Skip to main content Skip to search
20 Jan 2016
1 min 19 sec
Video Overview
Creators: 
Sherig Dhentshog

Sacha Dorji from Mendrelgang village in Pemagatshel district sings a short song known as "Sadinang" (In This Land). It comments on impermanence. The song attempts to express the ephemeral nature of cause and effect. The lyrics go: "because of the bad karma or whatever cause, in this land no one can outrun death". Examples of impermanence are given such as the sun rising in the east only to set in the west, or the most glorious flowers gradually falling on the ground.

 

༉  གློག་བརྙན་ཐུང་ཀུ་འདི་ནང་ པདྨ་དགའ་ཚལ་རྫོང་ཁག་ མནྜལ་སྒང་གཡུས་ཚན་ལས་ཚེ་རིང་རྡོ་རྗེ་གིས་ གཡང་མ་ཤིང་དང་མནྜལ་བསྒང་གཡུས་ཚན་གཉིས་ཀྱི་སྐོར་ལས་ བཤད་པ་རྐྱབ་དོ་ཡོདཔ་ད་ ཁོ་དང་འཁྲིལ་བ་ཅིན་ གཡང་མ་ཤིང་ཟེར་སར་ བསང་ཤིང་གཡང་མ་ཤིང་ཟེར་མི་མངམ་དྲགས་སྦེ་ཡོདཔ་ལས་བརྟེན་ གཡང་མ་ཤིང་ཟེར་བཏགས་ནུག་ཟེར་ཨིན་པས། མནྜལ་བསྒང་གི་གཡུས་ཚན་འདི་ ཧེ་མ་འབད་བ་ཅིན་ ལྕགས་ཁེ་ར་བཱ་རི་ཟེར་ཨིནམ་ད་ དེ་ཡང་ གཡུས་ཚན་དེའི་སྦོ་ལོགས་ཁར་ རྒྱ་གར་གྱི་མི་ཁུངས་ཚུ་གིས་ ཁེ་ར་ཟེར་སླབ་མི་ལྕགས་རྡོ་ཅིག་ཡོདཔ་ལས་བརྟེན་ཨིན་པས། དེ་ལས་ རྒྱ་གར་གྱི་ཁྱིམ་ཚང་ཚུ་གིས་ གཡུས་ཚན་འདི་ལུ་ཁེ་ར་བཱ་རི་ཟེར་བཏགས་སྦེ་ མིང་དེ་སྦེ་ར་ལུས་ཡོདཔ་ད་ ཤུལ་ལས་སྤྱི་ལོ་ ༢༠༡༠ ལུ་འགྱུར་བཅོས་འབད་དེ་ མནྜལ་སྒང་ཟེར་བཏགས་བཏགསཔ་ཨིན་པས།

Transcript search
No results found for this search
0 of 0
  • ཚེ་རིང་རྡོ་རྗེ་ Tshering Dorji
    ལགས་སོ། ང་འདི་ག་ཅིག་ལོ། ང་འདི་གཡང་མ་ཤིང་། གཡུས་གཡང་མ་ཤིང་ལས་ཨིན་ལགས། མིང་འདི་ཚེ་རིང་རྡོ་རྗེ་ཟེར་ ཞུ་ནི་ཨིན་ལགས།
  • ད་ལྟོ་འདི་ གཡང་མ་ཤིང་ཟེར་མི་འདི་ ག་ཅི་སྦེ་འབོ་ཡི་ག་ཟེར་བ་ཅིན་ དང་ཕུ་ ཨ་རྒས་ཚུ་གིས་ འ་ནཱི་ སངས་ཤིང་ཟེར་ཡོད། ང་བཅས་ཀྱི་འདི་ སངས་ཤིང་ཟེར་ སླབ་ཨིན།
  • འ་ནཱི་སངས་ཤིང་ཡོདཔ་ལས་བརྟེན་ཏེ་ གཡང་མ་ཤིང་ཟེར་ བཏགས་ནུག་ཟེར་ ཞུ་ནི་ཨིན་ལགས།
  • ད་ལྟོ་ ང་བཅས་ཚུ་ཕར་སྡོད་མི་ ཁེ་ར་འབའ་རེ་ཟེར་མི་འདི་ དང་ཕུ་ལྕགས་?སྡོད་ནུག། ཁེར་ གནམ་མེད་ས་མེད་ འ་ནཱི་རྒྱ་གར་གིས་འདི་ ཁེར་ཟེར་ སླབ་ཨིན་པས། འདི་འབདཝ་ལས་ ཁེ་ར་འབའ་རེ་ཟེར་བཏགས་ནུག
  • ད་ ད་ལྟོ་གི་འདི་ རྫོང་ཁག་ནང་ར མར་བལྟ་ མཎྜལ་སྒང་ཟེར་ བཏགས་ཡི་ཟེར་ ཞུ་ནི་ཨིན་ལགས། གནམ་ལོ་ ༢༠༡༠ ལས་ཏེ ཧ་ལམ་ནཱ་ལུ་ ལྷོད་ཅི
  • ཤེས་རིག་དོན་ཚོགས་
    ལགས་སོ།