Skip to main content Skip to search
28 Aug 2018
4 min
Rating
0
No votes yet
Video Overview
Creators: 
Sonam Chophel, Dawa Tshering

༉  བླམ་ཞབས་དྲུང་རིན་པོ་ཆེ་མཆོག་ བོད་ལས་མར་ཆིབས་ཁ་ལྷོ་ལུ་གྱུར་ཏེ་ འབྲུག་ལ་ཡག་གི་ས་གནས་སྐྱོང་ར་ལུ་ དགུང་ཞག་གསུམ་བཞུགསཔ་ད་  གཙང་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱིས་ ཞབས་དྲུང་སྐྱོང་ར་ལུ་བཞུགསཔ་ཧ་གོ་སྟེ་ ཁོ་གི་དམག་མི་ཚུ་ སྐྱོང་ར་ལུ་ཞབས་དྲུང་བཀྲོང་པར་བཏང་པའི་སྐབས་ ཞབས་དྲུང་གིས་མིག་འཕྲུལ་གྱི་འབད་ ཤིང་འདི་ཚུ་ འབྲུག་གི་དམག་མི་ལུ་སྤྲུལ་པའི་སྐབས་ བོད་ཀྱི་དམག་མི་ཚུ་གི་མནོ་བསམ་ལུ་ འབྲུག་གི་དམག་མི་ལེ་ཤ་ལོང་སྡོད་ནུག་ཟེར་ འབད་མ་ཚུགས་པར་ ལོག་སྟེ་ཁོང་རའི་རྒྱལ་ཁབ་ནང་ཡར་སོང་ནུག ཏེ་ད་རེས་ནངས་པར་ ཤིང་འདི་ཚུ་བྱིན་ཅན་སྦེ་བརྩི་དོ་ཡོདཔ་ད་ མི་ཚུ་གིས་ ས་གནས་དེ་ཁ་ལས་ཤིང་བཏོག་ས་མཐོང་པ་ཅིན་ ཁོང་ལུ་ཉེས་ཆད་བཀལ་དོ་ཡོདཔ་ད་ ད་རེས་ནངས་པར་ མི་ཚུ་གིས་ ཤིང་ཚུ་མཇལ་བར་འགྱོ་དོ་ཡོདཔ་ད་ ནགས་ཚལ་འདི་ གནས་ཀྱི་ས་ཁོངས་དང་ དང་ཕུ་གི་མཛད་ཤུལ་ ཡིད་ཆེས་བསྐྱེད་སའི་མཛོད་བཟུམ་ཅིག་སྦེ་མནོ་བསམ་བཏང་དོ་ཡོདཔ་ཨིན། གནས་ཀྱི་སྐོར་ལས་ ལོ་རྒྱུས་བཤད་དགོ་མི་འདི་ ཞབས་དྲུང་རིན་པོ་ཆེ་མཆོག་གིས་བྱིན་གྱིས་བརླབས་གནང་མི་ གནས་ཀྱི་ས་ཁོངས་ཧ་གོ་ནི་དང་གོ་བརྡ་སྤེལ་ཚུགས་ནིའི་དོན་ལུ་དང་ ས་གནས་དེ་ཁར་ གནས་དང་སྲུང་མ་ཚུའི་གནས་ཁང་ལེ་ཤ་ཅིག་ཡོདཔ་ལས་ ཤིང་བཏོག་པ་ཅིན་ རང་རང་སོ་སོ་ལུ་ཉེན་ཁ་དང་ གཡུས་ཁ་ལུ་ཡང་བྱ་སྟབས་མ་བདེཝ་ལེ་ཤ་ཐོན་པའི་ལོ་རྒྱུས་ཡོདཔ་ལས་ རྣམ་རྟོག་དེ་ཚུ་ལས་བརྟེན་ ང་བཅས་རའི་རང་བཞིན་གནས་སྟངས་ཉམས་སྲུང་འབད་ནི་ལུ་ཕན་ཐོགས་སྦོམ་འདུག

Show More

  • བསྟན་འཛིན། Tenzin ཞབས་དྲུང་ཡར་ལས་མར་བྱོན་ཏེ་གིས་སྦེ་ ང་བཅས་ར་ནཱ་ དགུང་ཞག་གཅིག་བཞུགས་ཏེ་གིས་འབདཝ་འད་ ཞབས་དྲུང་གིས་བོད་ལུང་པ་ཚུར་ཕེབས་པའི་ཤུལ་ལས་ར་དམག་རྐྱབ་པ་འཐོན་འོང་ནུག་ཟེར་ཞུ་ནི་ལགས།
    After Zhabdrung came from the Tibet and stay in Laya, the Tibetan knew and they send it army
  • བསྟན་འཛིན། Tenzin་ ཞབས་དྲུང་གིས་ ཁ་སར་པ་ཎི་བསྣམས་བྱོན་ཏེ་གིས་སྦེ་ ང་བཅས་ཀྱི་འབྲུག་གི་བསྟན་པ་ ཆོས་ཀྱི་ཆོས་ཁྲིམས་འདི་ ཁོ་ར་གིས་བསྣམས་བྱོན་ནི་འབད་ནི་གིས། དེ་ཡང་བོད་ལུང་པ་གི་མི་ཚུ་གིས་མཁྱེན་ དེ་ལས་ག་ར་དམག་འཁྲུག་ལངས་འོང་སྟེ་གིས་སྦེ་ ང་བཅས་ལ་ཡག་ཟེར་མི་ནང་ལུ་འདུག་ཟེར་ ཤེས་ཏེ་གིས་སྦེ་ མར་ལས་ཡར་འབད་ དམག་རྐྱབ་སྟེ་གིས་སྦེ་ མར་ལས་ཡར་འབད་ཐོན་འདུག་ཟེར་ཞུ་ནི་ལགས།
  • བསྟན་འཛིན། Tenzin ནཱ་ལས་འབདཝ་ད་ ཞབས་དྲུང་རིན་པོ་ཆེ་གིས་ཐུགས་སྨོན་གནང་སྦེ་ཞིན་ན་ལས་ ང་བཅས་ར་གི་གཡུས་སྒོ་ལུ་ རི་སྲུང་ཟེར་མི་གཅིག་ཡོད། རི་སྲུང་ཟེར་མི་འདི་གི་ནང་ལུ་ ཤིང་བརྒྱ་དང་བརྒྱད་འདུག ང་བཅས་ར་གི་ནཱ་ཤིང་ དེ་ལས་ཤིང་གི་ཚབ་མ་ ང་བཅས་ར་[ལྟོ་རླུང་?]ཟེར་མི་ཅིག་འཕང་ནི་ཡོད་ འདི་ཚབ་མ་འདི་ལུ་ མི་ག་ར་མི་གི་ཚབ་འདི་ རྡོ་ཕུ་ འདི་ག་ར་དམག་མི་སྦེ་ སྲུང་སྐྱོབ་འབད།
  • བསྟན་འཛིན། Tenzin དེ་ལས་བཙན་ བདུད་ ལྷ་དེ་ཚུ་གིས་ཡང་ ག་ར་ཤིང་ལུ་སྤྲུལ་ཏེ་གིས་སྦེ་ མི་བཟུམ་ཐོན་ཏེ་གིས་སྦེ་ ང་བཅས་ནཱ་ལས་བགེགས་བསྐྲོད་རྐྱབ་ ནཱ་ལས་ཡར་རྩ་དང་སྤུ་ལས་ར་བཏང་མ་བཏུབ་པར་ ང་བཅས་ར་གི་རོགས་ཞབས་དྲུང་འདི་ཕར་ལས་ཚུར་ ནཱ་ལུ་གླུད་སྐྱེལ་བཏང་བཏངམ་འབད་ནི་འདི་གིས་ ཁོང་ར་ཨེབ་སྟེ་གིས་བཞགས་མི་འདི་གིས་ ལ་གོང་གསུམ་ལུ་འ་ནཱི་སྦེ་བཞག་མི་གི་རྒྱུ་མཚན་འདི་ ཐོབ་དགོ་འདི་ འ་ནཱི་ལས་བརྟེན་ཏེ་ཨིན་མས།
  • བསྟན་འཛིན། Tenzin འདི་ནང་ད་རུང་མི་མིན་འདུག མི་མེདཔ་ལས་བརྟེན་ཏེ་གིས་ མ་རྡོ་ཕུ་དང་རྡོ་དེ་ཚུ་ག་ར་མི་ལུ་སྤྲུལ་བཞག་སྟེ་གིས་སྦེ་ ད་ལྟོ་ནངས་པ་ཡང་ ང་བཅས་ར་མར་ ལོ་ཆོག་འདི་གི་ཕར་ གཏོར་ཟློག་འཕངས་ ག་ར་འབད་དགོཔ་འདི་ འདིའི་རྒྱུ་མཚན་འདི་ཨིན།
  • བསྟན་འཛིན། Tenzin དེ་ལས་ཞབས་དྲུང་ད་རུང་ར་ རོགས་ཞབས་དྲུང་ར་ཐུགས་སྨོན་ལྷོ་ལུ་བྱོན་ཏེ་གིས་སྦེ་ རོགས་མགར་ས་ལུ་བྱོན་ མགར་ས་ལུ་བྱོན་པའི་དུས་ཚོད་ལུ་ཡང་ ཁོ་ར་ལུ་དམག་རྐྱབ་པར་ཤུལ་ལས་ར་འཐོན་འོང་ནུག འཐོན་འོང་པའི་སྐབས་སུ་ལུ་ རྫོང་གི་ནང་ན་ལུ་བཞུགས་ཏོ་གིས་སྦེ་ རྫོང་འདི་གི་ནང་ན་ལུ་ ང་བཅས་ར་གི་གཡག་གི་རྭཝ་དེ་ཚུ་ འ་ནཱི་བཟུམ་བཞེས་ཏེ་གིས་ཡང་བཞུགས་ནུག
  • བསྟན་འཛིན། Tenzin དེ་ལས་ང་བཅས་ར་མགར་ས་རྫོང་འདི་ རྫོང་འདི་ཆུང་སུ་ཙམ་ཅིག་འབད་ཞིནམ་ལས་ ང་བཅས་ར་གི་གནས་སྐབས་དུམ་གྲ་ཅིག་ཡོདཔ་ཙམ་ཅིག་གིས་ རྒྱལ་ཁ་རོགས་ལུ་མ་ཤོར་བར་ མི་ལྔ་བཅུ་དྲུག་ཅུ་ཅིག་ལས་བརྒལ་མིན་ནུག
  • བསྟན་འཛིན། Tenzin དེ་སྦེ་འབདཝ་ད་ལུ་ ཆུ་ཨོག་སུ་འདི་ཡང་ ང་བཅས་ར་སྒོ་མོ་གི་ལྷ་ཚོགས་ཟེར་ དེ་ལསན་ང་བཅས་ར་ལྟོ་ཟ་སུ་འདི་ཡང་ ཡར་ལས་ལྟོ་མེད་རུང་ཡོདཔ་བཟུམ་སྦེ་ དེ་ལས་ང་བཅས་ར་ནཱ་ལས་མར་ཐོན་ཏེ་ ཕར་ལས་ཐོན་མི་འདི་ཡང་ མི་ལྔ་བཅུ་ལས་བརྒལ་མེད་རུང་ ཉིནམ་གཅིག་ལུ་མི་ལྔ་བཅུ་རེ་བསྐོར་ར་རྐྱབ་སྟེ་མཛུལ་བའི་བསྒང་ལས་མི་སྟོང་ལས་ལྷག
  • བསྟན་འཛིན། Tenzin བརྒྱ་དང་སྟོང་ བརྒྱ་དང་སྟོང་ཁྲི་ འ་ནཱི་བཟུམ་སྦེ་མཐོང་སྟེ་ ཁོང་སྡོད་ས་ཡ་ཕུག་ལ་ཁ་ཟེར་མི་ནང་ལུ་ ཁོང་ཡ་ལས་མར་ ལྟག་ལས་མར་དམག་རྐྱབ་སྟེ་གིས་སྦེ་ ཡཡ་ལས་མེ་མདའ་ག་དེ་སྦེ་རྐྱབ་སྟེ་འབད་རུང་ར་ ནཱ་ལུ་གནོད་བཀལ་མ་ཚུགས་ དེ་ལས་ཁོང་སྡོད་ས་ག་ར་ལུ་གསལ་ཤིང་བཀལལ་ ཁོང་འ་ནཱི་སྦེ་བྲོཝ་འབལ་ད་ནུག་ཟེར་ཞུ་ནི་ཨིན།
  • བསྟན་འཛིན། Tenzin འ་ནཱི་སྦེ་འགྱོ་སྟེ་གིས་ཡང་ ཏེ་ཞབས་དྲུང་གདན་ས་འདི་རོགས་སྤུ་ན་ཁ་ལུ་བྱོན་ སྤུ་ན་ཁ་ལུ་བྱོན་ཏེ་གིས་སྦེ་ དེ་ལསན་ཏེ་ ད་ག་དེ་སྦེ་ར་འབད་རུང་ ཁྱོད་ར་ང་བདའ་ཟུན་ར་ཟུན་ནི་ཨིན་ན་ བདའ་ཟུན་ར་ཟུན་ཟེར་བ་ཅིན་བཏུབ་ ང་བོད་ལུང་པ་ལས་འབག་འོང་རུང་མ་འོང་རུང་ ཁར་ས་པ་ཎི་གཅིག་ལས་བརྒལ་མེད་ ཟེར་ཏེ་གིས་སྦེ་ དེ་ལསན་ཏེ་ཁོ་ར་གྲྭ་ཚང་ག་ར་ཐུགས་སྨོན་གནང་།
  • བསྟན་འཛིན། Tenzin འདི་འབད་བའི་འཕྲོ་ལས་ ཆུ་བཀལ་གཏངམ་ཨིན་ཟེར་ཏེ་གིས་སྦེ་ ཞབས་དྲུང་གིས་མར་ལས་མར་བཀལ་བཏང་ནུག བཀལ་བཏང་མི་དེ་ཡང་ མ་པ་ཁར་ས་པ་ཎི་བཏོན་འདི་ ང་བཅས་ར་གི་ནཱ་ ད་ལྟོ་འབྲུག་ལུང་པ་ཆོས་ལུ་མཁས་ནི་དེ་གིས་སྦེ་གོ་ གོ་ལུ་ལག་རྒྱན་བཀལ་དགོ ལག་རྒྱན་ནང་ལུ་ག་ཅི་ཡོད་ག་མི་ཤེས་ཟེར་མི་འདི་ རྒྱུ་མཚན་འ་ནཱི་ཨིན། ང་བཅས་གོང་སློག་ ལག་རྒྱན་བཀལ་འབད་དགོ་པའི་རྒྱུ་མཚན་འདི་ འ་ནཱི་ཨིན་མས།
  • བསྟན་འཛིན། Tenzin ཏེ་འ་ནཱི་ལུ་བརྟེན་ཏེ་གིས་སྦེ་ དོ་རུང་འ་ནཱི་ལུ་འདི་འབད་དེ་གིས་སྦེ་ ང་བཅས་ར་གི་ ཏེ་རྒྱལ་དར་འཕྱར་ འ་ནཱི་བཟུམ་སྦེ་འདི་གུ་གསེར་ཏོག་བཀལ་འབད་མི་འདི་ འ་ནཱི་བོདཔ་དེ་ཚུ་ འ་ནཱི་སྦེ་མཇུག་བསྡུ་ ཡར་སྐྱེལ་ཏེ་གིས་སྦེ་ ག་ར་བསད་ཚར་འབད་དེ་གིས་སྦེ་ རྒྱས་ཤིང་རྒྱསཔ་སྦེ་ རྫོགས་རྫོགས་པའི་ལག་ལེན་ཅིག་ཨིན་མས་ ཟེར་ཞུ་ནི་ཨིན་ལགས།། །།