Skip to main content Skip to search
21 Jun 2018
15 min 37 sec
Video Overview
Creators: 
Duptho, Sonam Chophel

Dorji Phuntsho, a caretaker of the temple, narrates an account of Namdrol Choling temple in Radhi, Trashigang. The temple is believed to have been built by Trongsa Dronyer Ugyen Dorji in the 20th century. The temple has many houses with sacred relics, including a bone rosary, a belt of a Ama Jomo, a small Rhino horn, statues of Ama Jomo, and the terma statue of Lord Buddha.  

 

ར་དྷི་རྒེད་འོག་ རྣམ་གྲོལ་ཆོས་གླིང་ལྷ་ཁང་གི་ལོ་རྒྱུས་འདི་ དཀོན་གཉེར་རྡོ་རྗེ་ཕུན་ཚོགས་ཀྱིས་ བཤདཔ་ཨིནམ་ད་ ལྷ་ཁང་འདི་ དུས་རབས་ ༢༠ པའི་ནང་ ཀྲོང་གསར་མགྲོན་གཉེར་ ཨུ་རྒྱན་རྡོ་རྗེ་ཟེར་མི་གིས་ བཞེངས་བཞེངསམ་ཨིན་སྦེ་མས། ལྷ་ཁང་འདི་ནང་ ནང་རྟེན་སྦེ་ རུ་ཏོའི་ཕྱེམ་ ཨམ་ཇོ་མོའི་སྐུ་བཅིང་དང་ ནོརཔ་བསི་ལིའི་རྭཝ་ འདི་ལས་ད་རུང་ ཨམ་ཇོ་མོ་དང་ མེ་མེ་དྭངས་གླིང་གི་བཀའ་ཁྲབ་དང་ འདི་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ གཏེར་མའི་སྐུ་འདྲ་ཚུ་འདུག། 

 

Transcript search
No results found for this search
0 of 0
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ལགས་སོ་ ད་ལྟོ་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ནཱ་ ར་དི་རྣམ་གྲོལ་ཆོས་གླིང་འདི་ ཆགས་པའི་ཆགས་ཚུལ་འདི་ ཏེ་ ལོ་རྒྱུས་ཆུང་ཀུ་ཅིག་ ད་ལྟོ་ ག་ཅི་ལོ་ ཞུ་བ་ཅིན་ ཏེ་ད་ལྟོ་ལྷ་ཁང་ཆགས་པའི་ཆགས་ཚུལ་འདི།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་དང་ཕུ་ ག་ཅི་སྨོ་ཟེར་བ་ཅིན་ འབྲུག་རྒྱལ་དང་པ་ གོང་ས་ཨོ་རྒྱན་དབང་ཕྱག་གི་བསྒང་ལུ་ སྐབས་ལུ་ ཏེ་ང་བཅས་རའི་ནཱ་ར་དི་ལུ་ མེས་མེས་མགྲོན་གཉེར་ཟེར་ཡོདཔ་ཨིན་མས་ ར་དི་ལས་ འ་ནཱི་ཡང་ མེས་མེས་ཨོ་རྒྱས་དབང་ཕྱུག་རང་ཨིན་མཚན་འདི་ ཅོག་རང་འཐདཔ་ཨིན་མས་ཁོང་གཉིསཔ་འདི།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ཨོ་རྒྱན་དབང་ཕྱུག་ཨིན་ལགས་ དེ་ལས་ འ་ནཱི་ཏེ་ ཡར་འབྲུག་རྒྱལ་དང་པའི་ ཏེ་ ཁོ་ གོང་ས་ཨོ་རྒྱན་དབང་ཕྱུག་གི་ ཕྱག་ཞུ་སྟེ་ཡོདཔ་ཨིན་མས་ ཕྱག་ཞུ་སྟེ་ མེས་མེས་དེ་བསྒང་ལུ་ འོག་ལས་ཡོད་ན་མེན་ན།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    མེས་མེས་མགྲོན་གཉེར་སྦེ་ བཀལ་བཞག་སྟེ་ཡོདཔ་ཨིན་མས་ ང་བཅས་རའི་ནཱ་ར་དི་གི་ འ་ནཱི་ མེས་མེས་འདི་ལགས་ ཨོ་རྒྱན་དབང་ཕྱུག་འདི་ལགས་ ཏེ་མེས་ ག་ཅི་ལོ་ མགྲོན་གཉེར་འབད་ ཕྱག་ལེ་ཤ་ཞུ་སྟེ་ ཏེ་འ་ནཱ་ལུ་ མང་ཤོས་ཅིག་རང་འབྲུག་རྒྱལ་དང་པའི་ཕྱག་ཞུ་སྟེ་རང་།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཁོ་གིས་ ལོ་ལེ་ཤ་འབད་དེ་རང་ཁོ་གིས་ ཕྱག་ཞུ་ནུག་ ཏེ་ འདི་གི་ཤུལ་ལས་ བར་ན་ འ་ནཱ་ཡང་ཏེ་ འ་ནཱ་ འབྲུག་རྒྱལ་དང་པ་མཆོག་ ཀྲོང་གསར་གྱི་ དཔོན་སློབ་སྦེ་བཞུགས་ནུག་མེན་ན་དེ་བསྒང་ལུ་ ཀྲོང་གསར་གྱི་དཔོན་སློབ་སྦེ་བཞུགས་པའི་སྐབས་ལུ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ འ་ནཱི་ ང་བཅས་རའི་ མེས་མེས་མགྲོན་གཉེར་ཡང་ཕར་ མེས་མེས་མགྲོན་གཉེར་ཡང་ཕར་ལུ་རང་ གཅིག་ཁར་ཕྱག་ཞུ་སྟེ་རང་ཡོདཔ་ཨིན་མས་ དེ་ལས་ ཀྲོང་གསར་དཔོན་སློབ་སྦེ་བཞུགས་པའི་སྐབས་སུ་ལུ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ འདྲ་མ་འདྲ་གི་ རང་རང་སའི་རྫོང་ཁག་རྫོང་ཁག་དཔོན་སློབ་དཔོན་སློབ་སྦེ་ ལེ་ཤ་ཡོདཔ་ཨིན་མས་ ཏེ་ དཔོན་སློབ་དཔོན་སློབ་སྦེ་ ཏེ་ རྫོང་ཁག་རྫོང་ཁག་ལུ་ ག་ཅི་སྨོ་ཟེར་བ་ཅིན་ འབྲུག་རྒྱལ་པོ་ཟེར་རུང་།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    མིན་འདུག་མེན་ན་ དེ་བསྒང་ལུ་འདི་ རོགས་འབྲུག་རྒྱལ་ ག་ཅི་ལོ་ ཞབས་དྲུང་གིས་མཛད་དེ་བཞུགས་བཞུགསཔ་ལས་བརྟེན་ཏེ་ ཞབས་དྲུང་ ངོ་མ་འདི་ཞབས་དྲུང་རང་ཨིན་མས་ལགས་ ཡར་ལས་འདི་ ཞབས་དྲུང་ཨིན་མས་ ཏེ་ འ་ནཱི་འོག་ལས་ ཏེ་དཔོན་ཟེར་ ཁོང་ལུ་དབང་ཚད་སྦོམ་སྦེ་ག་ལུ་ཡང་མེདཔ་སྦེ་སྡོད་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་དཔོན་སློབ་དཔོན་སློབ་སྦེ་ རོགས་ཞབས་དྲུང་གིས་སྦེ་ བཀལ་གནང་སྟེ་ ཏེ་དེ་ལས་ རྫོང་ཁག་རྫོང་ཁག་ག་ར་ལུ་ དཔོན་སློབ་དཔོན་སློབ་སྦེ་ བཀལ་བཞག་ནུག་ ཏེ་ འབྲུག་རྒྱལ་དང་པ་དེ་ དེ་བསྒང་ལུ་འ་ནཱ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཨིན་ནི་འདི་ འབྲུག་རྒྱལ་དང་པ་འདི་ ཏེ་ ཨིན་ཡང་ང་བཅས་རའི་ནཱ་གི་ ཤར་ཕྱོགས་ཀྱི་ ཀུར་སྟོད་ཀྱི་ དུང་མཁར་ལས་ཨིན་མས་ ཨིན་མས་མེན་ན་ལགས་ད་ལྟོ་ ང་བཅས་རའི་ཞབས་ ཞབས་ད་ལྟོ་ཡང་ ཤར་ཕྱོགས་པའི་དྲངས་སུ་རང་ཨིན་མས་ལགས་ ད་ལྟོ་ང་བཅས་རའི་ཞབས་མངའ་བདག་རིན་པོ་ཆེ་ཡང་།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཞབས་ མངའ་བདག་རིན་པོ་ཆེའི་མེས་མེས་ཨིན་མས་ འབྲུག་རྒྱལ་དང་པའི་ ཏེ་ འ་ནཱི་དེ་ཡང་ ཏེ་འ་ནཱ་ ཀྲོང་གསར་གྱི་དཔོན་སློབ་སྦེ་བཞུགས་པའི་སྐབས་སུ་ལུ་ ཏེ་ འ་ནཱ་ཁོང་ར་དཔོན་སློབ་ཚུ་ ཨ་ཙི་རེ་མ་འཆམ་ལེ་ཤ་ཐོན་ནུག།
  • མ་འཆམ་ལེ་ཤ་རང་ཐོན་ཏེ་ ཨ་ཙི་རེ་ཨ་ཙི་རེ་ཕྱད་མདའ་གནང་དགོཔ་ཐོན་སོང་སྟེ་ དེ་ལས་ འ་ནཱ་ལས་ འ་ནཱི་བཟུམ་ལེ་ཤ་ དུས་ཡང་ལེགས་ཤོམ་མེདཔ་སྦེ་སྡོད་སྡོདཔ་ཨིན་མས་ ཨ་ཙི་ཅིག་ འདི་བསྒང་ལུ་ དེ་སྦེ་ཡར་སོང་སྟེ་ ཏེ་འ་ནཱ་ལུ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཕྱད་མདའ་ཨ་ཙི་རེ་རྐྱབ་དགོཔ་ལེ་ཤ་ཐོན་འོངམ་ད་ལུ་ ཕར་ཧོངས་མ་སྲོག་བཅད་ཡང་ལེ་ཤ་རང་འབད་ཡར་སོང་ནུག་ དེ་ལས་ འ་ནཱི་བར་ན་ འ་ནཱ་ལུ་ཤུགས་འདི་ ག་དྲག་ཟེར་བ་ཅིན་ ཀྲོང་གསར་གྱི་དཔོན་སློབ་དེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཤུགས་འདི་ ཁོ་གི་ ཧེ་མའི་ལུང་བསྟན་དང་འཁྲིལ་ཏེ་འབད་བ་ལས་ ཤུགས་འདི་ ཀྲོང་གསར་དཔོན་སློབ་དེ་ ཤུགས་ཆེ་སྟེ་ ག་ར་ལས་ ཁོ་རྒྱལ་སོང་ནུག་ རྒྱལ་སོང་བའི་སྐབས་སུ་ལུ་ ད་སྲོག་བཅད་ཨ་ཙི་རེ་འབད་འགྱོ་ནི་དེ་གིས་ ལེ་ཤ་འབད་དེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    སོང་པ་ལས་བརྟེན་ཏེ་ ད་རོགས་འབྲུག་རྒྱལ་དང་པ་དེ་ གནམ་མེད་ས་མེད་ཀྱི་ཐུགས་བསམ་འདི་ བཟང་པོ་སྦེ་བཞེས་ཏེ་ ཏེ་ འ་ནཱི་འདི་ ད་འབདནི་ སྲོག་བཅད་ལེ་ཤ་འབད་ཡར་སོང་ཡི་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ད་འབདནི་འ་ནཱི་གི་གཤགས་པ་བཟུམ་ཅིག་སྦེ་ འབད་དགོ་པས་ཟེར་ ཏེ་ དེ་སྦེ་གསུངས་ཡི་ཟེར་ཨིན་མས་ ཏེ་ གཤགས་པ་བཟུམ་ཅིག་སྦེ་ ལྷ་ཁང་གཅིག་བརྒྱ་བརྒྱད་བཞེངས་ནི་ཟེར་ ཏེ་ཁས་བླངས་གནང་ཡོདཔ་ཨིན་མས་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    གཅིག་བརྒྱ་ གཅིག་བརྒྱ་བརྒྱད་བཞེངས་ནི་ཟེར་ ཁས་བླངས་གནང་བའི་སྐབས་སུ་ལུ་ དེ་ལས་ཏེ་ ང་བཅས་རའི་ མེས་མེས་མགྲོན་གཉེར་ཡང་ ཞབས་ཀྱིས་ དེམ་ཅིག་བཞེངས་གནང་ནི་ཨིན་མས་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཞབས་ཀྱིས་གཅིག་བརྒྱ་བཞེངས་གནང་ད་ཟེར་ ང་ཡང་འ་ནཱི་ཤུལ་ལས་སྦེ་ ང་ཡང་གཅིག་ཁར་སྡིག་པ་འདི་བསགས་ཡར་སོང་ཡི་ཟེར་ བརྒྱདཔོ་དེ་ང་གིས་བཞེངས་ནི་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ མེས་མེས་མགྲོན་གཉེར་གྱིས་ཞལ་གྱིས་དེ་སྦེ་བཞེས་ནུག་ལགས་ དེ་ལས་ མེས་མེས་མགྲོན་གཉེར་གྱིས་ ཞལ་གྱིས་བཞེས་ཏེ་ དེ་ལས་ བརྒྱདཔོ་དེ་ བཞེངས་པའི་གྲས་ལས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    གཙོ་བོ་ངོ་མ་ག་ཅི་ལོ་ ད་ལྟོ་གཅིགཔོ་དེ་ ང་བཅས་རའི་ནཱ་ ར་དི་ལྷ་ཁང་ རྣམ་གྲོལ་ཆོས་གླིང་ཟེར་མི་འདི་ ཏེ་ འ་ནཱི་མེས་མེས་མགྲོན་གཉེར་གྱིས་བཞེངས་ཡོད་པའི་ འབྱུང་ཁུངས་འདི་ གཅིག་འ་ནཱི་ཨིན་ལགས་ དེ་ལས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    བཞེངས་དགོ་པའི་གནད་དོན་འདི་ ཏེ་ག་ཅི་སྦེ་བཞེངས་ཡི་ཟེར་བ་ཅིན་ གཅིག་འ་ནཱི་གཤགས་པ་བཟུམ་ཅིག་སྦེ་བཞེངས་ཡོདཔ་ཨིན་ ཏེ་ད་འ་ནཱ་ལུ་རང་ འ་ནཱ་ས་ཁར་ལུ་རང་བཞེངས་དགོ་མི་འདི་ ག་ཅི་སྨོ་ཟེར་བ་ཅིན་ ཏེ་ད་ལྟོ་ ག་ཅི་ལོ་ཨམ་ཇོ་མོ་ ཨམ་ཇོ་མོའི་སྐོར་ལས་ཞུ་དོ་བཟུམ་སྦེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ཨམ་ཇོ་མོ་དང་ གྲུབ་དབང་གྲགས་པ་རྒྱལ་མཚན་འདི་ ཏེ་ ཞབས་ཀྱིས་བཅགས་པའི་གདན་ས་འདི་ འགོ་དང་པ་ འགོ་དང་པོ་དང་པོ་གི་ མི་རབས་ད་ལྟོ་ ང་བཅས་ཀྱིས་སླབ་རང་མི་ཤེས་ དང་པོ་དང་པོ་གི་ ཏེ་ འ་ནཱ་ལུ་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་འ་ནཱ་ལུ་ ཞབས་ཀྱིས་བཅག་གནང་བའི་ ཏེ་ གདན་ས་རྩ་ཆེ་ཤོས་གཅིག་ཨིན་མས་ཟེར་ གདན་ས་རྩ་ཆེ་ཤོས་ལུ་ ཏེ་ད་ལྟོ་ ཇོ་མོ་བཏངམ་ཨིན་མས་ འ་ནཱི་ཇོ་མོ་འདི་ འ་ནཱ་མ་བཏང་ཟེར་ ཇོ་མོ་འདི་ ཡར་སྦེ་ ཡར་བཏང་ཟེར་ ད་ལྟོ་ ཇོ་མོ་རྡོག་སར་ཟེར་ ཡར་སྤོ་སྟེ་ཡོད་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཡར་ ཡར་སྤོ་སྟེ་ ཏེ་ འ་ནཱ་ལུ་འདི་ ལྷ་ཁང་འདི་ མེས་མེས་མགྲོན་གཉེར་གྱིས་སྦེ་ བཞེངས་ཡོདཔ་ཨིན་ལགས་གཙོ་བོ་ངོ་མ་འདི་ ག་ཅི་སྨོ་ཟེར་བ་ཅིན་ དེ་ལས་ ད་ལྟོ་ག་དེ་སྦེ་སྨོ་ཟེར་བ་ཅིན་ ནང་རྟེན་འདི་ བཙུགས་ཚར་ཏེ་ འ་ནཱི་འདི།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ག་ཅི་སྨོ་ཟེར་བ་ཅིན་ མི་སེར་གྱི་ མི་སེར་ཚུ་ཡང་ དམངས་ལཱ་འདི་ཕོག་ནུག་ལགས་ ག་ཅི་སྨོ་ཟེར་བ་ཅིན་ དྲུང་པ་གཅིག་གི་ འོག་ལུ་ཨིན་ཟེར་མི་ཚུ་ལུ་ དམངས་ལཱ་ཕོག་ནུག་ལགས་ དམངས་ལཱ་ ག་ཅི་སྨོ་ཟེར་བ་ཅིན་ ཕོག་ནི་འདི་ཕར་ ཤིང་མཁའ་ལའུ་རི་ལས་ཚུར་ སྦྱིན་བདག་ཡོདཔ་ཨིན་མས་ དྲུང་ཁག་གཅིག་ལུ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ཤིང་མཁའ་ལའུ་རི་ ཁྲག་སྒོམ་ལས་ཚུར་ དེ་ལས་ འ་ནཱི་ག་ར་ནཱ་ལུ་ ཨ་ཙི་རེ་དམངས་ལཱ་ཡང་ཕོག་ནུག་ལགས་ དམངས་ལཱ་འབད་དེ་ དེ་སྦེ་འབད་དེ་ བཞེངས་ཏེ་ ཚར་ཏེ་ དེ་ལས་ འ་ནཱའི་སྐབས་སུ་ལུ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ ད་ཁོ་གིས་ འབྲུག་རྒྱལ་དང་པ་པའི་བསྒང་ལུ་ ཕྱག་ཞུ་སྟེ་ ཡོད་ན་མེན་ན་འབདཝ་ལས་ ཏེ་ཀྲོང་གསར་ལུ་ ག་ཅི་ལོ་ནང་ན་ ཅ་ལ་ག་ཅི་ཨིན་རུང་ ནང་གི་ཅ་ལ་འདི་ཚུ་ ག་ཅི་དགོཔ་ཡོདཔ་ཨིན་ན་ ཁྱོད་ཀྱི་ལྷ་ཁང་གི་དོན་ལས་ ག་ཅི་དགོཔ་ཡོདཔ་ཨིན་ན་ འ་ནཱི་འདི་ ནཱ་ལས་འབག་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ བཀའ་གནང་ནུག་ མེས་མེས་མགྲོན་གཉེར་ལུ་ འབྲུག་རྒྱལ་དང་པ་གིས་ལགས་ ཁྱོད་ར་དགོ་མི་འདི་འབག་ཟེར་ ཁོ་ག་ཅི་སྨོ་ཟེར་བ་ཅིན་ ཡོད་ན་མེད་ན་ ཕྱག་ཞུ་མི་ཨིན་མས་མེན་ན་ལགས་ དེ་སྦེ་འབད་དེ་ དེ་སྦེ་འབདཝ་ལས་ ཁྱོད་དགོ་མི་ཚུ་འབག་ཟེར་བཀའ་གནང་པ་ལས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ འ་ནཱ་ལུ་ ཕར་ཅ་ལ་ནང་རྟེན་ཚུ་འབད་བ་ཅིན་ ཀྲོང་གསར་ལས་ཚུར་ཞུ་བའི་ཅ་ལ་ཚུ་ཨིན་ལགས་ གཞུང་རྩ་བ་ངོ་མ་རང་ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་སྦེ་ཡོད་ལགས་ད་ལྟོ་འཇིམ་སྐུ་སྦེ་ཨིན་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ད་ལྟོ་ སངས་རྒྱས་ཤཱཀྱ་ཐུབ་པ་ མི་ཚད་མ་གཅིག་ཡོད་ལགས་ དེ་ལས་ འ་ནཱ་ལོངས་སྐུ་བཅུ་གཅིག་ཞལ་མི་ཚད་མ་གཅིགཔ་ཡོད་ལགས་ དེ་ལས་ གུ་རུ་ཁྲུ་གང་ལྷགཔ་འབད་མི་གཅིག་ཡོད་ལགས་ ཏེ་འ་ནཱི་གསུམ་པོ་དེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཕར་ཀྲོང་གསར་ལས་ཚུར་རང་ཞུ་འབག་ཡོདཔ་ཨིན་ ཀྲོང་གསར་ལྷ་ཁང་ནང་ན་ ཀྲོང་གསར་རྫོང་ནང་ན་བཞུགས་ཡོདཔ་ཨིན་མས་མེན་ན་ལགས་ ཀྲོང་གསར་རྫོང་ནང་ན་བཞུགས་ཡོདཔ་ ཏེ་འ་ནཱི་འདི་ ཁོ་གིས་ཚུར་ཞུ་འབག་ཡོདཔ་ཨིན་མས་ དེ་ལས་ བཀའ་འགྱུར་པོ་ཏི་གཅིག་བརྒྱ་གཉིས་ཡོད་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    གཅིག་བརྒྱ་གཉིས་ ཏེ་ འ་ནཱི་དེ་ཡང་ ཕར་ལས་ཚུར་རང་ཞུ་འབག་ཡོདཔ་ཨིན་མས་ལགས་ གཅིག་བརྒྱ་གཉིསཔོ་དེ་ ཏེ་བཀའ་འགྱུར་གསུང་རྟེན་ནང་ལས་ ཏེ་ད་ནང་ན་འབད་བ་ཅིན་ ནང་རྟེན་འདི་ ནང་རྟེན་རྡོ་རྗེ་འཆང་ ཏེ་ ག་ཅི་སླབ་ནི་ད་ལྟོ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཤ་ལི་མ་ཟེར་མི་ཡང་ ཕར་ལས་ཚུར་ཞུ་ཞུཝ་ཨིན་ལགས་ རྡོ་རྗེ་འཆང་ འ་ནཱི་དེ་ ཏེ་འ་ནཱ་ལས་ རོལ་མོ་ སྤོ་སང་ སིལ་སྙན་ འ་ནཱི་ཚུ་ག་ར་རང་ ཕར་ལས་ཞུ་ཞུ་བའི་རྒྱུ་ཨིན་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ སྤོ་སང་དེ་ཡང་ ཏེ་ ག་ཏེ་ལས་བཏོན་ཡི་ག་ཟེར་བ་ཅིན་ ཧོར་ལས་ཐོན་ཡོད་པའི་སྤོ་སང་ཨིན་ལགས་ ད་རེས་ནངས་པའི་ འ་ནཱི་བཟོ་ཡོད་པའི་དང་ འ་ནཱི་ལ་སོགས་པ་ ག་ནི་ཡང་མེན་པར་ ཧེ་མ་ གླིང་རྒྱལ་སར་རྒྱལ་པོ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    གླིང་རྒྱལ་སར་རྒྱལ་པོ་དང་ དེ་ལས་ ཧོར་གུང་སང་རྒྱལ་པོ་བཞུགས་པའི་སྐབས་སུ་ལུ་ མར་ལས་ཐོན་ཡོད་པའི་ ཏེ་འ་ནཱི་རྩ་ཆེ་ཤོས་བརྩིཝ་ཨིན་ལགས་ ད་ལྟོ་ ག་ཅི་ལོ་ སྤོ་སང་དང་སིལ་སྙན་གཉིསཔོ་དེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཧོར་ལས་ ཧོར་གྱི་ ཧོར་སིལ་ཟེར་མི་འདི་ཨིན་ལགས་ ང་བཅས་རའི་ནཱ་ འ་ནཱི་ཡོད་མི་འདི་ ཧོར་སིལ་ཟེར་མི་འདི་ ཏེ་ འ་ནཱ་ རོལ་མོ་གི་སྐོར་ལས་འདི་ འ་ནཱི་ ཏེ་འ་ནཱ་ལས་ སྐུ་ཐང་ སྐུ་ཐང་རྙིང་པ་ཚུ་ཡང་ག་ར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཕར་ལས་ཞུ་འབག་ཡོད་པའི་རྒྱུ་ཨིན་ལགས་ ཕར་ད་འ་ནཱི་མེས་མེས་མགྲོན་གཉེར་གྱིས་གནང་བའི་ཨིན་ ནང་རྟེན་འདི་ ན་ནའི་ག་ར་ ནང་རྟེན་བཟང་པོ་ ད་ལྟོ་ར་དི་ལྷ་ཁང་ནང་ན་ ནང་རྟེན་བཟང་པོ་ཟེར་ ཏེ་ག་ར་གིས་ ཆ་ཡང་བཞགཔ་ཨིན་ ཏེ་དེ་སྦེ་འབདཝ་ད་ ད་ལྟོ་ནང་རྟེན་བཟང་པོ་འདི་ འགྱོ་དགོ་པའི་དོན་དག་ངོ་མ་ རྩ་བ་ངོ་མ་འདི།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ག་ཅི་སྨོ་ཟེར་བ་ཅིན་ ཏེ་རོགས་མེས་མེས་མགྲོན་གཉེར་གྱི་ བཀའ་དྲིན་ཨིན་མས་ལགས་ ད་ལྟོ་ གཞུང་རྩ་བ་ངོ་མ་ངོ་མ་འདི་ ཏེ་ཞབས་དྲུང་གིས་ བོད་ལས་མར་བལྟ་ཞུ་འབག་ཡོད་པའི་ རྒྱུ་རང་ཨིན་མས་ འ་ནཱི་ཚུ་ཅ་ལ་འདི་ ག་ཅི་སྨོ་ཟེར་བ་ཅིན།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཞབས་དྲུང་གིས་ ཞབས་དྲུང་འབྱོན་པའི་སྐབས་སུ་ལས་མར་ བོད་ལས་མར་ ཏེ་ ཞུ་འབག་སྟེ་ ཀྲོང་གསར་ལུ་བཞག་ཡོདཔ་འདྲས་མེན་ན་ དེ་ལས་ ཀྲོང་གསར་ལས་ འབྲུག་རྒྱལ་དང་པ་གིས་ ཏེ་ མེས་མེས་མགྲོན་གཉེར་ལུ་བཀའ་གནང་སྟེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    མེས་མེས་མགྲོན་གཉེར་གྱིས་ ང་བཅས་རའི་ནཱ་ ར་དི་ལྷ་ཁང་ལུ་འབག་ནུག་མ་པ་རྩ་བ་ངོ་མ་འདི་ ཞབས་དྲུང་གིས་ ཞབས་དྲུང་གིས་ ཞུ་བའི་ཅ་ལ་ཙང་ཙ་རང་ཨིན་ང་བཅས་རའི་ནཱ་ ཅ་ལ་འ་ནཱི་ད་ལྟོ་ ར་དི་ལྷ་ཁང་གི་ནང་ན་གི་འདི་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ད་ལྟོ་ ཐོག་ཚད་འབད་བ་ཅིན་ ཐོག་ཚད་འདི་ ཐོག་ད་ལྟོ་གསུམ་ཡོད་ལགས་ ཐོག་གསུམ་ ཏེ་འོག་ལུ་འདི་ ག་ནི་ཡང་མེད་ འོག་གི་འབདཝ་ད་འདི་ བཞི་རང་ཨིན་མས་ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ དེ་ལས་ འོག་ལུ་འདི་ ག་ཅི་ལོ་ འཆམ་ཁང་བཟུམ་ཅིག་སྦེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཡོད་ད་ལྟོ་ནཱ་ འཆམ་ཁང་བཟུམ་ཅིག་སྦེ་ འོག་ལུ་འདི་ འཆམ་ཁང་བཟུམ་ཅིག་སྦེ་ཡོད་ལགས་ དེ་ལས་ ཡར་ཆོས་སྐུའི་ཞིང་ཆུང་ཀུ་ཅིག་ཡོད་ དེ་ལས་ ལོངས་སྐུའི་ཞིང་ཁམས་ཡོད་ ཏེ་ལོངས་སྐུའི་འབད་བ་ཅིན་ བཅུ་གཅིག་ཞལ་འདི་ ཡར་ ཐོག་ཁར་བཞག་སྟེ་ཡོད།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ད་ལྟོ་ སངས་རྒྱས་བསྟན་པ་དང་ ཏེ་ད་ལྟོ་གུ་རུ་ འ་ནཱི་འདི་ནཱ་ག་ཅི་ལོ་ ཆོས་སྐུ་ཞིང་ཁམས་ནང་ན་རང་ཡོད་ དེ་ལས་ འ་ནཱ་ལས་ ཏེ་ཕར་བལྟ་ གཡས་ཁ་ཐུག་ལུ་འབད་བ་ཅིན་ ཕུར་པའི་ལྷ་ཡོད་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཕུར་པའི་ལྷ་དང་ ཏེ་འ་ནཱ་ལས་ སྐྱབས་རྗེ་རིན་པོ་ཆེ་འཁྲུངས་པའི་འཁྲུངས་རབས་ཚུ་ག་ར་ ཧེ་མ་སྐྱབས་རྗེ་རིན་པོ་ཆེ་སྐུ་ཚེ་གོང་མ་ག་ཅི་ཨིན་ན་ ཏེ་ད་ལྟོ་ད་རེས་ནངས་པ་ག་ཅི་ཨིན་ན་ འ་ནཱི་ག་ར་རང་ མཚན་དང་སྦྲགས་ཏེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ལྟོ་ད་རེས་ནངས་པ་ གཡས་ཁ་ཐུག་ལུ་འདི་ དེ་སྦེ་འབད་དེ་ཡོད་ལགས་ བྱང་སྒྲིག་ནང་ན་འབད་བ་ཅིན་ བྱང་སྒྲིག་ལུ་འདི་ དེ་ལས་ གཡོན་ཁ་ཐུག་ལུ་འབད་བ་ཅིན་ ག་ཅི་སླབ་ན།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    བཀའ་བརྒྱད་ བཀའ་བརྒྱད་ཀྱི་ལྷ་ཡོད་ ཏེ་འ་ནཱི་གི་བར་ན་ གུ་རུ་མཚན་བརྒྱད་ཀྱི་ལྷ་ཡོད་ དེ་ལས་ མར་དགོངས་འདུས་ཀྱི་ ང་བཅས་ཀྱི་ དགོངས་འདུས་ཀྱི་ལྷ་ཡོད།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་སྦེ་ བྱང་སྒྲིག་ནང་ན་འབད་བ་ཅིན་ དེ་སྦེ་ཡོད་ ཏེ་ ང་བཅས་རའི་ནཱ་ འ་ནཱ་ནང་ན་ དང་ཕུའི་ལས་ དུས་མཆོད་འབུམ་སྡེ་འབད་བ་ཅིན་ དུས་མཆོད་འབུམ་སྡེ་འདི་ དང་པོ་དང་པོ་གི་ དུས་མཆོད་འབུམ་སྡེ་ དང་ཕུ་ལས་རང་ མེས་མེས་མགྲོན་གཉེར་བསྒང་ལས་རང་བཙུགས་བཞག་པའི།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དུས་མཆོད་འབུམ་སྡེ་ ཆོས་ལྷག་ནི་གི་ ཧེ་མ་ལས་རང་ཡོད་ ཏེ་འ་ནཱ་ལས་ སྨྱུང་གནས་ཡང་ཧེ་མ་ལས་རང་འདུག་ ད་ འཆམ་ཅིག་ཡང་བཙུགས་སྟེ་འདུག་ ཁོང་ འ་ནཱི་གསུམ་འདུག་ལགས་ འ་ནཱི་གསུམ་འདི་ ད་ལྟོ་ད་རེས་ནངས་པའི་ ང་བཅས་ཀྱི།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ འ་ནཱ་ལས་ ཤུལ་ལས་ཏེ་ ཨ་ཙི་རེ་བླམ་སྦོམ་ཚུ་བྱོན་ཏེ་ དེ་ལས་ཏེ་ འ་ནཱི་བཟུམ་ ཏེ་ ཚེས་བཟང་དུས་བཟང་ལུ་འབད་དགོཔ་འདི་ ག་དེ་སྦེ་འབདཝ་སྨོ་ཟེར་བ་ཅིན་ ད་ལྟོ་ཟླཝ་གསུམ་པའི་ཆོས་འདི་ དག་ཚར་སྦེ་ལྷགཔ་ཨིན་བཀའ་འགྱུར་འདི་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དག་ཚར་སྦེ་ལྷག་སྟེ་ དེ་ལས་ ཚེས་བཅོ་ལྔ་ལྷོདཔ་ད་ལུ་འདི་ ཏེ་ཚེས་བཅོ་ལྔ་ལུ་འདི་ ཏེ་ འ་ནཱ་ ཆོས་འཁོར་སྦེ་བཏངམ་ཨིན་ལགས་ ཆོས་འཁོར་སྦེ་ ཆོས་འཁོར་བཏང་སྟེ་ ཏེ་འ་ནཱ་ལས་ ཆོས་འཁོར་འབད་དེ་འཇུག་བསྡུཝ་ཨིན་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ འ་ནཱ་ལས་ ཟླཝ་བཞི་པ་ལུ་འདི་ བཞི་པ་ས་ག་ཟླ་བ་དུས་ཆེན་ལུ་འདི་ སྨྱུང་གནས་བཟུངམ་ཨིན་ལགས་ དེ་ལས་ སྨྱུང་གནས་བཟུང་སྟེ་ དེ་ལས་ འ་ནཱ་ཚེས་བཅུ་གཅིག་ལས་ཡར་བལྟ་འགོ་བཙུགས་ཏེ་ ཏེ་ ཚེས་བཅུ་དྲུག་གི་བར་ན།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ གྲོལཝ་ཨིན་ལགས་ སྨྱུང་གནས་བཟུངམ་ཨིན་ལགས་ སྨྱུང་གནས་ཟེར་མི་རང་ དེ་སྦེ་ སྨྱུང་གནས་བཟུངམ་ཨིན་ དེ་ལས་ འ་ནཱ་ལས་ ཟླཝ་ལྔ་པ་ལུ་འདི་ སྤྲེལ་ཟླ་ ང་བཅས་རའི་ལྷ་སྒྲུབ་ལུ་ སྟོང་མཆོད་ཟེར་བཏངམ་ཨིན་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་སྟོང་མཆོད་ ད་འ་ནཱ་ ག་ཅི་སྨོ་ཟེར་བ་ཅིན་ ལྷ་སྒྲུབ་འདི་ ཏེ་ད་ལྟོ་སྟོང་སྦེ་ སྟོང་སྦེ་བཏངམ་ཨིན་ལགས་ མཆོད་པ་འབད་བ་ཅིན་ མཆོད་པ་པུཥྤེ་སྟོང་ དེ་ལས་ ག་ཅི་ལོ་ དྷུ་པེ་སྟོང་ ཨརྒྷམ་སྟོང་ ག་ཅི་ལོ་འ་ནཱི་ ཨ་ལོ་ཀེ་སྟོང་།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ག་ར་ དེ་སྦེ་སྟོང་སྟོང་སྦེ་ དེ་སྦེ་རང་བཤགས་ཏེ་ དེ་ལས་ ཆོ་ག་རིམ་འགྲོ་ གྲོལཝ་ད་ལུ་ རིམ་འགྲོ་དང་ ཕར་མཆོད་པ་ཚུ་ག་ར་བཤགས་ཏེ་ བཀོ་སྟེ་ དེ་སྦེ་རང་ སྟོང་ཕྲག་གཅིག་དེ་སྦེ་བཏངམ་ཨིན་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ང་བཅས་རའི་འ་ནཱི་ལྔ་པ་ ཚེས་ག་ཅི་ལོ་ བརྒྱད་ལས་ཡར་བལྟ་ དགུ་ བཅུ་ཐམ་ ཉིནམ་གསུམ་འདི་སྟོང་མཆོད་ ཏེ་འ་ནཱ་ལུ་ བར་ན་ཆོསཔ་ལྔ་བཅུ་ཐམ་པ་གིས་ ཧ་ལམ་འགྱོ་ཨིན་ལགས་ སྟོང་མཆོད་བཏངམ་ཨིན་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ལྔ་པ་ དེ་ལས་ དྲུག་པ་ལུ་འདི་ ཏེ་ང་བཅས་རའི་ནཱ་གི་ ཏེ་བདེན་པ་བཞི་གི་ཆོས་ ག་ཅི་ལོ་ ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན་ལུ་ ཚེས་བཞི་ལུ་འདི་ ཏེ་ང་བཅས་རའི་ནཱ་ སྒོམ་ཆེན་ཚུ་གིས་སྦེ་ ཏེ་འ་ནཱ་གཤགསཔ་བཟུམ་ཅིག་སྦེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ད་བླ་མ་གི་གཤགས་པ་ཨིན་རུང་ རང་གི་གཤགས་པ་ཨིན་རུང་ ག་ཅི་གི་ཨིན་རུང་ ཏེ་འ་ནཱ་ལས་ཚེས་བཅུ་ ཏེ་འ་ནཱི་ཉིནམ་གཉིས་དེ་ཅིག་བཏངམ་ཨིན་ལགས་ ཉིནམ་གཉིས་དེམ་ཅིག་ དྲུག་པ་ལུ་འདི་ དེ་ལས་ བདུན་པ་ལུ་འདི།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་འ་ནཱ་སྒྲུབ་ཆེན་བཏངམ་ཨིན་ལགས་ བདུན་པ་ལུ་ བདུན་པ་ལུ་འདི་ ག་ཅི་སྨོ་ཟེར་བ་ཅིན་ ཚེ་སྒྲུབ་འཆི་མེད་ཚོགས་བསྟོད་ཀྱི་སྒྲུབ་ཆེན་ ཏེ་ཉིནམ་ ང་བཅས་འགོ་བཙུགས་པའི་བསྒང་ལས་ཡར་བལྟ་འབདཝ་ད་ ཉིནམ་བཅུ་བཞི་ བཅོ་ལྔའི་བར་ན་ འགོརཝ་མས་དེམ་ཅིག་ བཅུ་བཞི་བཅོ་ལྔ་དེམ་ཅིག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་དེམ་ཅིག་གི་བར་ན་ལུ་འདི་ འ་ནཱ་ཟླཝ་བདུན་པའི་ཚེས་བཅུ་གཅིག་དེམ་ཅིག་ལས་ཡར་བལྟ་ ཏེ་འཛོམས་དོ་ དེ་ལས་ འ་ནཱ་ལས་ ཚེས་ཉི་ཤུ་ཉི་ཤུ་ལྔ་ལུ་གྲོལ་ཏེ་ འ་ནཱ་ལས་ ཉི་ཤུ་དྲུག་ཚུན་ཚོད་འགོརཝ་མས་ ནཱ་ལུ་ འ་ནཱི་སྒྲུབ་ཆེན།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཚེ་སྒྲུབ་འཆི་མེད་ཚོགས་བསྟོད་ཀྱི་སྒྲུབ་ཆེན་སྦེ་ བཏང་དོ་ལགས་ ཏེ་འ་ནཱ་ལས་ འ་ནཱ་ཟླཝ་ བརྒྱད་པ་གཅིགཔོ་འདི་ལུ་འབད་བ་ཅིན་མེད་ ཏེ་འ་ནཱ་ལུ་འདི་ ཡར་ངོ་མར་ངོ་རྐྱངམ་གཅིག་འབད་དོ་ ཡར་ངོ་མར་ངོ་འདི་ ག་ཅི་སྨོ་ཟེར་བ་ཅིན་ ཚེས་བཅུ་ཐམ་དང་།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ཉི་ཤུ་ལྔ་ལུ་འདི་ ཨ་རྟག་ར་ མ་པ་ལས་རང་བཏངམ་ཨིན་ ད་ལྟོ་འདི་ འ་ནཱི་དུས་མཆོད་འབུམ་སྡེ་ ག་ཅི་ལོ་འ་ནཱིའི་བར་ན་ འ་ནཱི་ཡར་ངོ་མར་ངོ་འདི་ མ་པ་ལས་རང་བཏངམ་ཨིན་ལགས་ འ་ནཱ་ག་ཅི་ལོ་ ཟླཝ་བརྒྱད་པ་ལུ་འདི།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    འབུམ་སྡེ་སྦོམ་སྦེ་མེད་ལགས་ ཏེ་དགུ་པ་ལུ་འདི་ ཏེ་ལྷ་འབབ་དུས་ཆེན་ཟེར་ ད་རུང་ང་བཅས་རའི་སྒོམ་ཆེན་ཚུ་གིས་སྦེ་བཏང་དོ་ལགས་ སྒོམ་ཆེན་ཚུ་གིས་སྦེ་ ལྷ་འབབ་དུས་ཆེན་སྦེ་ ཏེ་འ་ནཱ་ སྔགས་སོ་ ཉིནམ་གསུམ་བཏང་དོ་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    སྔགས་ཀྱི་གསོ་སྦྱོང་འདི་ ཉིནམ་གསུམ་བཏང་སྟེ་ ཏེ་འ་ནཱི་ལས་ ཉིནམ་གསུམ་ལུ་གྲོལཝ་ད་ལུ་ འ་ནཱ་ལུ་ཡང་ ཉིནམ་གསུམ་བཏངམ་ད་ལུ་ ཉིནམ་དྲུག་དེ་ཅིག་འགོརཝ་མས་ལགས་ དྲོ་པ་ག་ཅི་ལོ་ དྲོ་པ་ལས་འཛོམས་མི་དང་།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ ཕྱི་རུ་ད་ལྟོ་ གྲོལ་བའི་བར་ན་འབདཝ་ད་ ཉིནམ་དྲུག་དེ་ཅིག་འགོརཝ་མས་ ཟླཝ་དགུ་པའི་ཉི་ཤུ་ལྷ་འབབ་དུས་ཆེན་ལུ་འདི་ སྔགས་ཀྱི་གསོ་སྦྱོང་བཏངམ་ཨིན་ལགས་ ཏེ་ འ་ནཱ་ལས་ཏེ་ ཟླཝ་དགུ་པ་བཅུ་པ་ བཅུ་པ་ལུ་ལྷོད་པའི་སྐབས་སུ་ལུ་འདི་ ད་ལྟོ་ང་བཅས་རའི་ དམངས་མི་སེར་ཚུ་གིས་སྦེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་འ་ནཱ་འཆམ་དང་ཕུ་ལས་རང་བཙུགས་བཞག་ནུག་ རོགས་མེས་མེས་མགྲོན་གཉེར་གྱི་བསྒང་ལས་རང་བཙུགས་བཞག་ནུག་ ཏེ་འ་ནཱི་འཆམ་འདི་ འཆམ་ཉིནམ་གསུམ་བཏངམ་ཨིན་ལགས་ འཆམ་ཉིནམ་གསུམ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་འ་ནཱི་བར་ན་འཆམ་འདི་ པད་གླིང་གིང་གསུམ་གྱི་འཆམ་ བར་དོའི་འཆམ་ ཏེ་འ་ནཱ་ འ་ནཱི་བར་ན་ ཏེ་ སྐྱབས་རྗེ་རིན་པོ་ཆེ་གིས་མཛད་པའི་ ཏེ་ དགེ་སློང་གི་འཆམ་ལ་སོགས་པ་ འ་ནཱི་འདི་ སླ་བསྲེས་ཏེ་རང་ དེ་སྦེ་རང་ཐོནམ་ཨིན་ཉིནམ་གསུམ་གྱི་བར་ན།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་འ་ནཱི་ཟླཝ་བཅུ་པའི་བར་ན་ དེ་སྦེ་འབད་དེ་ ཏེ་བཏངམ་ཨིན་ལགས་ ཏེ་འ་ནཱ་ལུ་ ཟླཝ་བཅུ་པ་ འ་ནཱ་ལས་ བཅུ་གཅིག་པ་ལུ་དང་བཅུ་གཉིས་པ་ ཏེ་འ་ནཱ་ལུ་འདི་མེད་ལགས་ ད་ལྟོ་ག་ཅི་ཡང་ དུས་མཆོད་འབུམ་སྡེ་ཟེར་མི་འ་ནཱི་མེད་ལགས་ད་ལྟོ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ དུས་མཆོད་འབུམ་སྡེའི་སྐོར་ལས་ འ་ནེ་ཅིག་ཨིན་ལགས་ ཏེ་འ་ནཱ་ཡར་ངོ་མར་ངོ་ཨིན་པ་ཅིན་ ཏེ་འ་ནཱ་རྟག་པ་བཞིན་དུ་སྦེ་རང་ ང་བཅས་རའི་ནཱ་ཚེས་ ག་ཅི་ལོ་ཆད་མེདཔ་སྦེ་རང་ ཁོང་མི་སེར་ཚུ་གིས་ སྦྱིན་བདག་འབད་དེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    མི་སེར་དགུང་པ་བདུན་བདུན་ བདུན་བདུན་སྦེ་ བཟོ་སྟེ་ཡོད་ལགས་ ཡར་ངོ་མར་ངོ་ཐད་ཁར་ལྷོད་པའི་སྐབས་སུ་ལུ་ དགུང་པ་བདུན་བདུན་ བདུན་བདུན་འབད་དེ་ ཕོག་ད་ལུ་ག་ཅི་ལོ་ ལོ་རེ་ལུ་ ཚར་རེ་རྐྱངམ་གཅིག་ཕོགཔ་ཨིན།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ དེ་སྦེ་འབད་བའི་སྐབས་སུ་ དགུང་པ་བདུན་བདུན་བཟོ་བཞག་སྟེ་ ད་ ལོ་གཅིག་ལུ་ཀྲིག་ཀྲི་ ག་ཅི་ལོ་ བསྐོར་མཇུག་བསྡུཝ་ཨིན་ལགས་ དེམ་ཅིག་སྦེ་ དེ་སྦེ་འབད་དེ་ ད་ལྟོ་ད་རེས་ནངས་པའི་བར་ན་ ལྷ་ཁང་ལུ་འདི་ དེ་སྦེ་སྒྲུབ་ཨིན་ལགས་ འ་ནེ་ཅིག་ཨིན་ལགས་ད་ལྟོ།