Video Overview
Denyam Lhünpo from Shali village discusses the etymological origins of the names of Shalikhar Dzong and some surrounding villages according to accounts he heard from his grandmother, Samdrup Chozom. For instance, Shalikhar Dzong was originally known as Jalikharsho Dzong. It was built on a strategic point of the road that connects Bhutan with southeastern border towns of India. He also narrates a local oral account of how the dzong was destroyed by an invasion of Indian armies, which was probably part of the military forces of British India.
པདྨ་དགའ་ཚལ་རྫོང་ཁག་ ཤ་ལི་གཡུས་ཚན་ལས་ མི་རྒས་ཤོས་ཅིག་ཨིན་མི་ བདེ་ཉམས་ལྷུན་པོ་གིས་ ཤ་ལི་མཁར་གྱི་རྫོང་དང་ མཐའ་བསྐོར་གྱི་ གཡུས་ཚན་ཚུའི་སྐོར་ལས་ ཁོ་རའི་ཨང་རྒས་ བསམ་གྲུབ་ཆོས་འཛོམས་ལས་ ལོ་རྒྱུས་གོ་མི་ཚུ་ བཤདཔ་ཨིནམ་ད་ ཁོ་དང་འཁྲིལ་བ་ཅིན་ ཤ་ལི་མཁར་རྫོང་ཟེར་མི་འདི་ ངོ་མ་ར་འབད་བ་ཅིན་ རྒྱ་ལི་མཁའ་ཤོར་རྫོང་ཟེར་ སླབ་ཨིན་ཟེར་ཨིནམ་ད་ རྫོང་འདི་ཡང་ འབྲུག་དང་ རྒྱ་གར་གི་ ཤར་ལྷོའི་ ས་མཚམས་ཁར་བཞེངས་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ནང་འཁོད་ཀྱི་ ལོ་རྒྱུས་ཐུང་དུམ་གྲ་ཅིག་ནང་ རྒྱ་གར་གྱི་ དམག་མི་བཙན་འཛུལ་འབད་མི་ཚུ་གིས་ རྫོང་འདི་ ག་དེ་སྦེ་མེདཔ་བཏང་ཡོདཔ་ཨིན་ན་དང་ དེ་ཡང་ རྒྱ་གར་དང་ བཱིར་ཊིཤ་གི་ དམག་འཐབ་གི་སྐབས་ལུ་ བྱུང་བྱུངམ་བཟུམ་ཅིག་ཨིན་པས
- Shali
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ལགས་སོ། ད་ལྟོ་ ང་ ནཱ་ པད་མ་དགའ་ཚལ་ ཤུ་མར་རྒེད་ནང་གི་ ཤ་ལི་ཟེར་ ཤ་ལི་གི་ ངའི་མིང་ བདེ་མཉམ་ལྷུན་པོ་ཟེར་ཨིན་ལགས། སྐྱེས་ལོ་འབད་བ་ཅིན་ དུས་ཅི་ དྲུག་བཅུ་ཐམ་པ་ནང་ལུ་སྦེ་ འདི་ནང་ཨིན་ལགས། ཏེ་འ་ནཱེ་འབདཝ་ད་ ང་བཅས་རའི་ ནཱ་ཤ་ལི་ཟེར་བའི་ སྐོར་ལས་དང་།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཨ་ཙི་ཅིག་ ད་རུང་ར་ དགོད་བྲོའི་གཏམ་ཨ་ཙི་ཅིག་ ང་གིས་ དེ་སྦེ་ཞུ་ནི། ཏེ་རང་ལུགས་ཀྱི་འབད་བ་ཅིན་ རང་ལུགས་གནམ་ལོ་ ཤིང་མོ་ལུག་ལོ་ རང་ཟླ་བདུན་པ་ ཚེས་ཉི་ཤུ་ཐམ་པ་ གཟའ་སྐར་ འཕྲོད་སྦྱོར་དང་བསྟུན་ཏེ་ ད་ ང་ལུ་ གོ་སྐབས་བཟང་པོ་ཅིག་ཡོདཔ་ལས།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:དང་ཕུའི་ ཨ་ཙི་ཅིག་ རང་གི་ དྲན་མི་ཅིག་ ང་བཅས་རའི་ ཨང་རྒས་དང་ ཨ་རྒས་ཚུ་གི་ བློ་སླབ་མི་ཚུ་ ཨ་ཙི་ཅིག་ ཨ་ཙི་ཅིག་ བཤད་དེ་ དེ་སྦེ་འབད་ནི་ཟེར་ཨིན་ལགས། ཏེ་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ང་བཅས་ར་ ཤ་ལི་ཟེརཝ་ད་ ད་དང་ཕུ་དང་ཕུ་འབད་བ་ཅིན་ ཏེ་གནམ་མེད་ས་མེད་ཅིག་ ང་བཅས་མི་ཚུ་གིས་ཡང་།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ལོ་ཧ་ལམ་ མངམ་སོང་ཞིནམ་ལས་ ཏེ་ག་ཅི་ར་འབད་རུང་ ཁུངས་བཀལ་ནི་ཅིག་ཡང་ འབད་མ་ཚུགསཔ་འགྱོ་བའི་ དུས་ཚོད་གུ་ལྷོད་ལྷོདཔ་ཨིན། ཏེ་དེ་སྦེ་འབད་བའི་སྐབས་ལུ་ ག་བཟུམ་ཅིག་ཨིན་ན་ཟེར་ སླབ་པ་ཅིན། ང་གིས་ ཤེས་མི་ཅིག་འབད་བ་ཅིན་ ངེ་ཨང་རྒས་འདི་ ཨང་རྒས་ སྟོད་པ་ལུང་གི་ཨང་རྒས་ མིང་འབད་བ་ཅིན་ བསམ་གྲུབ་ཆོས་འཛོམས་ཟེར་ སླབ་ཨིན།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་འ་ནཱེ་དེ་ གནམ་མེད་ས་མེད་ སྐུ་ཚེ་རིང་སྟེ་ཨིན་ལགས། ཏེ་དེ་གིས་ ང་ འཁྱིད་འགྱོཝ་ད་ ང་གིས་ དེའི་གཏམ་ཚུའི་སྐོར་ལས་ ཨ་ཙི་རེ་ ཕར་ཚུར་འབད་དེ་ འབྲེལ་བ་ཐབས་སླབ་སྟེ་ དེ་སྦེ་ར་སྡོད་པའི་བསྒང་ལུ་ ཏེ་ཨང་རྒས་ཀྱིས་ གསུངས་དོ་བཟུམ་སྦེ་འབད་བ་ཅིན་ ང་བཅས་རའི་ ཤ་ལི་ཟེར་མི་འདི་ ག་ཅི་བཟུམ་ཅིག་ལུ་ ཤ་ལི་ཨིན་ན་ཟེར་བ་ཅིན།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ད་རེས་འབད་བ་ཅིན་ གནམ་ལོ་ ༢༠༡༥ ཡང་ཨིན་མས། གནམ་ལོ་༢༠༠༠ གི་ཧེ་མ་ཨིན་མས། ཤ་ལི་མཁར་རྫོང་ཟེར་མི་འདི་ ཤ་ལི་མཁར་མེན་པར་ དང་ཕུགས་དང་ཕུགས་ བཟོ་རྣམ་གྱི་དབྱིབས་འབད་བ་ཅིན་ རྒྱ་ལི་ཁ་ཤོར་ཟེར་ ཨིན་མས་ལགས། ཏེ་རྒྱ་ལི་ཁ་ཤོར་གྱི་རྫོང་འདི་ གནམ་མེད་ས་མེད་ ཏེ་གཟི་བརྗིད་ཆེ་ཏོག་ཏོ།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ང་བཅས་རའི་ རྒྱ་དམག་ཚུའི་སྐོར་ལས་སྦེ་ ཏེ་འ་ནཱ་ལུ་ཏེ་ ང་བཅས་ར་ དང་ཕུའི་དཔོན་ཚུ་ ཡར་དབང་ཆོས་གླིང་(དབང་འདུས་ཆོས་གླིང)ལུ་ བཞུགས་པའི་བསྒང་ལུ་ ང་བཅས་ར་ གྲངས་ཟམ་(གྲངས་མེད་ཟམ)ལས་སྦེ་ འ་ནཱ་ལས་སྦེ་ མར་བལྟ་སྦེ་ བྱོན་པའི་སྐབས་ལུ་ཡང་ ལམ་ཁར་ རྫོང་བཟུམ་ཅིག་ དང་པ་དང་པ་རང་ ཏེ་འ་ནཱེ་ལས་ཡང་ཧེ་མ་ ཏེ་དེ་ནང་ལུ་ཏེ་ ག་ཅི་སྦེ་ཟེར་བ་ཅིན།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་འ་ནཱི་རྫོང་ནང་ཡང་ ཏེ་རྒྱ་ལི་ཁ་ཤོར་རྫོང་ཟེརཝ་ད་ ང་བཅས་ར་ ནཱ་ལུ་ ཤ་ལི་ དགའ་མོང་ཟེར་མི་ཚུ་ཡང་ ཤུལ་ལས་ ཤུལ་ལས་ཨིན་ལགས། ཏེ་དེ་བསྒང་ལུ་ དུས་ག་ཅི་ཡང་ དེ་བསྒང་ལུ་ མར་ལས་ ཏེ་རྒྱ་གར་ཚུ་གིས་ མར་བསམ་གྲུབ་ལྗོངས་མཁར་ལས་ རྒྱ་གཏམ་པུ་ར་ལས་ཡར་བལྟ་ལས་ མར་རྒྱ་ཨ་ལི་པུ་ར་ལས་ཡར་བལྟ།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་རྒྱ་གར་གྱི་ཚོང་འབག་སྟེ་ ང་བཅས་རའི་ འ་ནཱ་ལས་འབད་དེ་ ལམ་འདི་བཟུམ་ཅིག་ སྟོན་སྟོནམ་ཨིན་ལགས། འ་ནཱ་ལུ་ མར་ བདེ་བ་ཐང་ལས་སྦེ་ ཁྲི་ཁ་ལས་སྦེ་ ར་དེང་ལས་སྦེ་ ཏེ་དེ་ལས་ ཐུང་ཤིང་ལས་སྦེ་ ཏེ་རི་སྒོམ་པོ་ལས་སྦེ་ ཡོངས་ལ་མ་ཎི་ལས་སྦེ་ ཏེ་དེ་ལས་འབད་དེ་ ཏེ་ཤ་ལི་མཁར་ལས་སྦེ་ འ་ནཱ་ལས་སྦེ་ཏེ་ ལམ་ཡང་ གཞུང་ལམ་དེ་ལས།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་དེ་སྦེ་སྟོན་པའི་སྐབས་སུ་ ཏེ་ཤ་ལི་མཁར་རྫོང་ཟེར་མི་འདི་ རྒྱ་ལི་ཁ་ཤོར་རྫོང་ཟེར་ གནམ་མེད་ས་མེད་ རྒྱལ་རབས་དང་ལྡན་པའི་ ཏེ་འ་ནཱི་སྤོག་ཏོ་སྤོག་ཏོ་ཚུ་གུ་ ང་བཅས་རའི་ ཁོང་གི་ ཞི་གཡོག་ཚུ་ ཡིག་ཚང་ལེ་ཤ་ཆགས་ཏེ་ ལས་ཁུངས་ཆགས་མི་ཚུ་གི་ ཁྱིམ་ལེ་ཤ་ཨིན།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་དེ་ལས་ ག་དེ་སྦེ་ཨིན་ན་ཟེར་བ་ཅིན་ ཏེ་འ་ནཱེ་ལས་ ཤུལ་ལས་ཤུལ་ལས་ ཏེ་ཨ་ཙི་ཅིག་ མཐོང་ནི་མེདཔ་སོང་སྟེ་ ཏེ་དེ་བཟུམ་སྦེ་ གཅིག་ག་ཅི་ འ་ནཱི་འདི་ ཤུགས་ར་ གཙོ་བོ་འདི་ མར་རྒྱ་དམག་གི་དོན་ལས་སྦེ་ ཏེ་དེ་ལས་ ཨིན་རུང་ར་ འ་ནཱ་ ཁོང་ མར་ལས་ར།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཤུལ་ལས་ཟེརཝ་ད་ ཧ་ལམ་ རྫོང་ཤུབས་ནི་དེ་འབད་བ་ཅིན་ ཧ་ལམ་ གནམ་ལོ་འབད་བ་ཅིན་ ཧ་ལམ་ ༡༥༠༠ དེམ་ཅིག་ནང་ར་ འ་ནཱི་བཟུམ་ བཤུབ་བཤུབཔ་བཟུམ་ཅིག་ཨིན་ཟེར་ ངའི་ཨང་རྒས་ བསམ་གྲུབ་ཆོས་འཛོམས་ཟེར་མི་གིས་ འ་ནཱི་བཟུམ་སྦེ་ ང་ལུ་ སླབ་སྟེ་ཡོད་ཨིན།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་དེ་ལུ་ཏེ་ ག་དེ་སྦེ་སྨོ་ཟེར་བ་ཅིན་ འདི་ལུ་ འགོ་དང་པ་ར་ མར་ལས་ཡར་བལྟ་ ཁོང་ རྒྱ་གར་གྱི་མི་ཚུ་ རྒྱ་གརཔ་ཚུ་ ཏེ་ཡར་བལྟ་ ང་བཅས་རའི་ འབྲུག་ལུ་ ཨ་ཙི་ཅིག་ ཏེ་མང་ཤོས་ར་ སྤོ་སྟེ་ ཆགས་ནི་མངམ་ལས་ ཏེ་འ་ནཱི་ མི་ཚུ་འདི་ཚུ་འོངམ་ད་ཏེ་ ཡར་གྱི་ རྫོང་ཚུ་བཤུབ་ནི་ཟེར་ ཁོང་གི་ ང་བཅས་རའི་ ནཱ་ལུ་ ནཱ་ རྒྱ་ལི་ཁ་ཤོར་རྫོང་བཤུབ་ནི་ཟེར་མེན་པར་ ཡར་གྱི་ཚུ་ བཤུབ་ནི་ཟེར་ འོང་བའི་བསྒང་ལུ།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་ཁོང་ཚུ་ཏེ་ ག་ཅི་ཅིག་འབད་བ་ཅིན་ ཏེ་འ་ནཱི་ རྫོང་དཔོན་དེ་ཡང་ ནང་ན་སྦེ་ ཏེ་འ་ནཱི་ རྫོང་དཔོན་ལུ་ བཤུབ་པའི་བསྒང་ལུ་ རྫོང་དཔོན་གྱི་མིང་དེ་ རྫོང་དཔོན་ ཀོ་ལོག་པ་ཟེར་ཨིན་མས་ལགས། ཏེ་དེ་ལས་ བཟོཝ་ཟེར་མི་སྡོད་ནུག། ཁོང་གི་ བཟོཝ་ གནམ་མེད་ས་མེད་ མཁས་དྲགས་ ཏེ་འ་ནཱི་ བཟོཝ་མཁས་དྲགས་དེ་ཡང་ བཟོ་ངན་བཏོན་པ་ཟེར་ སླབ་ཨིན་མས། ཏེ་འ་ནཱི་ལས་ བཟོཝ་ གནམ་མེད་ས་མེད་ བཟོ་སྦོམ་ ཏེ་ཨ་མ་ཡང་ གནམ་མེད་ས་མེད་ཤུགས་ཅན།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་འ་ནཱི་ རྫོང་ལས་སྦེ་ ཏེ་བཀའ་ལེན་ཟེར་མི་ རྫོང་གི་ ཁོང་ རྫོང་དཔོན་གྱི་ བཀའ་ལེན་ཟེར་མི་དེ་ རྩ་རྒས་བཟུམ་ཅིག་ཡོདཔ་ལས་ བཀའ་ལེན་པ་རྩ་རྒས་ཟེར་ ཏེ་དེ་བསྒང་ལས་ འགོ་དང་པ་ཚར་གཅིག་ མར་ལས་ཡར་བལྟ་ རྒྱ་དམག་འོང་པའི་བསྒང་ལུ་ དེའི་ཕར་ཁ་ཐུག་ མཆོད་རྟེན་ཟེར་ས་སྡོདཔ་ད་ རྡོ་སྦོམ་ཅིག་གུ་སྡོདཔ་ད་ལུ།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:མར་ལུ་ ཁོང་ཏེ་ རྒྱ་གར་གྱི་ དམག་དཔོན་འདི་ཚུ་ དཔྱལ་ཐེ་ལེང་ལེང་(ལང་ལང) དཔྱལ་ཐེ་ལང་ལང་སྦེ་ སྡོད་སར་མཐོང་ནུག་ལགས། འ་ དེ་ནང་ལུ་ལྷོདཔ་ད་ ཚུར་ རྫོང་དཔོན་གྱིས་གཟིགས་ཏེ་ འུམ་ ང་བཅས་རའི་ འ་ནཱ་ནང་ལུ་ཏེ་ ལཱ་ངན་པ་འབད་ནི་བཟུམ་ཅིག་ འོང་ནི་མས་ཨིན་མས། ང་བཅས་རའི་ འབྲུག་ལུ་ གནོདཔ་བསྐྱལ་ནི་འོང་ནི་ཨིན་མས་ཟེར།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:འ་ ཀྲོབ་མདའ་རྐྱབ་ད་ ཁོ་གི་ དཔྱལཝ་གུ་ཕོག་སྟེ་ ཏེ་ཁོང་ཚུ་ གནམ་མེད་ས་མེད་ ག་ར་ཏེ་ མར་བལྟ་བྱོག་སོང་སྟེ་ མར་ལས་མར་ བྱོག་སོང་སྟེ་ གནམ་མེད་ས་མེད་ གཅིག་གི་གཅིག་སྡོད་མ་ཚུགས་པར་ བྱོག་སོང་སྟེ་ ནཱ་ལས་མར་ བྱོག་སོང་ཞིནམ་ལས་ ཁོང་ཚུ་ར ཨེབ་ ཨེབ་སྟེ་ མར་ལས་མར་བལྟ་ ལོག་སྟེ་རྒྱ་ལུ་ར་ ལོག་འབྱོན། ཁོང་ཚུ་ ཧིང་སངས་ས་ར་འགྱོ་ཚར་ཏེ་ ཧིང་སངས་ས་སོང་ཚར་ཏེ།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་དེའི་ཤུལ་ལས་ཟེརཝ་ད་ ད་རུང་ར་ ཐོན་ཐོནམ་ཨིན་མས། དེ་ལུ་ཏེ་ ཁོང་ཚུ་ ནཱ་ལུ་ཏེ་ ང་བཅས་རའི་ ནཱ་ རྒྱ་ལི་ཁ་ཤོར་རྫོང་འདི་ བཤུབ་ཟེར་མེན་པར་ ཁོང་ཚུ་ ཡར་བལྟ་ ཡར་དབང་ཆོས་གླིང་ཟེར་ས་ལས་ ཡར་བལྟ་ར་འགྱོ་ནི་གི་ དམག་འཁྱིད་དེ་ འོང་འོངམ་ཨིན་པས། ད་རུང་ ད་རུང་ ལོ་དགུ་ བཅུ་ཐམ་དེ་ཅི་ལས་འབད་བ་ཅིན་ ཏེ་འ་ནཱི་ལུ་ ཏེ་ ད་རུང་ ཕར་ལས་བལྟཝ་ད་ རྫོང་ནང་ལས་བལྟཝ་ད་ ཏེ་རྒྱ་གརཔ་ཚུ་ ལྟེམ་ལྟེམ་ ཕར་ལས་གཞུང་ལམ་ལས་སྦེ་ གྱལ་མནར་ཏེ།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:འོང་འོངམ་ཨིན་མས། ཏེ་ད་རུང་ར་ འ་ནཱི་ ཕྲང་སྟེ་ལྷོདཔ་ད་ལུ་ཏེ་ ཨ་ འ་ནཱི་གི་ ཏེ་འ་ནཱི་ རྫོང་དཔོན་གྱི་མི་གིས་ ད་རུང་ར་ རྫོང་དཔོན་གྱིས་ འ་ ད་འབདན་འོང་དོ་ཟེར་ འ་ ད་རུང་ ཀྲོབ་མདའ་རྐྱབ་ད་ལུ་ཏེ་ དང་ཕུགས་ འདི་བཟུམ་རྐྱབ་ཅི་ཟེར་ འ་ནཱེ་སྦེ་རྐྱབ་ད་ལུ་ དེ་གུ་མ་ཕོག་པར།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:འ་ དེ་ལས་ཏེ་ ཡར་བལྟ་འགྱོ་ནི་གི་ དམག་ཡང་མེན་པས། འ་ནཱི་དེ་ ནཱ་ལུ་འཛེག་མི་ འ་ནཱི་ཨིན་མས་ཟེར་ སླབ་ཅི། ཏེ་འ་ནཱི་ རྫོང་དེ་བཤུབ་བཏང་ ལྟག་ལུ་འཛེག་སྟེ་ ཏེ་འ་ནཱི་ཚུ་ག་ར་བཤུབ་སྟེ་ བཀའ་འགྱུར་ བསྟན་འགྱུར་ཚུ་ག་ར་ ཁོང་ཚུ་གིས་ མདོ་ཆ་མཉམ་རྩ་བར་ཕབ་སྟེ་ ཏེ་འ་ནཱི་ཚུ་ ཤོག་གུ་ཆ་མཉམ་གདན་བཟོ་སྟེ།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་སྐུ་ཚུ་བཤུབ་སྟེ་ ཏེ་སྐུ་ཚུ་ཆ་མཉམ་ མགུ་ཏོག་ཚུ་ཆ་མཉམ་ཐབ་རྡོ་བཟོ་སྟེ་ ལྟོ་བཟོ་སྟེ་ ཏེ་དེ་སྦེ་སྡོད་པའི་བསྒང་ལུ་ སྐུའི་ཚོན་ འ་ནཱི་ སྐུ་གི་མགུ་ཏོག་གི་ འཚོ་གཞི་ཚོན་ཚུ་འབད་མི་ཚུ་ག་ར་ མེ་གི་བཞུ་འགྱོཝ་ད་ལུ་ དབའི་ སྐུ་ཚུ་རྔུའུ་འདྲས་ཟེར་ཟེར་ ཁོང་ཚུ་ བློ་སླབ་ས་ཡང་མཐོང་ནུག་ལགས་ ལ་ལུ་གིས།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:འ་ནཱི་ བཀའ་ལེན་རྩ་རྒས་ཟེར་མི་འདི་ འ་ནཱི་གི་ སྦོ་ལོགས་ཁར་ ཤིང་ཅིག་སྡོད་སྡོདཔ་མས་ལགས། འ་ནཱི་ ཤིང་གི་རྩེ་ལས་སྦེ་སྡོདཔ་ད་ ཏེ་འ་ནཱི་གི་ ཁོང་གིས་ ཁྱོད་ ག་ཅི་སྨོ་ཟེར་ གཡོག་པོ་ཨིན་ན་ཟེར་ སླབ་ད་ གཡོག་པོ་ཡང་ཨིན་ཟེར་ ཁོ་གིས་ སླབ་དཔ་ལས་ ཁོ་ཡང་ ཀྲོབ་མདའ་རྐྱབ་སྟེ་ ཁོ་ འ་ནཱི་ཡང་ ཤི་ཤིཝ་ཨིན་པས།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་འ་ནཱ་ལས་ ཁོ་ཡང་ འ་ནཱ་མེདཔ་སོང་ཞིནམ་ལས་ དེ་ལས་ཏེ་ འ་ནཱི་ བཤུབ་པའི་བསྒང་ལུ་ ཨ་ རྫོང་དཔོན་བྱོག་བྱོན་བྱོནམ་ཨིན་མས་ལགས། བྱོག་བྱོན་ཏེ་ མར་ གྲངས་ཟམ་འདི་ བཏོགས་བཏང་ནི་ཟེར་ ད་འབདན་ཟེར་ བྱོག་སོང་སྟེ་ ཏེ་ཨ་མ་གིས་ཏེ་ བྱི་རུ་བཟུམ་ཅིག་ སྐུདཔ་བཟུམ་ཅིག་ ཨ་ཙི་རེ་ ཁག་ཆེ་ཤོས་ རྫོང་རྒྱབ་ལས་སྦེ་ འབག་སོང་སྟེ་ བྱོག་སོང་ཞིནམ་ལས་ཏེ་ རྫོང་འདི་ འ་ནཱ་ལས་ རམ་སྦེ་བཤུབ་སྟེ་ ཏེ་འ་ནཱེ་སྦེ་འབད་ཞིནམ་ལས་ མཇུག་བསྡུ་ད་ཡི་ཤ་ལི། རྒྱ་ལི་ཁ་ཤོར་ཟེར་རྩིཝ་ཨིན་ རྫོང་ཟེར་མི།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་འ་ནཱ་ལས་ མཇུག་འདི་ ཤ་ལི་ཟེར་མི་འདི་ འདི་ལས་སྦེ་ འབོ་སྟེ་ ཏེ་དེ་ལས་མར་བལྟ་ ང་བཅས་ར་ གཡུས་ནཱ་ལས་ཕར་ གཡུས་ཚན་དག་པ་ཅིག་ཡོདཔ་ཨིན། ག་ཅི་ར་སྨོ་ཟེར་བ་ཅིན་ ཏེ་འ་ནཱི་འདི་ ཤུལ་ལས་ཨིན་པས། ཤུལ་ལས་སྦེ་ ཏེ་ད་ལྟོ་ ལོ་ཉིས་བརྒྱ་མ་འགྱོ་བས། གཅིག་བརྒྱ་ལྷགཔ་ཅིག་འགྱོ་འགྱོཝ་འོང་། ཏེ་འ་ནཱ་ནང་ཏེ་ ཏེ་གཡུས་དགོན་པ་འུང་ཟེར་མི་ཡོད། ཏེ་ དགོན་པ་འུང་ཟེར་མི་དེ་ཡང་།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་འ་ནཱི་ དགོན་པ་འུང་ཟེར་མི་ཡང་ ཏེ་གཡུས་ཁའི་ མི་གིས་ མ་ཎི་ཚུ་གྱངས་ཏེ་སྡོད་ནི་ཟེར་ དགོན་པའི་ཐང་ཅིག་ཨིན་ཟེར་ དགོན་པ་ལུ་ མ་ཎི་གྱངས་སྡོད་སའི་ཐང་ཅིག་ཡོདཔ་ལས་བརྟེན་ཏེ་ དགོན་པའི་འུང་ཟེར་ དགོན་པ་འུང་ཟེར་ འབོ་མི་ཡང་ དེ་སྦེ་ཨིན། ཏེ་དགའ་མང་ཟེར་ཡང་ འབོ་སྟེ་ཡོདཔ་ཨིན། ད་རེས་ནངས་པ་ དགའ་མུང་ཟེར་མི་འདི།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་འ་ནཱི་ མི་ཚུ་གིས་ ཧེ་མ་ ཡར་ རྫོང་བཞེངས་པའི་བསྒང་ལུ་ དང་ཕུ་ཏེ་ འ་ནཱ་ལས་ ས་ གམ་ས་ འདམ་ས་བཏོན་འབག་མི་ འ་ནཱི་གི་ དོང་བཏོན་མི་གི་ གམ་ས་བཏོན་མི་ དོང་ གམ་དབང་ཟེརཝ་ལས་བརྟེན་ཏེ་ ཏེ་དེ་གི་ཨིན་ཟེར་གསུངས་ཡི། ཏེ་དེ་ནང་ལས་མར་བལྟ་ ཏེ་དེ་བསྒང་ལུ་ ཤུལ་ལས་ཨིན། འ་ནཱི་ ཐེད་རྩི་འུང་ཟེར་མི་ཡང་ ག་དེ་སྦེ་ཐེད་རྩི་འུང་ཟེར་མི་དེ་ ཏེ་གླང་ཐེད་ཙི་ཟེར་ཡོད། འ་ནཱི་ ཉལ་ཏེ་ བཤལ་སྡོད་སའི་ཐང་ཟེརཝ་ལས་ ཐེད་རྩི་འུང་འབོ་སྟེ་ཡོད།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:དེ་ལས་ ཏེ་ཚུར་ཧོངས་ལུ་སྦེ་ ནོང་གར་ཟེར་ཡོད། ཏེ་ཚེད་པ་འུང་ཟེར་ཡོད། ད་ ཚེད་པ་འུང་ཟེར་མི་ཡང་ ཚེ་ད་པ་ཟེར་ གླང་ ཚེད་པ་ཟེར་མི་ཅིག་ཡོད། འདི་ཁར་ར་ ཉལ་ཏེ་བཤལ་སྡོད་ཏེ་ འདི་ནང་ར་སྡོད་སའི་ ཐང་འབདཝ་ལས་ གླང་ཚེད་པའི་ཐང་ཟེར་ ཏེ་དེའི་ཕར་ཧོངས་ལུ་ གླང་ ནག་པོས་ཟེར་ཡོད། ཏེ་ནག་པོས་ཀྱི་ཐང་ཟེར་ ཏེ་འ་ནཱི་ ནག་པོའི་འུང་ཟེར་ འབོ་འབོཔ་ཨིན་ལགས།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་དེ་ལས་ ནོང་གར་ཟེར་མི་ཡང་ ཏེ་གླང་ཅིག་གི་ མི་ འདི་ནང་སྡོད་པའི་བསྒང་ལུ་ འ་ནཱི་ཐང་གི་སྦུག་ལུ་ རྩ་བཟའ་སྡོདཔ་ད་ མི་ རྡུང་རྡུངམ་ཨིན་མས། འ་ནཱི་ རྡུངས་ཞིནམ་ལས་ཏེ་ རྡུངས་རྡུངསམ་གྱི་ཐང་ཟེར་ རྡུངས་ རྡུངས་བྱིན་སའི་ཐང་ རྡུངས་བའི་ཐང་ཟེར་ རྡུངས་ཐང་(ནོང་གར)ཟེར་ དེ་ལས་ཏེ་ ནོང་གར་ཟེར་བརྩི་ཡི།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་འ་ནཱ་ལས་ ཏེ་འ་ནཱ་ལས་ དང་ཕུགས་ འ་ནཱ་ རྫོང་ཡོད་པའི་བསྒང་ལུ་ ཏེ་མར་གདན་ཕྱི་ཟེར་མི་འདི་ འདི་ནང་སྒོ་སྦེ་ དང་ཕུགས་རྡོའི་སྒོ་ཡོདཔ་ཨིན་པས། ཏེ་གདན་ཁྲི་ཟེར་མི་འདི ང་བཅས་རའི་ རྡོ་གི་ གོན་ཐེ་བཟོ་ཡོད་མི་ གདན་ཁྲི་སྒོ་ཟེར་ ཏེ་འ་ནཱི་ གདན་ཕྱི་ཟེར་ འབོ་དགོ་པའི་ཁུངས་ འ་ནཱིི་ཨིན་པས། དང་ཕུ་ ཨང་རྒས་ཚུ་ ཁོང་གིས་ བློ་སླབ་སླབ་ཀྱི་ ཏེ་འ་ནཱ་ལས་ ད་ དགོན་པའི་འུང་ཟེར་མི་ལུ་ཏེ།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་འབའ་ཡང་ ཡོདཔ་ཨིན་མས་དེ་ནང་། རྡོའི་འབའ་ཡོད་པའི་སྐབས་ལུ་ཏེ་ རྡོ་ ཧ་ལམ་ ངབཅས་རའི་ མི་ཚད་མ་ཅིག་ ཤོང་བའི་རྡོའི་འབའ་་ཡོད།ད་ལྟོ་ཡང་ཡོད།གཅིག་འདི་ ཕར་མདའ་སྒོར་ཧོངས་ལུ་སྦེ་ ཏེ་འ་ནཱི་འདི་ དང་ཕུ་ མཱན་གསང་ཟེར་མི་སྡོད་པའི་སྐབས་ལུ་ཟེར་ སླབ་ནི་ཡོདཔ་ཅིག་མ་གཏོགས་ ཏེ་ངོ་མ་སྦེ་ ཏེ་མཐོང་མི་མེད།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་འ་ནཱི་ མཱན་གསང་འདི་ ཏེ་འ་ནཱི་ མདའ་སྒོར་ཁ་ཐུག་ལུ་སྦེ་ མཱན་གསང་གི་ ཁོ་གི་ ཞབས་རྗེས་ཟེར་ རྐང་རྗེས་འདི་ཡང་ འདི་བཟུམ་སྦེ་ གཅིག་སྟོན་ནི་ཡོདཔ་ཨིན་ལགས། ད་ མདའ་སྒོར་ཟེར་བའི་བསྒང་ལུ་ཏེ་ ཁོ་གི་ འདི་ལས་ཕར་བལྟ་ ང་བཅས་ཀྱིས་འབད་བ་ཅིན་ རྡོ་སྒོར་རྡོ་ དོས་སྒོར་རྐྱབ་ནིའི་རྡོ་འབདཝ་ལས་ ཏེ་རྡོ་སྒོར་རྐྱབ་པའི་རྡོ་འབདཝ་ལས་ མདའ་སྒོར་ཟེར་འབོ་མི་ཡང་ འདི་ཨིན་ཟེར་ ཧེ་མ་ དེ་སྦེ་བློ་སླབ་ཅིག།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་འ་ནཱི་ལུ་ ད་ལྟོ་ཡང་ འ་ནཱི་ཚུར་ལྟག་སྟེ་ ཏེ་མཱན་གསང་སྡོད་པའི་བསྒང་ལུ་ གཅིག་དེ་རྐང་པ་ འ་ནཱི་ ཁོ་གི་ རྐངམ་གཅིག་མདའ་སྒོར་ཁ་ཐུག་ གཅིག་ཨ་ཙི་ཅིག་མར་ཨིན། འ་ནཱི་ ཨ་ཙི་ཅིག་ཚུར་ཁ་ཐུག་ལུ་ འ་ནཱ་ལུ་སྡོད་དེ་ ཏེ་རྡོ་སྦོམ་ཅིག་ ཕར་ལས་ཚུར་ བཀོ་བཞགཔ་ད་ མ་པ་ཏེ་ རྫོང་གུ་ ཨ་ཙི་ཅིག་མ་ལྷོད་སྦེ་ མར་གྱི་ སྦོ་ལོགས་ཁར་ཕོག་ཕོགཔ་ཨིན་པས།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་འ་ནཱི་ རྡོ་ཡང་ ད་ལྟོ་ སྤོ་ཏོ་སྦེ་ ཧ་ལམ་ སྣུམ་འཁོར་ཀྲག་གཅིག་གི་ དོས་ཨ་ཙི་ཅིག་ ཕིཊ་འབད་བ་ཅིན་ ཡར་བལྟ་ མི་ཀྲར་ ཕྱེདདག་གསུམ་དེ་ཅིག་ ཕར་ཚུར་ཕྱེད་དག་གསུམ་དེ་ཅིག་ ཏེ་གྲུ་བཞི་ ཨ་ཙི་ཅིག་མེན་པར་ ཟུར་གསུམ་བཟུམ་ཅིག་སྦེ་ རྡོ་ཡང་བལྟ་ས་ར་ཡོད། ཏེ་འ་ནཱི་ རྡོ་ཨིན་མས་ལགས་དང་ཕུགས། ཏེ་འ་ནཱི་ རྡོ་ཡང་དེ་སྦེ་བཞག་སྟེ།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་དེ་ལས་ ང་བཅས་རའི་ འ་ནཱི་ ཤུ་མར་ཟེར་བའི་སྐབས་ དེ་བསྒང་ལུ་ གཡུས་ཚན་ཡང་ཉུང་སུ་ དང་ཕུགས་དེ་མེདཔ་ཨིན་པས། དེ་བསྒང་ལུ་ ལོ་ ༡༣༠ དེ་ཅིག་འགྱོ་འགྱོ་འོང་ དེའི་བསྒང་ལུ་ཏེ་ གཡུས་ཚན་ཚུ་ཡང་ཆགས་སྟེ་ ཏེ་དང་ཕུགས་ཀྱི་ དངཕུགས་ འ་ནཱི་ ཧེ་མ་ལས་ར་ རྡོ་སྦོམ་གཅིག་ གླང་པོ་ཆེའི་དབྱིབས་བཟུམ་ཅིག་ཡོད། ཏེ་འ་ནཱི་འདི་ གླང་པོ་ཆེའི་ཆེཝ་(མཆེཝ)འདི་ ས་ཁར་ཤུ་མ་(བཙུགས)ཟེར་ ཤུ་མ་ཟེར་མི་འདི་ འ་ནཱ་ལས་ འབོ་འབོཔ་ཨིན་ཟེར་ འ་ནཱི་གི་ བཏམ་ལོ་རྒྱུས་ཨ་ཙི་ཅིག།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་འ་ནཱ་ལས་ འདི་མར་བལྟ་ དེ་ལས་ དེ་ལས་ བང་མཚོ་ཟེར་མི་འདི་ ད་རེས་ནངས་པ་ བང་མཚོ་ཨིན་ལགས། ཏེ་དང་ཕུགས་འབད་བ་ཅིན་ བང་བཙོང་ཡི་ ཁོང་ཚུ་གིས་ བང་བཙོང་ཡི་ཟེར་ ཏེ་བང་བཙོང་ཨིན་ དང་ཕུགས་དེ། ཏེ་འདི་ལུ་ ཏེ་ད་ ཁོང་ ཏེ་ད་ལྟོ་ འ་ནཱེ་བསྒང་ལུ་ ཁོང་ རྫོང་དཔོན་སྡོད་པའི་བསྒང་ལུ་ ཤ་རོགསཔ་ཅིག་ཡོདཔ་ཨིནམ་པས། ཏེ་ ཤ་རོགསཔ་ཟེར་ཡོད་པའི་སྐབས་ལུ།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་རྫོང་དཔོན་གྱི་འོག་ལུ་སྦེ་ ཏེ་ད་ ཁོང་ ང་བཅས་རའི་ པདྨ་དགའ་ཚལ་སླབ་མི་ ཁོལ་གདུང་ཟེར་ ཧེ་མ་ ཁོལ་ཟཔ་ རྒྱ་གར་ལེ་ཤ་ ཅིག་ འདི་ནང་གར་ཆགས་ཏེ་ ཁོང་ འདི་ནང་ ལཱ་འབད་ནི་གི་ ཤིང་འཐེན་ནི་གི་ དེ་སྦེ་རྐྱབ་སྟེ་ ཏེ་རྫོང་གི་རྩ་བར་ འ་ནཱི་ལས་ ཨ་ཙི་ཅིག་ ཚུར་བལྟ་སྟེ་ རྫིང་ཧོག་ཀ་སྦེ་ཡོད། འ་ནཱ་འདི་ ཏེ་ཉ་རྫིང་ཟེར་ སླབ་ཨིན། ཏེ་ཁོང་ ཉ་གསོ་ས་གི། ཏེ་འ་ནཱ་ལས་ཕར་ལས་ ཆུ་འཐེན་འབག་མི་གིས།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་ཁོལ་ཟཔ་ཚུ་ཆགས་ཆགས་ཀྱི་ ཁོལ་གདུང་ཟེར་ འབོ་འབོཔ་ཨིན་དང་ཕུགས། འ་ནཱ་ཁོལ་གདུང་ ཁོལ་ཟཔ་ཀྱི་གཡུས་ཟེར་ འབོ་མི་འདི་ ད་རེས་ནངས་པ་ ༡༩༦༠ དེ་ཅིག་གི་ ནང་ལུ་ཏེ་ ང་བཅས་རའི་ སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ ང་བཅས་རའི་ པདྨ་དགའ་ཚལ་ལས་ ཡོངས་ལ་ ཨ་རྒས་བླམ་ བསོད་ནམས་བཟང་པོ་གིས་ གདན་འདྲེན་ཞུ་སྟེ་ འདི་ནང་ལུ།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:དེ་བསྒང་ལུ་ མཚན་གསོལ་ཏེ་གནང་ཡི། ཏེ་དེ་བསྒང་གི་ ཡར་བལྟ་འདི་ པདྨ་དགའ་ཚལ་ཟེར་ བརྩིཝ་ཨིན། ཏེ་འ་ནཱ་འདི་ ཧེ་མ་དེ་སྦེ་སྡོད་སྡོདཔ་ཨིན་པས། ཏེ་ ད་ལྟོ་འབད་རུང་ཡང་ ས་དང་ག་ནི་ཡང་ དེ་སྦེ་ར་ ལེགས་ཤོམ་སྦེ་ འགྱོ་སྟེ་ཡོད། ཏེ་འ་ནཱི་འདི་ ཏེ་ ད་ལྟོ་ ཨ་ཙི་རེ་ མིང་འགྱུར་བཅོས་འགྱུར་བཅོས་ཡོད་མི་ འ་ནཱི་ཨིན་ལགས།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་ང་བཅས་ར་ ནཱ་ཤ་ལི་གི་ཡང་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ང་བཅས་ར་ ཏེ་གནམ་ལོ་ ༢༠༠༣་གྱི་སྐབས་ལུ་ སྣུམ་འཁོར་ལམ་ཡང་ གསརཔ་འ་ནཱེ་བསྒང་ལུ་ ལྷོད་ལྷོདཔ་ཨིན། ཏེ་ད་རེས་ནངས་པ་ འགྱུར་བཅོས་ ཨ་ཙི་རེ་སོང་སྟེ་ ཏེ་དེ་ལས་ ཨ་ཙི་ཅིག་ ཧེ་མའི་སྐབས་ལུ་ཏེ་ འ་ནཱི་ བང་བཙོང་ཟེར་སའི་ ཨ་ཙི་ཅིག་ མར་འབདཝ་ད་ཏེ་ ཁོང་གི་ འ་ནཱི་ ཤ་ལི་མཁར་རྫོང་དཔོན་གྱི་ ཁོང་ ཤ་འཚོལ་བཞག་བཞགཔ་གི་ མི་ཅིག་ཡོདཔ་ཨིན་པས་ དེ་ཁར།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཤ་རོགསཔ་གི་མིང་ རྡོ་རྗེ་ཟེར་མི་ཅིག་ཨིན་པས་ལགས། ཏེ་འ་ནཱི་ ཤ་རོགསཔ་ཀྱི་ཏེ་ ག་ཅི་སྨོ་ཟེར་བ་ཅིན་ ཏེ་ཤ་རོགསཔ་དེ་ ཤ་བདའ་ནི་གི་ ཨ་རྟག་ར་ ཕར་འགྱོ་ ཚུར་འོང་སྡོདཔ་ད་ ཏེ་ཁོ་གི་ ཨ་མ(ཨམ་སྲུ་)འདི་ ཏེ་ཨ་ཙི་ཅིག་ ཨ་ཙི་ཅིག་ ང་བཅས་ར་ ག་དེ་སྦེ་སླབ་སྨོ་ཟེར་བ་ཅིན་ ཏེ་ཨ་ཙི་ཅིག་ ཁོང་གཞན་ མི་ཚུ་གིས་ བར་བར་ན་ ལུས་འབྲེལ་འབད་ནུག། ག་ཅི་འདུག་ཟེར་ ཏེ་ཁོང་གཉིས་ནང་ ཁ་ཤགས་ཨ་ཙི་རེ་ ཨ་ཙི་རེ་ འགྱོ་འགྱོཝ་ཨིན་པས་དང་ཕུགས།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་དེ་ལས་ མོ་གིས་ དེ་སྦེ་ར་འབད་བ་ཅིན་ཟེར་ ཤ་རོགསཔ་ཡང་ ཨ་ཙི་ཅིག་ ཙིགཔ་ཟ་སྟེ་ ཡ་ དུས་ཨ་རྟག་ར་ དེ་སྦེ་ར་ཨིན་མས་ཟེར་མནོ་སྟེ་ ཏེ་ཉིནམ་གཅིག་འབདཝ་ད་ ཤ་བདའ་བར་འགྱོ་བལྟཝ་ད་ ཆུ་གཉིས་ཕྱད་ནུག་ ཧ་ལམ་ སྦུག་ལུ་ ང་བཅས་ར་ མི་ཀྲར་འབད་བ་ཅིན་ མི་ཀྲར་༡༠༠་དེམ་ཅིག་གི་སྦུག་ལུ་ ཆུ་གཅིག་གུ་བལྟཝ་ད་ ཆུ་གཅིག་ ཨ་ཙི་ཅིག་ ཁ་ ཆུ་གཅིག་ཨ་ཙི་ཅིག་ ཁ་ ཨ་ཙི་ཅིག་ གནགཔོ་འཚམས་ཅིག་འདུག་ཟེར་ཨིན་པས།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་ཆུ་གཅིགཔ་འདི་ ཨ་ཙི་ཅིག་ དཀརཔོ་སྦེ་འདུག་ཟེར་ཨིན་པས། ཏེ་འ་ནཱི་ ག་ཅི་ཨིན་ན་ཟེར་བལྟཝ་ད་ ཏེ་འ་ནཱི་ ཆུ་དེ་གུ་ བྱ་ཅིག་འོང་སྟེ་ ཏེ་འ་ནཱི་ ཆུ་གནགཔོ་ནང་འཛུལ་ཏེ་བལྟཝ་ད་ ཏེ་ཆུ་འཐུངམ་ད་ ཏེ་བྱ་འདི་ ཨ་ཙི་ཅིག་ སྦྱར་ནུག་བྱ་ བྱ་སྦྱར་ཞིནམ་ལས་ ཚུར་གྱི་ ཆུ་དཀརཔོ་ནང་འོང་སྟེ་ ད་རུང་ འཐུང་དེས་ཟེར་ཨིན་པས། ཏེ་འ་ནཱི་ ཐོན་ཡར་སོང་ནུག།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:འུམ་ འ་ནཱི་འདི་ ང་དགོ་ནི་ཨིན་མས་ཟེར་འབག་སྟེ་ ཏེ་ཁོ་གིས་ འ་ནཱི་ ཤ་རོགསཔ་དེ་གི་ ཁོ་གི་ ཨམ་སྲུའི་གཟུགས་ཁར་ འ་ནཱི་ ཆུ་གནགཔོ་འདི་གིས་སྦེ་ ཨུར་བཞག་བཞགཔ་ཨིན་ཆ་མཉམ་ ཆུ་གནགཔོ་གི་ ཨུར་ཏེ་ ཁོ་ཡར་སོང་ནུག། ཏེ་སོང་ཞིནམ་ལས་ ཏེ་འ་ནཱི་ ཁོ་གི་ ཨམ་སྲུ་དང་ ཨ་རྟག་ར་ ཁོ་གི་ ཨ་ཙི་ཅིག་ ལུས་འབྲེལ་འབད་མི ཏེ་དེ་སྦེ་འབད་དེ་ ཨ་ཙི་རེ་ འ་ནཱི་སྦེ་འབད་མི་ཚུ་ལྷོད་དེ་ ཁོ་གིས་ དེ་སྦེ་བཞགཔ་ད་ལུ་ཏེ།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་གཟུགས་སྦྱར་ཏེ ཏ་མ་ཕྱི་རུ་ལོག་འོངམ་ད་ལུ་ཏེ་ ཧ་ལམ་ སྦྱར་ཏེ་འདུག་ཟེར་ཨིན་པས་ལགས། ཏེ་འ་ནཱ་ལས་ཏེ་ དེ་བསྒང་ལུ་ཡང་ ཡ་ད་བཞག་ད་ ཁྱོད་ཀྱི་ ལཱ་ལེགས་ཤོམ་འདི་ མི་འབད་བས། དེ་སྦེ་བཞག་སྟེ་ ཏེ་ཤ་རོགསཔ་ ད་རུང་ར་ ནངས་པ་ཡང་ ལོག་སོང་སྟེ་ གཞན་ཚུ་ཡང་ བལྟ་བཅུག་ཟེར་སྡོདཔ་ད་ཏེ།