Video Overview
The Bonkor festival is said to have been introduced by Zhabdrung when he first host in Laya and that celebrates the onset of spring bringing fertility to crops and livestock. Most villages in the country have local customs and rituals that have been practiced over many generations. The Bonkor celebration is mainly dedicated to Zhabdrung Ngawang Namgyal, and held every three years. The Bonkor festival is organized and sponsored by entirely Laya community. On the 8th day of the fourth month in Bhutanese calendar, people starts to walk from Pazhi village and gathers at Laya Tashichoeling lhakhang. The Bonko is definitely an occasion for festivity; the people of Laya believe that the purpose is to ensure the wellbeing of their crops and livestock, timely rainfall, healthy crops and cattle, and bumper harvests. The celebration is to deal with curses, calamities and malignant spirits. It foretells abundance of rainfall, less epidemic and a good harvest for the following year.
ང་བཅས་རའི་ འབྲུག་རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེདཔ་ན་ རང་སོའི་གཡུས་སྒོ་དང་མཐུན་པའི་ ནང་འཁོད་ཀྱི་ལམ་སྲོལ་དང་ ཆོ་ག་ལེ་ཤ་ཅིག་ཡོད་དོ་བཟུམ་སྦེ་ ལ་ཡག་གི་ བོང་ཀོའི་དུས་སྟོན་འདི་ སྔོན་ཞབས་དྲུང་རིན་པོ་ཆེ་མཆོག་ཆིབས་ཁ་ལྷོ་ལུ་གྱུར་ཏེ་ ལ་ཡག་ལུ་ཕེམས་པའི་སྐབས་ གནམ་གསོ་ཁ་ལོ་ཐོག་ས་ཁར་བཏབ་པའི་སྐབས་ ཆར་དུས་སུ་འབབ་སྟེ་ ལེགས་ཤོམ་འོང་ནི་དང་ སྒོ་ནོར་སེམས་ཅན་ལུ་གནོད་པ་མ་འབྱུང་ནིའི་དོན་ལུ་ འགོ་ཐོག་འགོ་བཙུགས་ཡོདཔ་སྦེ་མས། བོང་ཀོའི་དུས་སྟོན་འདི་ བླམ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ལུ་ གུས་བཏུད་ཀྱི་དོན་ལུ་ཨིནམ་ད་ ལ་ཡག་གི་མི་སེར་ཆ་མཉམ་གྱིས་ མཉམ་རུབ་ཀྱི་ཐོག་ལས་ དུས་སྟོན་འདི་ལོ་ངོ་ ༣ གྱི་བར་ན་ཚར་འབད་དོ་ཡོདཔ་ད་ རང་ཟླ་ ༤ པའི་ཚེས་ ༨ ལས་ ལས་ སྤ་གཞི་གཡུས་ཚན་ལས་འོང་སྟེ་ བཀྲིས་ཆོས་གླིང་ལྷ་ཁང་ནང་འཛོམས་ཡོད་པས། ཁོང་གིས་ བོང་ཀོའི་དུས་སྟོན་འདི་ ལོ་ཐོག་གྱི་དོན་ལུ་ ཆར་ཆུ་དུས་སུ་འབབ་ནི་དང་ སྒོ་ནོར་སེམས་ཅན་ཚུའི་དོན་ལུ་ བདུད་དང་བཙན་ཚུ་དང་གཅིག་ཁར་ འཆམ་ཁ་བཟོ་སྟེ་ ཆར་ཆུ་དུས་སུ་འབབ་ ནད་ཡམས་མུ་གེ་ཚུ་གཞི་སྟེ་ ལོ་ཐོག་འབོར་ཆེ་ཏོག་ཏོ་སྦེ་ བསྡུ་ཚུགས་ནིའི་དོན་ལུ་མས།