Skip to main content Skip to search
16 Feb 2017
1 min 17 sec
Video Overview
Creators: 
Dawa Tshering

མི་སྡེ་ཕན་རླབས་ཀྱི་དོན་ལུ་ གཡུས་སྒོ་ཆ་མཉམ་ནང་ རང་སོའི་གསོལ་བཏབ་སའི་ སྲུང་མ་དང་ གཡུས་ལྷ་ཚུ་ཡོདཔ་ཨིན། འཇིག་རྟེན་གྱི་ལྷ་ལུ་གསོལཝ་བཏབ་མི་གིས་ བདེ་བ་མཆོག་ཏུ་འགྱུར་པ་སྦེ་ བྱིན་ནི་ལུ་ ཕན་ཐོགས་མ་ཚུགསཔ་ཨིན་རུང་ ཁོང་ལུ་གསོལཝ་བཏབ་མི་གིས་ ཚེ་འདིའི་འགལ་རྐྱེན་ཚུ་བཟློག་སྟེ་ ཚེ་འདིའི་བདེ་བ་བྱིན་ཚུགསཔ་ཨིན་པས། འདི་བཟུམ་སྦེ་ རི་ཏི་གཡུས་ཚན་ནང་ཡང་ ལྷ་ཚངས་པ་ལ་སོགས་པའི་ ལོ་བསྟར་གསོལ་དགོཔ་གི་ ལྷ་ཚུ་ཡོདཔ་ཨིནམ་ད་ སེངྒེ་གིས་འབད་བ་ཅིན་ འདི་བཟུམ་གྱི་ ལམ་སྲོལ་འདི་ ཁོང་གི་ ཕ་མེས་ཀྱི་སྐབས་ལས་ར་འདུག་ཟེར་མས། 

Transcript search
No results found for this search
0 of 0
  • སེང་གེ།
    ཏེ་ང་བཅས་ནཱ་ རི་ཏི་གི་གཡུས་ལྷ་ སྐྱེ་ལྷ་གཡུས་ལྷ་ སྣ་ཚོགས་ཡོད་པའི་ནང་ལས།
  • སེང་གེ།
    འགོ་དང་པ་རང་ དུར་ཤིང་ཁ། དེ་ལུ་ཕུལ། དེ་ལས་ གཡུས་ལྷ་ ང་བཅས་ཀྱི་གཡུས་ལྷ་ ཚངས་ལྷ་པ།
  • སེང་གེ།
    དང་ཕུ་སྐྱེས་པའི་ཕ་དང་མ་གིས་བསྟེན་པའི་ལྷ། ཚང་ལྷ་ ཚངས་ལྷ་པ་སྐྱེ་སའི་ལྷ།
  • སེང་གེ།
    དེ་ལས་ མར་འོད་འཕྲོ་གི་གཡུས་ལྷ་དང་ སྨིན་དྲུག་པ་ཡན་ཆད།
  • སེང་གེ།
    ང་བཅས་མོན་གྱི་ལྷ་ གཡུས་ལྷ་འ་ནཱི་ཚུ་ལུ་བསྟེན་མི་ལུ་ ལྷ་མཆོད་དགོ།
  • སེང་གེ།
    དང་ཕུ་ཕ་མའི་སྐབས་ལས་རང་ གསོལ་ནུག། །།