Skip to main content Skip to search
21 Jun 2018
8 min 30 sec
Video Overview
Creators: 
Duptho, Sonam Chophel

Lobzang Dorji, from Radhi Gewog, Trashigang, narrates an account of Namgay Choling Temple. Lobzang is originally from Karmagoem, Phongmey, but he was brought up in Namgay Choling Temple because his uncle was a caretaker of the temple. The temple was said to be built by the Trongsa Poenlop, Ugyen Dorji during the time of the first king, Ugyen Wangchuck. Since it was built by the Poenlop of Tronga, all of the temple’s relics were also brought from Trongsa. The temple is well-known. Radhi is said to have been named by the deity Aum Jomo, who came from Tibet. When she reached Radhi, she saw a lot of goats, and named the place “Radhi” (Land of Goats). Namgay Choling Temple is said to be the most important temple of Radhi.  

 

བཀྲིས་སྒང་རྫོང་ཁག་ ར་དྷི་རྒེད་འོག་ལས་ བློ་བཟང་རྡོེ་གིས་ ར་དྷི་རྒེད་འོག་ནང་ལུ་ ཡོད་པའི་ རྣམ་རྒྱལ་ཆོས་གླིང་ལྷ་ཁང་གི་སྐོར་ལས་ ལོ་རྒྱུས་ཚུ་བཤད་འདི་ཡོདཔ་ཨིན། བློ་བཟང་ཁོ་རའི་འཁྲུངས་གཡུས་འདི་ ཕོང་མི་རྒེད་འོག་ གཡུས་སྐར་མ་དགོན་པ་ལས་ཨིན་རུང་ ཁོ་གི་ཨ་ཞང་་འདི་ རྣམ་རྒྱལ་ཆོས་གླིང་ལྷ་ཁང་གི་ དཀོན་གཉེར་ཨིནམ་ལས་ ཁོ་ཆུང་ཀུ་གང་ལས་ ཨ་ཞང་དང་ཅིག་ཁར་སྡོདཔ་ལས་ ཁོ་སྦོམ་སར་ཡང་ས་གནས་འདི་ཁར་ཨིན་མས། ལྷ་ཁང་འདི་ གོང་གསར་ཨྱོན་དབང་ཕྱུགས་ཀྱི་སྐབས་ལུ་ བཀྲོང་གསར་དཔོན་སློབ་ ཨྱོན་རྡཽེ་ཀྱིས་བཞེངས་གནང་གནངམ་ཨིན་མས། ལྷ་ཁང་འདི་  བཀྲོང་གསར་དཔོན་སློབ་་ཀྱིས་ བཞེངས་གནང་གནངམ་འབདཝ་ལས་ རྗེས་ཤུལ་དངོས་པོ་དང་ ནང་རྟེནཚུ་ག་རང་ བཀྲོང་གསར་ལས་འབག་འོང་འོངམ་ཨིན་ དེ་འབདཝ་ལས་ ད་རེས་ནང་པ་ ལྷ་ཁང་འདི་གལ་ཅན་ཅིག་སྦེ་བརྩིཝ་ལས་  མི་ཚུ་གིས་ལྷ་ཁང་འདི་ལུ་ མུས་གུས་བསྐྱེདཔ་ཨིན། ས་གནས་འདི་གི་མིང་ ར་དྷི་ཟེར་དར་དགོ་པའི་རྒྱུ་མཚན་འདི་ཡང་ བོད་ལས་འབྱོན་མི་གནས་བདག་ ཨམ་ཇོ་མོ་ཟེར་མི་འདི་ ས་གནས་འདི་ཁར་ལྷོདཔ་ད་ མོ་གིས་སེམས་ཅན་ར་ ལེས་ཤ་གཟིགསཔ་ལས་ ས་གནས་འདི་གི་མིང་ཡང་ ར་དྷི་ཟེར་བརྟགས་གནང་ནུག 

 

Transcript search
No results found for this search
0 of 0
  • བློ་བཟང་རྡོ་རྗེ་ Lobzang Dorji
    ལགས་སོ་ཏེ་ད་ མ་པ་ང་གིས་ རོགས་ཧེ་མ་ ཕམ་བཟང་པོ་ཚུ་ལས་བརྒྱུད་པའི་ རྣ་བརྒྱུད་རྣ་བརྒྱུད་སྦེ་ རྣམ་ཅོ་གོ་མི་ཅིག་ཨིན་ ད་ལྟོ་ང་འབད་བ་ཅིན་ནཱ་ ཏེ་ད་སྐྱེས་ཡུལ་འབད་བ་ཅིན་ ཕོངས་མེད་ཀརྨ་དགོན་པ་ལས་ཨིན་ མ་པ་སྐྱེ་ས་ནཱ་ར་སྡི་རྣམ་གྲོལ་ཆོས་གླིང་ལུ་ ཏེ་ད་སྐྱེ་ས་ཀརྨ་དགོན་པ་ཨིན་མས། ཕོངས་མེད་ལས་ ཏེ་ད་སྡོད་ས་ར་སྡི་རྣམ་གྲོལ་ཆོས་གླིང་ལྷ་ཁང་ལུ་ ངེའི་ཨ་ཞང་ སྐུ་ཉེར་ཕོག་སྟེ་ འ་ནཱི་ར་སྡི་ལུ་ རྣམ་གྲོལ་ཆོས་གླིང་ལུ་ཕྱག་ཞུ་སྡོད་པ་ལས་ཡར་
  • བློ་བཟང་རྡོ་རྗེ་ Lobzang Dorji
    སྐྱེས་ལོ་བཅུ་གཉིས་ལས་ཡར་ནཱ་ལྷོད་དེ་ ནཱ་ར་སྡི་ལྷ་ཁང་རྣམ་གྲོལ་ཆོས་གླིང་ལུ་ཕྱག་ཞུ་སྦེ་ ད་འ་ནཱིམ་ཅིག་ནཱ་ད་ལྟོ་ ར་སྡི་རྣམ་གྲོལ་ཆོས་གླིང་གི་མངའ་འོག་ལུ་ [གོང་མ་གཉིས་འོག་ལུ་ཆགས་ཏེ་?] ད་ད་རེས་ལོ་༥༥ ཡར་སོ་ཡི། དེ་སྦེ་ཨིན་ ཏེ་ངེའི་མིང་ མ་པ་ ལས་འགན་རྩིསཔ་ཅིག་འབད་སྡོད་མི་ཅིག་ཨིན། རྩིས་པ་བློ་བཟང་རྡོ་རྗེ་ ཟེར་སླབ་ཨིན་ཟེར་ཞུ་ནི།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་ད་ ང་གིས་དང་ཕུའི་ལོ་རྒྱུས་སྦེ་གནམ་མེད་ས་མེད་ ང་བཅས་ར་ སྲོལ་རྒྱུན་གྱི་ སྔར་སྲོལ་གྱི་ལམ་ལུགས་གནམ་མེད་ས་མེད་ གསལ་ཏོག་ཏོ་ཅིག་ ཏེ་ཞུ་ནི་གནམ་མེད་ས་མེད་ཅིག་ འབད་ཚུགས་ག་མི་ཚུགས་ག་ དོགས་པ་ཅིག་འདུག་ དེ་སྦེ་ཨིན་རུང་ ཏེ་ད་ང་གིས་ཤེས་ཤེསཔ་ཅིག་ཞུ་བ་ཅིན་ ད་ར་སྡི་སླབ་དགོ་མི་འདི་ ཧེ་མ་ དུས་རབས་ང་གིས་ཞུ་ནི་མིན་འདུག་ དུས་རབས་ཞུ་ནི་འདི། ཞབས་དྲུང་ ང་བཅས་རའི་ཆིབས་ཁ་ལྷོ་ལུ་མ་འགྱུར་བའི་ཧེ་མ་ང་བཅས་ར་
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཨམ་ཇོ་མོ་ཟེར་ བོད་ར་ལུང་ལས་མར་ལྟ་ ང་བཅས་ར་ནཱ་ ཏེ་བྱོན་སྦེ་ ནཱ་མེ་རག་སག་སྟེང་ལས་འབད་བྱོན་ཏེ་ ཨ་མོ་ཇོ་མོ་ཟེར་བྱོན་ཏེ་ ནཱ་ར་སྡི་འདི་ ག་དེ་སྦེ་སྡོད་ནུག་ཟེར་བ་ཅིན་ ཧེ་མ་ མོན་ལྟ་ཝང་ལས་མར་ལྟ་ ར་ཚོང་པ་སྡེ་ཚན་རེ་ནཱ་ལུ་སྡོད་སྡོདཔ་འདྲས་ ཏེ་འ་ནཱ་ར་བཞག་སའི་ས་གོ་འབདཝ་ལས་ ར་སྡི་ཟེར་བཏགས་དགོ་མི་ ང་བཅས་རའི་ཨ་མོ་ཇོ་མོ་གིས་འབད་ར་སྡི་ རའི་སྡེ་ཚན་ཨིན་མས་ ར་སྡི་ཟེར་མིང་བཏགས་མི་འདི་ འ་ནཱ་ལས་བརྟེན་ཏེ་བྱུང་བྱུངམ་ཨིན་མས་ཟེར་ཞུ་ནི་ལགས།
  • བློ་བཟང་རྡོ་རྗེ་ Lobzang Dorji
    དེ་ལས་འ་ནཱི་ ཨ་མོ་ཇོ་མོ་ཟེར་མི་གིས་བཏགས་པའི་མིང་ར་སྡི་འབདཝ་ལས་ ད་ལྟོ་ ར་སྡི་གི་གཙོ་ཅན་ལྷ་ཁང་འདི་ རྣམ་གྲོལ་ཆོས་གླིང་ཟེར་ འ་ནཱི་འོག་ལུ་ ཏེ་ཡོད་པའི་མི་སེར་ཅིག་ཨིན་ང་བཅས་ཆ་ཁྱབ་ རྣམ་གྲོལ་ཆོས་གླིང་ལུ་ ཧེ་མའི་སྔར་ ཧེ་མའི་ལམ་སྲོལ་ ག་དེ་སྦེ་ཨིན་རུང་ ཏེ་རྣམ་གྲོལ་ཆོས་གླིང་ཟེར་མི་འདི་ ཧེ་མ་ ཀྲོང་གསར་ལུ་ འབྲུག་རྒྱལ་དང་པོའི་སྐབས་ལུ་ དཔོན་སློབ་ ཀྲོང་གསར་དཔོན་སློབ་ཀྱི་དུས་ཚོད་ལུ་ཨིནམ་འདྲས་ ཏེ་འ་ནཱི་
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་འབྲུག་རྒྱལ་དང་པོའི་སྐབས་ལུ་ དཔོན་སློབ་ ནཱ་ཨོ་རྒྱན་རྡོ་རྗེ་ཟེར་སྡོད་ནུག་ཟེར་སླབ་མས་བ་ནཱ་ དེ་ལས་མགྲོན་གཉེར་ འ་ནཱི་གི་དུས་ཚོད་ལུ་ ཏེ་བཞེངས་པའི་ར་སྡི་རྣམ་གྲོལ་ཆོས་གླིང་ལྷ་ཁང་ཅིག་ཨིན་ཟེར་ ཏེ་དེ་སྦེ་འབད་ནི་དེ་གིས་ ད་ལྟོ་ རྟེན་དང་ ག་ཅི་ཡང་ ཀྲོང་གསར་ལས་མར་འབག་འབགཔ་གི་རྟེན་འབདཝ་ལས་ རྣམ་གྲོལ་ཆོས་གླིང་འདི་རྩ་ཆེ་ཤོས་ཅིག་བརྩིས་ཏེ་ དེ་སྦེ་ ད་ལྟོ་ཕྱག་དང་མཆོད་པ་ སྔར་སྲོལ་གྱི་ལམ་ལུགས་མ་ཉམས་ཙམ་ཅིག་སྦེ་ཡོད་མི་འདི་ ད་ལྟོ་འ་ནཱི་ལས་བརྟེན་ ཏེ་འ་ནཱ་ཕྱག་དང་མཆོད་པ་ཕུལ་ཏེ་ མི་སེར་ཚུ་ ཕྱག་དང་བསྐོར་ར་རྐྱབ་སྟེ།
  • བློ་བཟང་རྡོ་རྗེ་ Lobzang Dorji
    སྡོད་དགོ་མི་འདི་ དང་ཕུའི་སྲོལ་རྒྱུན་ འབྲུག་རྒྱལ་དང་པོ་ཡར་ལྟ་སྲོལ་རྒྱུན་འ་ནཱ་བཙུགས་ཏེ་ ང་བཅས་ར་ཆོས་ཀྱི་ལམ་སྲོལ་འདི་ ཏེ་ར་སྡི་ལུ་ དཔེ་ཚུལ་མ་ཡལ་ཙམ་ཅིག་ ང་བཅས་ར་དཔལ་ལྡན་འབྲུག་པའི་ཆོས་ཀྱི་ལུགས་སྲོལ་ ཏེ་འ་ནཱི་ར་སྡི་རྣམ་གྲོལ་ཆོས་གླིང་ལས་འགོ་བཙུགས་སྦེ་ ཏེ་དུས་ད་ལྟོ་ཚུན་ཚོད་ དེ་སྦེ་ ར་སྡི་ལུ་དེ་སྦེ་ ང་བཅས་ཆ་ཁྱབ་དེ་སྦེ་སྡོད་སྡོདཔ་གི་ མི་ཅིག་ཨིན་ཟེར་ཞུ་ནི་ཨིན་ལགས་ངེའི་ཁ་ཐུག་ལས།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་ད་ ཨིན་རུང་ ད་དང་ཕུའི་སྲོལ་འདི་ད་ མང་ཤོས་རང་ཉམས་སུ་ཉམས་སུ་ཅིག་འགྱོཝ་མས་ ཏེ་དང་ཕུ་འབདན་ ལྷ་ཁང་དབྱིབས་འབད་རུང་ ཨ་ཙི་ཅིག་ ཏེ་ང་བཅས་ར་ གཡུས་སྒོ་ལུ་ ག་ཅི་སྨོ་ཟེར་བ་ཅིན་ ཐོག་འདི་འདུག་ཟེརཝ་ད་ ཨ་ཙི་ཅིག་ལྷ་ཁང་དབྱིབས་སོ་སོ་ ང་བཅས་ར་མི་གནགཔ་གི་ཁྱིམ་བཟུམ་སྦེ་ མི་སེར་གྱི་ཁྱིམ་ལས་ ཨ་ཙི་ཅིག་སོ་སོ་བཟུམ་ཅིག་འདུག ཏེ་ད་ལྟོ་འདི་ ཤུལ་ལས་ ཏེ་འ་ནཱི་བཟུམ་ཟངས་མདོག་དཔལ་རིའི་དབྱིབས་སྦེ།
  • བློ་བཟང་རྡོ་རྗེ་ Lobzang Dorji
    འབྲུག་རྒྱལ་བཞི་པ་གིས་སྐྱིད་སྡུག་གནང་སྦེ་ ཏེ་འ་ནཱི་བཟུམ་གྱི་དབྱིབས་སྦེ་བཞེངས་སྦེ་ དེ་ལས་ཤུལ་ལས་ད་རུང་ ཉམས་སོ་ཤོར་སོངམ་ལས་ ང་བཅས་མི་སེར་ཚུ་གི་ལྕོགས་སྒྲུབ་ག་ཅི་ཡང་མེད་པར་ ཏེ་ཤུལ་ལས་ དགའ་རབ་རིན་པོ་ཆེ་ལུ་ཞུ་སྟེ་ ཏེ་དགའ་རབ་རིན་པོ་ཆེ་གིས་ ཡར་དགུང་བཀབ་རེ་ག་ཅི་གུ་ཅི་གནང་སྦེ་ ད་ལྟོ་ ཏེ་འ་ནཱི་སྲོལ་རྒྱུན་གྱི་ཆོས་ཡང་ མ་ཉམས་པར་སྦེ་ དེ་སྦེ་འབད་དེ་སྡོད་ཡོད་ ཟེར་ཞུ་ནི་ཨིན་ལགས།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་སྲོལ་རྒྱུན་གྱི་ཆོས་འདི་ཡང་ ཏེ་ད་ ཨིན་རུང་དང་ཕུ་ ཏེ་ད་ ཟླཝ་བཅུ་པ་འཆམ་དང་ དེ་ལས་བཞི་པའི་སྨྱུང་གནས་ དེ་ལས་ཟླཝ་གསུམ་པ་ལུ་བཀའ་འགྱུར་ ཆོས་བསྐོར་ཟེར་ དེ་སྦེ་འབད་ནིའི་ལུགས་སྲོལ་ཅིག་ཡོད་ རྣམ་གྲོལ་ཆོས་གླིང་གི་ ཏེ་དེ་ལས་ ད་རེས་ནངས་པར་ད་རུང་ ལྔ་པ་སྤྲེལ་ཟླ་དང་ དེ་ལས་འ་ནཱ་ལས་ འདྲ་མི་འདྲ་རང་རང་སོ་སོ་གི་ ཏེ་ཁོང་མི་སེར་བསོད་བདེ་ཅན་ཚུ་གིས་ ལྷ་ཁང་ནང་འབག་འོང་སྟེ་དགེ་བ་འདི་བཟུམ་སྒྲུབ་ནཱི་ཡང་འདུག
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་ཧེ་མའི་ལུགས་སྲོལ་འདི་ འབུམ་སྡེ་གསུམ་འདུག བཅུ་པ་འཆམ་དང་ དེ་ལས་ལྔ་པ་ བཅུ་པ་ལུ་འཆམ་ བཞི་པ་ལུ་ སྨྱུང་གནས་ དེ་ལས་ གསུམ་པ་ལུ་བཀའ་འགྱུར་ཆོས་འཁོར་ བཀའ་འགྱུར་ཡང་ཧེ་མ་ ཀྲོང་གསར་ལས་མར་ཞུ་བའི་བཀའ་འགྱུར་ཅིག་ཨིནམ་ལས་བརྟེན་ ཏེ་གདོང་ཤོག་ག་ར་གསེར་བྲིས་ རྩ་ཆེ་ཤོས་འ་ནཱི་བཟུམ་ ད་ལྟོ་དེ་སྦེ་བཞུགས་སྟེ་ཡོད། ཏེ་ད་ རྣམ་གྲོལ་ཆོས་གླིང་ཟེར་ ཏེ་ད་ཧེ་མ་ལྷ་ཁང་རྣམ་གྲོལ་ཆོས་གླིང་རྐྱངམ་ཅིག་ཨིན་མས་ ཤུལ་ལས་དཔའ་ཀ་གླིང་ལྷ་ཁང་རྐྱབ་ནུག དེ་ལས་དེ་གི་ཤུལ་ལས་ འབྱོན་ལ་ལྷ་ཁང་རྐྱབ་ནུག དེ་ལས་ ཧེ་མ་ རྣམ་གྲོལ་ཆོས་གླིང་ཆགས་པའི་དུས་ཚོད་ལུ་ཏེ་
  • བློ་བཟང་རྡོ་རྗེ་ Lobzang Dorji
    སྟོང་གླིང་འབྲུག་དངུལ་ལྷ་ཁང་ཟེར་ཡོདཔ་ཨིན་མས། ཏེ་ལྷ་ཁང་གཉིས་རྐྱངམ་ཅིག་སྡོད་ནུག་ཧེ་མ། ཏེ་ཤུལ་ལས་ རང་རང་སོ་སོ་གི་ ཏེ་གཡུས་སྒོ་ལུ་ཕྱག་འཚལ་ནིའི་རྟེན་ ཐག་རིངམ་ ནཱ་ལུ་ མར་གྱི་ཚུ་ ནཱ་ལྷོད་མ་ཚུགསཔ་ལས་བརྟེན་ཏེ་ ལ་ལུ་འབྱོན་ལ་ལྷ་ཁང་ཟེར་དར་ནུག དེ་ལས་དཔའ་ཀ་གླིང་ལྷ་ཁང་རྐྱབ་ དེ་ལས་ ཏོག་ཤིང་མང་ལྷ་ཁང་ཟེར་རྐྱབ་ དེ་ལས་ཤུལ་ལས་ད་རུང་ ཏེ་འ་ནཱི་ར་སྡི་ལྷ་ཁང་གི་ལྟག་ལུ་རང་ ཏེ་སྦོང་མཱན་འོད་གསལ་རྡོ་རྗེ་ཆོས་གླིང་ལྷ་ཁང་ཟེར་ ཤུལ་ལས་གནམ་ལོ་ ༡༩༨༥འི་བསྒང་ལུ།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་དེ་སྦེ་ལྷོད་དེ་ འ་ནཱ་ལས་ ལྷ་ཁང་གསརཔ་ཅིག་ཡང་ར་སྡི་ལྷ་ཁང་གི་ལྟག་ལུ་ དེ་སྦེ་བཟོ་སྟེ་ ང་བཅས་ར་སྲོལ་རྒྱུན་གྱི་ཆོས་འདི་ ཏེ་དང་ཕུ་གི་ཆོས་འདི་ འོད་གསལ་རྡོ་རྗེ་ཆོས་གླིང་ལྷ་ཁང་ཟེར་མིང་བཏགས་ སྦོང་མཱན་གྱི་འདི་དེ་སྦེ་ ཏེ་ཆོས་ལུགས་ཡང་ ཏེ་ཆོས་ལུགས་ཀློང་ཆེན་རྙིང་ཐིག་ཟེར་དེ་སྦེ་འབད་དེ་སྡོད་ཡོད། ཏེ་ཧེ་མ་འབད་བ་ཅིན་ ཏེ་ད་ ང་བཅས་ར་དཔལ་ལྡན་འབྲུག་གཞུང་གི་ཆོས་འདི་ ཏེ་ཟླཝ་བཅུ་པའི་འཆམ་གྱི་སྐབས་ལུ་ དགོངས་འདུས་ཟེར་བཏང་སྦེ་ ཏེ་དེ་ལས་ ད་ལྟོ་འདི་ཡང་བཅས་ར་ལྷ་ཁང་ལུ་མ་ཉམས་པར།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་དེ་སྦེ་སྡོད་ཡོད། ཏེ་མགོན་ཁང་ལུ་འབད་བ་ཅིན་ ཏེ་ད་ ཧེ་མ་ལས་ཡང་ ལྷ་ཁང་གི་མགོན་ཁང་སོ་སོ་མིན་འདུག ཏེ་ཤུལ་ལས་འདི་ གོང་འཕེལ་སོང་ཞིནམ་ལས་ མགོན་ཁང་སོ་སོ་སྦེ་བཏོན་ཡི་རྣམ་གྲོལ་ཆོས་གླིང་ལུ་ཡང་། ཏེ་ད་ ཧེ་མ་འདི་མགོན་ཁང་ནང་ན་སྡོད་ཡི་ ཤུལ་ལས་འདི་ མགོན་ཁང་ཕྱི་ཁར་བཏོན་ཏེ་ དེ་སྦེ་འབད་དེ་ སྲོལ་རྒྱུན་དེ་ཡང་དེ་སྦེ་བཙུགས་སྦེ་ཏེ་ རོགས་བླམ་ཆོས་གྲགས་ཀྱི་འབད་སྦེ་ མགོན་ཁང་ཡང་དམིགས་བསལ་སོ་སོ་བཏོན་ཏེ་ གཞུང་ལུ་གནང་བ་ཞུ་སྦེ་
  • བློ་བཟང་རྡོ་རྗེ་ Lobzang Dorji
    སོར་སོ་བཏོན་ཏེ་ མགོན་ཁང་ཡང་སོ་སོ་རྐྱབ་སྟེ་ དེ་སྦེ་ང་བཅས་ཀྱི་ འབྲུག་གི་ཆོས་དང་ལམ་སྲོལ་འདི་མ་ཉམས་པར་ དེ་སྦེ་སྡོད་ཡོད་ཟེར་ཞུ་ནི་ཨིན། ཏེ་ད་ང་གིས་ཤེསཔ་ཅིག་འབད་བ་ཅིན་ ད་དེ་ཅིག་རང་ཨིན་མས། གཞན་གནམ་མེད་ས་མེད་ཅིག་འཐོན་ནི་ག་ཅི་ཡང་མེདཔ་བཟུམ་ཅིག་ཨིན་མས་ང་གིས།། །།