Skip to main content Skip to search
18 Jan 2016
3 min 21 sec
Video Overview
Creators: 
Sherig Dhentshog

This video lists the different names Chökhorling village had throughout the past. Initially the valley was crowded with houses and so it was called Kasté Lambali. Later a war occured between Indian states and people fled to Chökhorling village. Those people requested to remain in the village as Kuli (servant), and so the village was renamed to Kulikata. After the establishment of Chökhor Rabten Temple by Dungtsé Rinpoché, the village was renamed to Chökhorling on Rinpoché's command because the previous name was derived from an Indian language.

༉  གློག་བརྙན་ཐུང་ཀུ་འདི་ནང་ དང་ཕུ་ཆོས་འཁོར་གླིང་གི་གཡུས་ཚན་ཚུའི་མིང་ ག་དེ་སྦེ་བཏགས་བཏགསཔ་ཨིན་ནའི་སྐོར་ལས་ པདྨ་དགའ་ཚལ་ཆོས་འཁོར་གླིང་ལས་ བརྩོན་འགྲུས་ཀྱིས་སླབ་ཨིནམ་ད་ ཆོས་འཁོར་གླིང་གཡུས་ཚན་ནང་ དང་ཕུ་(ཁྱིམ་ལེ་ཤ་ཅིག་?)ཡོད་མི་ལུ་བརྟེན་ ཀ་ཙ་ལི་བཱ་ལི་ཟེར་ བཏགས་ཡོདཔ་ཨིནམ་ད་ ཤུལ་ལས་ རྒྱ་གར་མངའ་སྡེའི་ནང་འཁོད་ལུ་དམག་འཁྲུགས་ཐོན་ཏེ་ རྒྱ་གར་གྱི་མི་ཚུ་བྱོག་འོང་སྟེ་ རྒྱ་གར་གྱི་མི་ཚུ་གིས་ ང་བཅས་ནཱ་ལུ་ ཁྱེད་ཀྱི་ཀུ་ལི་(ལས་མི་)འབད་སྡོད་གེ་ཟེར་སླབ་ད་ ནཱ་གི་མི་ཚུ་གིས་ མི་བཏུབ་ཁྱེད་ཡང་གསད་ནི་ ཟེར་སླབ་པ་ལུ་བརྟེན་ གཡུས་ཀྱི་མིང་ཀུ་ལི་ཀ་ཊ་ཟེར་ཆགས་ཡར་སོངཔ་ཨིན་རུང་ ཤུལ་ལས་ གདུང་སྲས་རིན་པོ་ཆེ་གིས་ རྒྱ་གར་གི་མིང་ཅིག་ཨིན་པས་ཟེར་ དགོན་པའི་མིང་བཏགསཔ་ད་ལུ་ ཆོས་འཁོར་རབ་བརྟན་ཟེར་ བཏགས་གནང་པ་ལས་རྟ་དྲངས་ཏེ་ གཡུས་ཀྱི་མིང་ཡང་ ཆོས་འཁོར་གླིང་ཟེར་ བཏགས་གནང་གནངམ་ཨིན་པས།

Transcript search
No results found for this search
0 of 0
  • བརྩོན་འགྲུས་ Tshendu
    ང་གིས་ ད་ལྟོ་ ང་གི་མིང་འདི་ ཆོས་འཁོར་གླིང་ལས་ བརྩོན་འགྲུས་ཟེར་ སླབ་ཨིན་ལགས།
  • བརྩོན་འགྲུས་ Tshendu
    དེ་འབདཝ་ད་ ད་ལྟོ་ ནཱ་གཡུས་ཁ་ ཧེ་མ་ དང་ཕུ་ མིང་ག་དེ་སྦེ་ ཐོབ་ཅིག་ག་ཟེར་བ་ཅིན་ མིང་གི་དོན་དག་ཅིག་ ང་གིས་ ཞུ་ནི་ཨིན་ལགས།
  • བརྩོན་འགྲུས་ Tshendu
    ཨིན་ལགས་ འདི་དེ་ དང་ཕུ་ འ་ནཱི་ གཡུས་ཀྱི་མིང་འདི་ ག་ཅི་སྨོ་ཟེར་བ་ཅིན་ ཀ་ཙེ་ལེམ་བྷ་ལི་ཟེར་ མིང་བཏགས་ནུག
  • བརྩོན་འགྲུས་ Tshendu
    ཀ་ཙེ་ལེམ་བྷ་ལི་ཟེར་མི་འདི་ ག་ཅི་སྨོ་ཟེར་བ་ཅིན་ ཀ་ཙེ་ལེམ་བྷ་ལི་ འ་ནཱི་ གཡུས་ཁ་ གནམ་མེད་ས་མེད་
  • བརྩོན་འགྲུས་ Tshendu
    གནམ་མེད་ས་མེད་སྡོད་ནུག། གླིང་སྦེ་སྡོད་ནུག། འདི་གི་སྦེ་ ཀ་ཙེ་ལེམ་བྷ་ལི་ཟེར་ བཏགས་ནུག།
  • བརྩོན་འགྲུས་ Tshendu
    དེ་ལས་ འདིའི་མཇུག་ལས་ ཀ་ཙེ་ལེམ་བྷ་ལིའི་ མཇུག་ལས་འདི་ ད་ལྟོ་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ཀུ་ལི་ཀ་ཀྲག་ཟེར་ བཏགས་ནུག
  • བརྩོན་འགྲུས་ Tshendu
    ཀུ་ལི་ཀ་ཀྲག་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ རྒྱ་གརཔ་ཚུ་ ཕྱད་མདའ་རྐྱབ་ད་ བྱོག་འོངམ་ད།
  • བརྩོན་འགྲུས་ Tshendu
    ད་ རྒྱ་གརཔ་ཚུ་གིས་ ཁྱོད་རའི་ ཀུ་ལི་སྦེ་སྡོད་ནི་ཟེར་ སླབ་ད་
  • བརྩོན་འགྲུས་ Tshendu
    ཀུ་ལི་ ང་བཅས་རའི་ ཀུ་ལི་སྦེ་སྡོདཔ་ད་མི་བཏུབ་ ཁྱེད་ཀྱིས་ ང་བཅས་གསད་འོང། ཁྱེད་ཡང་ ཀུ་ལི་སྦེ་སྡོདཔ་ད་མི་བཏུབ་ ཁྱེད་ཡང་ གསད་ནི་ཟེར་ སླབ་སླབ་ཨིན་པས།
  • བརྩོན་འགྲུས་ Tshendu
    དེ་འབདཝ་ལས་ ཀུ་ལི་ཀ་ཀྲག་ཟེར་ དེ་སྦེ་མིང་ཐོབ་ནུག།
  • བརྩོན་འགྲུས་ Tshendu
    དེའི་ཤུལ་ལས་ འ་ནཱི་ ཀུ་ལི་ཀ་ཀྲག་ ཡར་བཏབ་ཨ་ཙི་ཅིག་ མི་བདེ་ནི་ཨིན་མས། རྒྱ་གར་གི་ མིང་ཅིག་འདུག་ཟེར་
  • བརྩོན་འགྲུས་ Tshendu
    དེ་ལས་ ད་ལྟོ་ གདུང་སྲིད་རིན་པོ་ཆེ་གིས་་ དགོན་པའི་མིང་ཅིག་ ཆོས་འཁོར་རབ་བརྟན་ཟེར་གནང་ཡི། འདིའི་རྒྱུད་དེ་ ད་ལྟོའི་མིང་ ཆོས་འཁོར་གླིང་ཟེར་མིང བཏགས་བཏགསཔ་ཨིན།
  • བརྩོན་འགྲུས་ Tshendu
    དེ་འབདཝ་ད་ ད་ལྟོ་ གཡུས་མཚན་ ཕར་ མཁའ་གླས་མཚོ་ ཨ་རྒྱན་ཟེར་ས་ཡང་ ཨ་རྒྱན་ གཡུས་ཀྱི་དོན་དག་ག་ཅི་སྨོ་ཟེར་བ་ཅིན།
  • བརྩོན་འགྲུས་ Tshendu
    མིང་གི་ གཡུས་ཀྱི་མིང་འདི་ མར་ ཨ་རྒྱན་ཟེར་མི་ གཡུས་འདི་མར་ ཆུའི་ཤོང་གཉིས་ཀྱི་བར་ན་ རྡོ་གུ་ ཨ་ཅིག་ཡོད་ཟེར་ དང་ཕུའི་ ཚུ་གིས་ ཨ་ ཡི་གུ་ཡོད་ཟེར་
  • བརྩོན་འགྲུས་ Tshendu
    འདི་ལས་ ཨ་རྒྱན་ཟེར་ བཏགས་ཡི་ཟེར་ ད་ལྟོ་ ང་བཅས་ཀྱི་འདི་ མཐོང་མ་མྱོང་ མཐོང་མ་མྱོང་སྟེ་སྦེ་རུང་ ད་ལྟོ་ རོགས་ཧེ་མ་ ཨ་རྒས་ཨང་རྒས་ཚུ་གིས་ སླབ་ལས་ འདི་ལུ་ ཨ་རྒྱན་ཟེར་ བཞག་དོ་ལགས།
  • བརྩོན་འགྲུས་ Tshendu
    དེ་ལས་ ད་ལྟོ་ ཡར་རྒྱས་འུང་ཟེར་མི་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ཧེ་མ་ ཡར་རྒྱས་ཟེར་མི་འདི་ ང་བཅས་ ཤར་ཕྱོགས་པའི་ ཁ་སྐད་ནང་ ཡར་རྒྱས་ཟེར་ས་ལུ་ ཚལ་མ་ནང་ རྩྭ་ཅིག་སྡོད་ནུག
  • བརྩོན་འགྲུས་ Tshendu
    འདིའི་མིང་ ཡར་རྒྱས་ཟེར་ཨིན་པས། ད་ལྟོ་འདི་ ཡར་རྒྱས་འགྱོ་ཚརཝ་ལས་ ཡར་རྒྱས་འུང་ཟེར་ མིང་སོར་ཏེ་ དེ་སྦེ་གནང་གནངམ་ཨིན་ལགས།
  • བརྩོན་འགྲུས་ Tshendu
    འབོ་འབོཔ་ཨིན་ལགས། དེ་སྦེ་ནི་དེ་གིས་ ད་ལྟོ་ ང་བཅས་རའི་ ནཱ་གི་ གཡུས་འདི་ མིང་དེམ་ཅིག་སྦེ་ མིང་ཅིག་ འབོ་ཚར་ཚརཝ་ཨིན་ལགས། དེམ་ཅིག་ར་ཨིན་ལགས།