Skip to main content Skip to search
20 Jan 2016
2 min 18 sec
Video Overview
Creators: 
Sherig Dhentshog

Sonam Gyeltshen from Mongar village in Dechencholing Gewog (county) in Pemagatshel Dzongkhag (district) sings a song locally known as "Yaryar Risum Tsela" (Up at the top of Three Mountains). It describes a residential hermitage of a lama named Tshewang Gyatsho. The first line of the lyrics mention the meadow and house on the top of the three mountains as a sacred place founded by lama Tshewang Gyatsho. Afterwards the song continues with the lama's assistant, a dog, a horse, and many more.

 

༉  པདྨ་དགའ་ཚལ་རྫོང་ཁག་ མོང་སྒར་ལས་བསོད་ནམས་རྒྱལ་མཚན་གྱིས་ གཡུས་ཚུ་གི་མིང་ཐོབ་ཚུལ་སྐོར་ལས་བཤད་མི་ནང་ མོང་སྒར་ཟེར་བཏགས་དགོ་མི་དེ་ ཧེ་མ་ཁོང་གི་ཕམ་ཨ་རྒས་ཚུ་ས་འཚོལ་ཏེ་འོང་བའི་སྐབས་ལུ་ ས་ཆ་དེ་ནང་ རི་ཁའི་སེམས་ཅན་གླངམོ་ཆེ་ལ་སོགས་པ་སེམས་ཅན་ཚུ་ལེ་ཤ་ཡོད་པའི་གུ་ནགས་ཚལ་སྦོམ་སྦེ་ ག་ཏེ་ཡང་འགྱོ་མ་ཤེས་པར་ཡེངས་སོང་ནི་དེ་གིས་མོང་སྒར་ ཟེར་བཏགས་བཏགསཔ་ཨིནམ་ད་ འདི་གི་གོ་དོན་དང་འཁྲིལ་བ་ཅིན་ ཡིག་སྡེབ་དེ་ཡང་ རྨོངས་སྒར་ཟེར་ འོང་དགོ་ནི་ཨིན་པས། དེ་བཟུམ་སྦེ་ ཆུ་འཛོམས་མོ་ཟེར་མི་དེ་ཡང་ ཆུ་ལེ་ཤ་འཛོམས་ཏེ་ཡོདཔ་ལས་ཆུ་འཛོམས་མོ་དང་ དེ་ལས་ མི་འཛོམས་ཕུག་ཟེར་མི་དེ་ཡང་ མི་ལེ་ཤ་འཛོམས་ཏེ་ཡོདཔ་ལས་མི་འཛོམས་ཕུག་ཟེར་ བཏགས་བཏགསཔ་ཨིནམ་སྦེ་ ཧེ་མའི་ཕམ་རྒན་ཤོས་ཚུ་གི་ཁ་རྒྱུན་སྦེ་གོ་གོཝ་ཨིན་པས།

Transcript search
No results found for this search
0 of 0
  • བསོད་ནམས་རྒྱལ་མཚན་/ Sonam Gyaltshen:
    ང་གིས་ཞུ་བ་ཅིན་ ད་ལྟོ་ ང་གིས་ ནཱ་མོང་སྒར་ལས་ བསོད་ནམས་རྒྱལ་མཚན་ཟེར་མི་གིས་ ཞུ་དོ་ལགས།
  • བསོད་ནམས་རྒྱལ་མཚན་/ Sonam Gyaltshen:
    ག་ཅི་སྨོ་ཟེར་བ་ཅིན་ ཧེ་མ་ ཕ་མ་གིས་ ང་བཅས་རའི་ ས་བཅགས་པའི་གནམ་དུས་ལུ་ ཡར་ གཡུས་སྨན་མ་ལས།
  • བསོད་ནམས་རྒྱལ་མཚན་/ Sonam Gyaltshen:
    མར་ ཕམ་ཚུ་བྱོན་ནུག། དེ་ལས་ ས་འཚོལ་ཏེ་བྱོན་ད་ འདི་ག་དེ་སྦེ་སྨོ་ཟེར་བ་ཅིན་ ང་བཅས་རའི་ ནཱ་ མོང་སྒར་ལུ་ ལྷོདཔ་ད།
  • བསོད་ནམས་རྒྱལ་མཚན་/ Sonam Gyaltshen:
    སེམས་ཅན་དང་ གླང་པོ་ཆེ་ གནམ་མེད་ས་མེད་ ནགས་ཚལ་ནང་ལུ་ ཤིང་ འདི་བཟུམ་ཅིག་ནང་ལྷོད་དེ་ ཕར་ཚུར་འགྱོ་མ་ཤེས་པར་ རྨོངས་སྡོད་དེ་ རྨོངས་ཟེར་བའི་ དོན་དག་འདི་ཨིན་ཟེར་ ཞུ་ནི་ཨིན་ལགས།
  • བསོད་ནམས་རྒྱལ་མཚན་/ Sonam Gyaltshen:
    དེ་ལས་ཕར་སོང་སྟེ་ རི་འཛོམས་མོ་ཟེར་ སླབ་མི་འདི་ ཆུ་ལེ་ཤཱ་འཛོམསམ་ལས་ རྐ་ལེ་ཤ་ བརྒྱད་དེ་ཅིག་འཛོམས་སྟེ་འདུག།
  • བསོད་ནམས་རྒྱལ་མཚན་/ Sonam Gyaltshen:
    དེ་འབདཝ་ལས་ རི་འཛོམས་མོ་ཟེར་ སླབ་མི་འདི་་ དེ་ཨིན་ཟེར་ ང་བཅས་ ནཱ་མོང་སྒར་དང་ རི་འཛོམས་མོ་གཡུས་མཚན་ནང་ལུ། མིང་བཏགས་ཐངས་འདི་ ཧེ་མ་ཕམ་ཚུ་གིས་ འ་ནཱི་བཟུམ་སྦེ་གསུངས་དེས་ཟེར་ ད་ལྟོ་ ཞུ་དོ།
  • བསོད་ནམས་རྒྱལ་མཚན་/ Sonam Gyaltshen:
    དེ་ལས་ ད་ལྟོ་ འདི་ལས་ཡར་འགྱོ་མི་འདི་ མི་ཛམ་ཕུ་ཟེར་ སླབ་མི་ ག་དེ་སྦེ་སྨོ་ཟེར་བ་ཅིན།
  • བསོད་ནམས་རྒྱལ་མཚན་/ Sonam Gyaltshen:
    མི་ ནཱ་ལུ་འབད་མ་ཚུགས་པར་ ཡར་འགྱོ་ཞིནམ་ལས་ མི་ཛམ་ཕུ་ཟེར་ སླབ་མི་འདི་ མི་འཛོམས་ལས་ མི་ཛམ་ཕུ་ཟེར་ དེ་སྦེ་ཨིན་ལགས།
  • བསོད་ནམས་རྒྱལ་མཚན་/ Sonam Gyaltshen:
    དེ་འབདཝ་ལས་ འདི་ནང་འཛོམས་སྦེ་ འགྱོ་ཞིནམ་ལས་ ཕར་ མང་མཁར་ལུ་འགྱོ་ མང་མཁར་ལུ་ཆགས་བལྟཝ་ད་ ས་ཆགས་ དང་ཕུ་ཕམ་ཚུ་གིས་ཆགས་བལྟཝ་ད།
  • བསོད་ནམས་རྒྱལ་མཚན་/ Sonam Gyaltshen:
    འདི་ལས་ མི་མངམ་ལས་ མི་མང་པའི་མང་མཁར་ཟེར་ དེ་བཟུམ་ཨིན་ཟེར་ ཞུ་ནི་ཨིན་ལགས། ད་ལྟོ་ མོང་སྒར་ལས་ བསོད་ནམས་རྒྱལ་མཚན་གྱིས་ འདི་བཟུམ་ཞུ་དོ།