Skip to main content Skip to search
21 Jun 2018
2 min 15 sec
Video Overview
Creators: 
Duptho, Sonam Chophel

Phurpa from Radhi Gewog, Tashigang, shares the meaning and reasons for names of places in his village. Oral history narrated by Phurpa's grandparents and other elders of Dungsigma village say that the places were blessed by their local deity, Aum Jomo. When she visited their village, there was said to be no bridges over the rivers, so she had to jump to cross the rivers. Therefore, she named that place as Chongthigri (jump hill). She climbed up towards the temple and then asked people about the name of the place; the place was unnamed, so, as she had walked to that place, she named it Jonla (honorific term for walk). She came across a group of goats and then named the whole gewog Radhi (land of goats).

 

བཀྲིས་སྒང་རྫོང་ཁག  རདྷི་རྒེད་འོག་ལས་ཕུར་པ་གི་ ཁོརའི་གཡུས་ཀྱི་ དོན་དག་དང་ གཡུས་འདི་གི་མིང་གི་རྒྱུ་མཚན་ཚུ་ བཤདཔ་ཨིན་མས། ཕུར་པ་གི་ཨ་རྒས་དང་ཨང་རྒས་ དེ་ལས་དུང་སིང་མ་གི་མི་རྒས་རྒསཔ་གི་ ངག་ཐོག་གི་བྱུང་རབས་ནང་བཤད་དོ་བཟུམ་འབད་བ་ཅིན་ ས་གནས་འདི་ གཡུས་འདི་ཁའི་ཆོས་སྲུང་ཨ་མ་ཇོ་མོ་གི་ བྱིན་གྱིས་བརླབ་གནང་སྟེ་ཡོད་ཟེར་ བཤདཔ་ཨིན་མས། མོ་གཡུས་འདི་ཁར་འགྱོ་བའི་སྐབས་ ཆུ་ཡོད་རུང་ ཟམ་འདི་མེདཔ་ལས་ ཆུ་གུ་ལས་མཆོང་ཏེ་ བརྒལ་དགོཔ་ཨིནམ་ལས་ ཤུལ་ལས་གཡུས་འདི་གི་མིང་ཡང་ མཆོང་ཐིང་རི་ཟེར་བཏགས་ནུག། དེ་ལས་མོ་ལྷ་ཁང་ཁ་ཐུག་འགྱོ་བའི་སྐབས་ མི་འདི་ཚུ་ལུ་ ས་གནས་འདི་གི་མིང་འདྲིཝ་ད་ མིང་འདི་མེདཔ་ཨིནམ་ཤེས་སྟེ་ མོ་བྱོན་སའི་ལམ་ འབདཝ་ལས་ ས་གནས་འདི་གི་མིང་ཡང་ བྱོན་ལ་ཟེར་བཏགས་ནུག། དོ་རུང་ མོ་བྱོན་སའི་ལམ་ཁར་ ར་སྡེ་ཚན་གཅིག་སྤུང་ཡོདཔ་མཐོངམ་ལས་ རྒོད་འོག་ག་ར་རདྷི་ཟེར་བཏགས་གནངས་ནུག།

 

Transcript search
No results found for this search
0 of 0
  • ཕུར་པ་ Phurpa
    ལགས་སོ་ ཏེ་ད་ལྟོ་ ང་བཅས་ར་ནཱ་ བཀྲ་ཤིས་སྒང་ ར་སྡི་རྒེད་འོག་གི་ནང་ལས་ ཏེ་ད་ང་བཅས་རའི་ནཱ་ལྷ་ཁང་གི་འོག་ལུ་ ཏེ་མིང་འདི་འབྱོན་ལ་ཟེར་ བཏགས་དགོ་པའི་རྒྱུ་མཚན་འདི་ཞུ་བ་ཅིན་ ག་དེ་སྦེ་བཏགས་ཅི་ སྔོན་དང་ཕུ་ག་དེ་སྦེ་བཏགས་ཅི་ཟེར་བ་ཅིན་ ཏེ་ང་བཅས་ར་ ད་ལྟོ་ང་བཅས་ར་ནཱ་གི་གཡུས་སྒོའི་སྟོད་ལུ་ ཇོ་མོ་སྐུ་མཁར་ཟེར་མི་ཅིག་ཡོད།
  • ཕུར་པ་ Phurpa
    དང་ཕུ་ སྔོན་དང་ཕུ་གི་ ཏེ་ཁམས་གསུམ་ཨ་མ་ཇོ་མོ་ཟེར་མི་འདི་ རྒྱ་ལས་ཡར་འབྱོན་པའི་སྐབས་ལུ་ རྒྱ་ལས་ཡར་འབྱོན་སྦེ་ ཏེ་དང་པ་རང་ ཨ་མར་ མཆོང་ཐིག་རི་ཟེར་མི་འདི་ ཏེ་མཆོང་ཐིག་རི་ཟེར་བཏགས་དགོ་པའི་རྒྱུ་མཚན་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ཨ་མ་ཇོ་མོ་འབྱོན་པའི་སྐབས་ལུ་ ཏེ་ད་ མོ་འབྱོན་པའི་སྐབས་ལུ་ ཟམ་པ་ཡང་མེདཔ་འདྲས་ དེ་འབདཝ་ལས་ ཕར་ལྟ་མཆོང་ཐེངས་གཅིག་མཆོངས་འབྱོནམ་ལས་བརྟེན་ཏེ་ ཡ་འ་ནཱི་ཆུ་གི་མིང་འདི་ མཆོང་ཐིག་རི་ཨིན་ཟེར་ བཏགས་པའི་ལོ་རྒྱུས་འདུག་ཟེར་ཞུ་ནི།
  • ཕུར་པ་ Phurpa
    དེ་ལས་ འ་ནཱ་ལས་ཡར་བྱོན་ཞིནམ་ལས་ ཏེ་མོ་ ཡར་འབྱོན་འབྱོནམ་འབད་ནི་དེ་གིས་ ཏེ་ནཱ་གི་ས་སྒོ་འདི་ ག་ཅི་བཏགས་དགོཔ་སྨོ་ཟེརཝ་ད་ལུ་ ཏེ་ད་འབྱོན་ལ་ཟེར་ ང་ཡར་ལྟ་འགྱོ་འགྱོཝ་འབདཝ་ལས་ འབྱོན་འབྱོནམ་འབདཝ་ལས་ ཏེ་འབྱོན་ལ་ཟེར་བཏགས་ད་ཟེར་ དེ་སྦེ་བཀའ་གནང་ དེ་སྦེ་བཀའ་གནང་བའི་ལོ་རྒྱུས་འདུག དེ་ལས་འ་ནཱ་ལས་ཡར་འབྱོན་ལ་ལས་ཡར་ལྟ་བྱོན་སྦེ་ ནཱ་ ཡར་ལྷོདཔ་ད་ལུ་འདི་ ཏེ་ར་དག་པ་ཅིག་ ནཱ་ལུ།
  • ཕུར་པ་ Phurpa
    སྡོད་སྡོདཔ་གི་ས་གོ་ཅིག་ཡོདཔ་ཨིན་མས། འ་ནཱི་འབད་ཞིནམ་ལས་ ནཱ་གི་མིང་འདི་ ར་སྡོད་ཟེར་ བཏགས་ནི་ཨིན་ཟེར་ མོ་གིས་དེ་སྦེ་བཏགས་གནངམ་ལས་བརྟེན་ཏེ་ ད་ལྟོ་ མཆོང་ཐིག་རི་ འབྱོན་ལ་ ར་སྡི་ཟེར་བཏགས་དགོ་པའི་རྒྱུ་མཚན་འདི་ ཏེ་ད་ང་གིས་ ཁོང་ ད་ལྟོ་ མ་ཕ་རྒན་ཤོས་ཚུ་ལས་ ཏེ་སྔགས་རྒྱུན་དང་འཁྲིལ་དོ་བཟུམ་སྦེ་འབད་བ་ཅིན་ ཏེ་ད་ལྟོ་ འ་ནཱི་ར་སྡི་དང་ འབྱོན་ལ་ མཆོང་ཐིག་རི་གསུམ་འདི་ བཏགས་དགོ་པའི་རྒྱུ་མཚན་ ཁུངས་དང་དགོས་པ་ ལས་རིམ་འདི་ འ་ནཱི་སྦེ་ཨིན་མས་ཟེར་ཞུ་ནི་ལགས།། །།