འདུག་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    མ་པ་ལས་ ཁ་ལས་རང་མ་ཐོན་པས་ ཨང་རྒས་ཀྱིས་ ཁ་ཙ་འོང་བའི་དུས་ཚོད་ལུ་ ཁོང་མི་སྦེ་འོང་འོངམ་འབད་ནི་དེ་གིས་ ཨང་རྒས་མོ་རའི་སེམས་ཁ་ལས་མནོ་ནུག་ཏེ་ད་རུང་ དབའི་ཟེར་ ད་ ད་རེས་ཀྱི་མགྱོནམ་མ་འདྲཝ་ཅིག་ཨིན་པས་ ཡངན་ལྷ་ཅིག་ཨིན་ན་ ཡངན་ཀླུ་ཅིག་ཨིན་ནམ་ ད་རུང་ མཚོ་སྨན་རྒྱལ་མོ་ཅིག་ཨིནམ་འདྲས་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    སེམས་ལུ་མནོ་སྟེ་ དེ་ལས་ དྲོ་པའི་ཆུ་ཚོད་ ༧ དེ་ཅིག་ཡར་སོངཔ་ཨིན་པས་ལགས་ ད་ལྟོ་འབད་བ་ཅིན་ དེ་ལས་ དེ་བསྒང་ཨང་རྒས་ཟེར་ སྒོ་ཕྱེ་གནང་ད་ཟེར་ སླབ་མས་ཟེར་ཨིན་པས་ལགས་ དེ་བསྒང་ཨང་རྒས་ཀྱིས་ སྒོ་ཕྱེ་བྱིནམ་ད་ ཁ་ཙ་བྱོན་དོ་བཟུམ་སྦེ་ར་ ཨ་ལོ་གཅིག་རྒྱབ་ཁར་འབག་ གཅིག་གདོང་ཁར་འཁྱིད་འབད་ཐོན་བྱོན་མས་ཟེར་ཨིན་པས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཐོན་བྱོནམ་ད་ ཡ་ཨང་རྒས་ ད་ ང་གིས་ཁྱོད་ག་ནི་ཡང་ བཞག་ནི་མེད་ཟེར་ དེ་འབད་རུང་ ཨང་རྒས་ཁྱོད་ར་མིག་ཏོ་མ་ལྟ་ཟེར་བ་ཅིན་ ཁྱོད་རའི་མིག་ཏོ་ཨ་ཙི་ཅིག་བལྟ་ཡི་ བལྟ་མི་ལུ་བརྟེན་ཏེ་ དུམ་གྲ་ཅིག་སྐྱོན་ཕོག་ཅི་ཟེར།
  • མགོན་པོ་དབང་འདུས་ Goembo Wangdi
    ཨིན་རུང་ང་བཅས་མ་སྨད་ཚུ་ རྒྱབ་ཐལ་ཞིནམ་ལས་ ང་བཅས་སྡོད་སར་ལྟ་ད་ཟེར་ གསུངས་བཞག་ནུག་ལགས་ དེ་ལས་ཁོང་ཐོན་ཏེ་བྱོན་སོང་ནུག་ དེ་ལས་ མཚོ་སྨན་སྐུ་རྒྱབ་ཐལ་ཞིནམ་ལས་ ཨང་རྒས་ཀྱིས་ ལྟཝ་ད་ དེ་ལས་ གསེར་གྱི་སིན་ཅུ་ཡ་གཅིག་ དེ་ལས་ དང་ཕུ་འབད་བ་ཅིན་ ཀོ་མ་ཐིང་ཁབ་ཡོད་མེན་ན་ལགས་ ཨམ་སྲུ་ཚུ་གིས་བཏབ་མི་ འ་ནཱི་ཡ་གཅིག
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ ཁ་གདོབ་ཡ་གཅིག་འབད་མི་ཅིག་ བཞག་ནུག་ཟེར་ཨིན་པས་ ཡ་རེ་ཡ་རེ་འ་ནཱི་ཨང་རྒས་མོ་ར་མ་ལྟ་བ་ཅིན་ རོགས་ཆ་འབད་དེ་ དངོས་གྲུབ་མ་བཏུབ་བཏུབ་འབད་གནང་བཞག་ནི་ཨིན་པས་ལགས་ ཏེ་ མོ་རའི་མིག་གིས་ལྟ་ལྟཝ་འབད་ནི་དེ་གིས་ ཡ་རེ་ཡ་རེ་བཞག་མི་འདི་ཨིན་ཟེར་ སླབ་ཨིན་པས།
  • མགོན་པོ་དབང་འདུས་ Goembo Wangdi
    དེ་ལས་ མཚོ་སྨན་རྒྱལ་མོ་ཐོན་བྱོན་འབད་དེ་ མར་མཚོ་འ་ཕར་ཆགས་ཏེ་ དང་ཕུའི་མི་འདི་ཚུ་གིས་ ཏེ་ གཡུས་ཀྱི་སྦུག་ན་ དང་ཕུ་མེད་པའི་མཚོ་ཆགས་མི་འདི་ བདུད་མ་གཏོགས་ལེགས་ཤོམ་མི་འོང་ཟེར་ དེ་ལས་ མར་གྱི་མཚོ་བདའ་ནིའི་ཕྱིར་དུ་ཏེ་ མི་ཤི་མི་་་་་ To be continued in the part 2་་་་་་་་་