Skip to main content Skip to search
20 Jan 2016
1 min 46 sec
Video Overview
Creators: 
Sherig Dhentshog

Phuntsho from Phungsharang village Pemagatshel district sings a song called "Ridi Yangpi Rila" (On the Spacious Mountain). The first line of the lyrics express sadness over a deer who has difficulty in climbing a mountain due to the thick snow. The song ends with the next line conveying the deer's wish to find peace on the cliff at the other side of the mountain. It is likely this was only a part of the song performed in the video.

 

༉  པདྨ་དགའ་ཚལ་རྫོང་ཁག་ཕུང་ཤ་རང་ལས་ འཇིགས་མེད་རྣམ་རྒྱལ་གྱིས་ གཡུས་ཚན་ཚུའི་མིང་བཏགས་ཚུལ་སྐོར་ལས་བཤད་དེ་ཡོདཔ་ད་ དེ་ཡང་ཧེ་མ་ར་ གུང་པ་བདུན་དེ་ཅིག་ ཡར་ངམ་ཚ་ལོ་སྤང་ཐང་ལས་མར་འོང་སྟེ་མི་འཛོམས་ཕུག་དང་རྨོངས་སྒར་ དེ་ལས་རི་འཛོམས་མོ་དང་དམར་ཚྭ་ལ་ཟེར་མི་ཚུའི་མིང་ཚུ་བཏགས་བཏགསཔ་ཨིནམ་ད་ སའི་མིང་ཚུ་ཡང་ དེ་སྦེ་ར་བཏགས་བཞག་བཞགཔ་མེན་པར་ མི་འཛོམས་ཕུག་ཟེར་མི་འདི་ མི་ཚུ་དེ་ནང་འཛོམས་པ་ལས་བརྟེན་ཏེ་མི་འཛོམས་ཕུག་དང་ རི་འཛོམས་མོ་ཟེར་མི་དེ་ ཚངས་ལའི་ཁ་སྐད་ནང་ལས་ ཆུ་འཛོམས་ས་ལུ་རི་འཛོམས་མོ་ཟེར་སླབ་དོ་ཡོདཔ་ལས་ རི་འཛོམས་མོ་ཟེར་བཏགས་བཏགསཔ་ཨིན་པས། དེ་ལས་དེ་བཟུམ་སྦེ་ར་ མོང་སྒར་ཟེར་མི་དེ་ཡང་ དེ་ནང་ལྷོདཔ་ད་ ས་རྒྱ་ཆེ་དྲགས་ནགས་ཚལ་སྦོམ་ཅིག་ནང་ལྷོདཔ་ད་ ག་ཏེ་ཡང་འགྱོ་མ་ཤེས་པར་ཡེངས་ཏེ་ལུས་སོངཔ་ལས་རྨོངས་སྒར་ཟེར་དང་ དམར་ཚྭ་ལ་ཟེར་མི་དེ་ཡང་ ཆུའི་མདོག་ དམར་སེར་འཚམས་ཅིག་སྦེ་ཡོདཔ་ལས་ ཆུའི་མདོག་ལས་བརྟེན་ཏེ་སའི་མིང་དེ་སྦེ་བཏགས་བཏགསཔ་ཨིན་པས།

Transcript search
No results found for this search
0 of 0
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    དང་ཕུ་འདི་ ནཱ་ལུ་ ཁོང་གུང་གྲངས་བསྡོམས་བདུན་འོང་ནུག།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    གུང་གྲངས་བདུན་འོངམ་ད་ ཡར་ལུ་ ཉིནམ་ཚར་བའི་སྤང་ཐང་ཟེར་ སླབ་ཨིན་ རྡོ་རྟགས།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    རྡོ་རྟགས་ལས་མར་འོང་སྟེ་ འ་ནཱི་ མི་ཛམ་ཕུ་ལས་འོང་ནུག། ནགས་ཚལ་ནང་ན་ དེ་ལས་ ཡ་ ང་ འ་ནཱི་ ག་ཏེ་ལྷོདཔ་ཨིན་ན།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    ག་ཏེ་ལུ་འགྱོ་ནི་སྨོ་ཟེར་ མནོ་བསམ་བཏང་ནུག། མནོ་བསམ་བཏང་སྟེ་ མནོ་བསམ་བཏངམ་ལས་ མི་འཛོམས་ མནོ་བསམ་བཏང་པ་ལས་ མི་ཛམ་ཕུ་ཟེར་ བཏགས་ནུག་སའི་མིང་།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    མཚན་བཏགས་པ་ དེ་ལས་ འོང་སྟེ་ ནཱ་ མར་ རོང་གཤོང་ནང་འཛུལ་སོང་ནུག། མོང་སྒར་ལུ་ ཡ་ རྨོངས་ནུག། ག་ཏེ་ལུ་འགྱོཝ་ན་ ནཱ་ རོང་གཤོང་ནང་ འཛུལ་སོང་ཡི་ཟེར།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    དེ་ལས་ཏེ་ མི་རྨོངས་མི་ནང་ མོང་སྒར་ཟེར་བཏགས་ནུག་ མཚན་བཏགས་ནུག
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    དེ་ལས་ འ་ནཱ་ལས་ འོང་ནུག་ཆུ་འཛོམས་ས་ལས་ ཆུ་འཛོམས་ནུག་ཟེར་ རི་འཛོམས་མ་ཟེར་ མིང་བཏགས་ནུག་མཚན་(ཆུ་འཛོམས)
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    དེ་ལས་ འདི་ལས་ཡར་བལྟ་ དམར་ཚྭ་ལ་ ཆུ་ལུ་སོང་ནུག། དམར་ཚྭ་ལ་ཆུ་འདི་ ཆུ་དམརཔ་འདུག་ཟེར་ཨིན་མས། དམར་ཚྭ་ལ་ཟེར་ བཏགས་ཡི་ཟེར་སླབ་དེས།