Skip to main content Skip to search
15 Feb 2017
2 min 19 sec
Video Overview
Creators: 
Dawa Tshering, Thinley Dorji

Lopon Tshering is an eighty-two-year-old astrologer and local savant who settled in Soe Janguthang during the reign of the Second King (1926-52). In this video, he talks about cultural aspects of his village, and the difficulties experienced by his community in the past. In particular, he talks about the sacred site of Jomolhari and its associated deity, Aum Jomo Tshering. Soe and Lingzhi villages propitiate Aum Jomo Tshering as one of their main local guardian deities. The main ritual offering to this deity happens on the 22nd day of the ninth month of the Bhutanese calendar. Local people also perform this ritual at their home whenever someone falls sick. 

Transcript search
No results found for this search
0 of 0
  • རྒྱལ་མཚན Gyeltshen
    ཏེ་ད་ ཨེམ་་་་་ ང་བཅས་ནཱ་ སྲོས་གཡག་གསར་ལུ་འབད་བ་ཅིན་ལགས་ ཏེ་སྲོས་གཡག་གསར་ཟེར་སླབ་སྟེ་འབད་རུང་ ཏེ་ད་ འབྱོགཔ་ས་ལ་མཐོ་ས་ལས་ཕར་སྡོད་མི་འདི་ཚུ་གི་སེམས་ཅན་གྱི་ ཏེ་དང་པ་ར་ གོ་རིམ་ཅིག་ཡོདཔ་ཨིན་ལགས།
  • རྒྱལ་མཚན Gyeltshen
    ཏེ་ད་ གོ་རིམ་འདི་ལུ་ཡང་ འ་ནཱེ་སྦེ་ཨིན་ལགས། དང་པ་ར་ སེམས་ཅན་སྐྱེས་ཚརཝ་ལས་འབད་ མ་ཤི་ཚུན་ཚོད་ཀྱི་བར་ན་ལུ་ལགས། ཏེ་གོ་རིམ་འདི་ ཏེ་དང་པ་ར་ སྐྱེས་ཚར་མི་འདི་ལུ་ བོའུ་ཅུང་ཟེར་ལགས། ཆུང་ཀུ་སྦེ་སྡོད་པའི་བསྒང་ དང་པ་ར་ བོའུ་ཆུང་ཟེར་ སླབ་འོང་ལགས།
  • རྒྱལ་མཚན Gyeltshen
    ཏེ་དེ་ལས་ འ་ནཱ་ལས་ ལོ་གཅིག་འགྱོ་མི་འདི་ལུ་ ཏེ་ང་བཅས་ཀྱིས་ སིར་ཟེར་ སླབ་ཨིན་ལགས། ཏེ་འ་ནཱ་ལས་ ཏེ་ད་ ལོ་གསུམ་ཚུན་ཚོད་སྡོད་མི་འདི་ཚུ་ལུ་ ལོ་གསུམ་ཟེར་ར་ སླབ་འོང་ལགས།
  • རྒྱལ་མཚན Gyeltshen
    ཏེ༌ འ་ནཱི་གི་ ཤུལ་ལས་ཀྱི་འདི་ལུ་ ཏེ་ནོར་ མོ་འབད་བ་ཅིན་ ཇོམོ་ཟེར་ལགས། ཏེ་གཡག་ཕོ་འབད་བ་ཅིན་ གཡག་ཏོག་ཟེར་ སླབ་ཨིན་ལགས། ཏེ་འ་ནཱི་ཤུལ་ལས་ཀྱི་ ཏེ༌ནཱིའི༌ཤུལ༌ལས༌ཀྱི་ ཏེ་འ་ནཱེ་སྦེ་སྡོད་འོང་ལགས། ད་ལྷམ་པ་ཟེར་ལགས། ཏེ་ཨ་ནཱི་ ལོ་གསུམ་ལས་འབྱིད་ ལོ་བཞི་དང་ལྔའི་བར་ན་ལུ་ ཏེ་ལྷམ་པ་ཟེར།
  • རྒྱལ་མཚན Gyeltshen
    ཏེ་ད་སང་ དུས་ཅི་ བོའུ་ཅུང་སྐྱེས་མི་འདི་ཚུ་ལུ་འབད་བ་ཅིན་ ཏེ་ཡམ་ཟེར་ སླབ་ཨིན་ལགས། ཏེ་སང་ཕོད་ བོའུ་ཅུང་སྐྱེས་མི་ ད་སང་ཕོད་བོའུ་ཅུང་སྐྱེ་ནི་སྐྱེ་ནི་ཡོད་མི་འདི་ཚུ་ལུ་འབད་བ་ཅིན་ ཏེ་ནཱི་ལུ་ གྲམ་ཟེར་ སླབ་ཨིན་ལགས།
  • རྒྱལ་མཚན Gyeltshen
    ཏེ་ད་གཡག་ གཡག་ལུ་ཡང་ ད་ ཕོ་ལུ་ ལྷམ་པ་གསུམ་སྦེ་ཡོད་ལགས། ཞོལ་ཟེར་མི་ཅིག་ཡོད། ཞོལ་ཕོབ་སླབ་མི་ཅིག་ཡོད། གཡག་ཟེར་ མི་ཅིག་ཡོད་ལགས།
  • རྒྱལ་མཚན Gyeltshen
    གཡག་འདི་འབད་བ་ཅིན་ ཏེ་ད་ང་བཅས་ གཤགས་བཅོས་འབད་ཚར་མི་འདི་ལུ་འབད་བ་ཅིན་ ཏེ་གཡག་ཟེར་ སླབ་ཨིན་ལགས།
  • རྒྱལ་མཚན Gyeltshen
    ཏེ་ ཞོལ་ཟེར་མི་འདི་ གཤགས་བཅོས་མ་འབད་བ་ལགས། ནོར་རིགས་ལེགས་ཤོམ། བོའུ་ཅུང་སྐྱེ་རུང་ཡང་ ལེགས་ཤོམ་སྐྱེས་མི། སྤུ་ཁ་ལེགས་ཤོམ་ ཏེ་འ་ནཱི་འདི་ཚུ་ལུ་འབད་བ་ཅིན་ ཏེ་ཨ་ནཱི་དེ་ ང་བཅས་ཀྱིས་ ཤ་གཤགས་བཅོས་མ་འབད་བར་བཞག་འོང་ལགས། ཏེ་འ་ནཱི་ལུ་འབད་བ་ཅིན་ ཏེ་ཞོལ་ཟེར་ སླབ་ཨིན་ལགས།
  • རྒྱལ་མཚན Gyeltshen
    ཏེ་ད་ དེ་གི་ཤུལ་ལས་ ཏེ་ད་རུང་ ཞོལ་ཕོབ་ཟེར་ལགས། ཏེ་ཁོ་ ལོ་ཡང་ ཧ་ལམ་རྒས་སུ་ཅིག་སྦེ་འགྱོ། དེ་ལས་ རང་གི་ནོར་དང་མ་སྡོད་འབད་བ་ཅིན་ ཏེ་འ་ནཱི་ཤ་འདི་ ཏེ་འ་ནཱི་འདི་ ང་བཅས་ཀྱིས་ གཤགས་བཅོས་འབད་ལགས། ཏེ་འ་ནཱི་ལུ་ ཞོལ་ཕོབ་ཟེར་ སླབ་ཨིན་ལགས།། །།