Video Overview
A poor man accidentally finds a naga king's life force; as reward, the enjoys a prosperous life.
- འབྲུག་སྐྱིད།གནའ་ཞིག་ལ་བུ་ཞིག་གི་ཕ་མ་ཤི་སོང་།
- རྒྱུ་ཚང་མ་ཚར་སོང་བ་དེ་འདྲ་ཞིག་ཡོད།
- དེ་ནས་ཁོ་སྡུག་ལ་ཐུག་ནས་ལྡོམ་ནས་སོང་།
- མགོ་ཡི་བྱ་ཐམས་ཅད་འཕུར་སོང་།
- དེ་ནས་ཁོ་ཡིས་ཞྭ་གནམ་ལ་འཕངས་ནས་བྱ་གཉིས་ཁོ་ཡིས་བཟུང་།
- དེ་ནས་སྐྱ་མི་འགའ་ཡོང་ནས་ཨ་ཁུ་རྒྱལ་བོ་ཚང་གི་ཕོ་བྱ་མོ་བྱ་བོར་སོང་།
- ཁྱོད་ཀྱིས་མ་རིག་གམ་ཞེས་དྲིས།
- ཁོས་རིག་སོང་ཞེས་བཤད་པས།
- ཁོ་རང་ཁྲིད་ནས་སོང་སྟེ།
- ཨ་ཁུ་རྒྱལ་བོ་ཚང་གི།
- ཕྱིར་ཉིན་ཁྱོད་ལ་སྟོན་མོ་ཡ་མཚན་བྱེད།
- དགའ་རྟགས་ཡ་མཚན་ཞིག་སྟེར་ཟེར།
- དེ་ནས་ཁོ་ཡིས་ཅི་ཞིག་བཟང་འདོད་ནས་བསྡད།
- དེ་ནས་ཁྱིམ་ཚང་ཞིག་ལ་རུ་ཉུལ་བར་སོང་ནས།
- རྒན་མོ་ཡིས་ཁྱོད་ཨ་ཁུ་རྒྱལ་བོ་ཚང་གི་དགའ་རྟགས་སྟེར་ན།
- ཁྱོས་མོ་ལ་ཁྱི་མོ་དམར་ལུ་མ་དང་གསེར་གྱི་རྡལ་རིལ་གཉིས་དགོས་ཟེར།
- དེ་ནས་ཕྱི་ཉིན་ཁྱོད་ལ་ཅི་ཞིག་དགོས་ཟེར།
- ཁོ་ལ་ཁྱི་མོ་དམར་ལུ་མ་དང་ཁྱེད་ཚང་གི་གསེར་གྱི་རྡལ་རིལ་གཉིས་དགོས་ཟེར།
- དེ་ནས་དེ་སྟེར་མི་ཐུབ་ལ།
- ཁོང་གིས་ཕོ་བྱ་མོ་བྱ་གཉིས་རྙེད་ན་ཁྱོད་ལ་སྟེར་དགོ་ནི་རེད་ཟེར་ནས་བྱིན་པ་རེད།
- དེ་ནས་ཁོ་མར་ལ་ཐང་སྟོང་ཞིག་ལ་སོང་ནས།
- སྤྲང་བོ་གཅིག་ཀྱང་མེད་པ་ཞིག་ལ་ཁྱི་མོ་ཞིག་དང་རྡལ་རིལ་ཞིག་གིས་ཅི་བྱེད་འདོད་ནས།
- རྡལ་རིལ་གྱིས་ཁྱི་རྒན་ལ་གཅར་གཅར་རྗེས་གཉིད་སོང་།
- ཁོ་སད་དུས་མཁར་ཁང་བ་དེ་འདྲ་ཞིག་གི་ནང་ན།
- བུ་མོ་ལྷ་མོ་འདྲ་བ་ཞིག་གིས་ཁོ་ལ་ཇ་བསྐོལ་ནས་བསྡད་ཡོད།
- དེ་ནས་ཨ་ཁུ་རྒྱལ་བོ་ཚང་གིས་གོ་སོང་།
- ཨ་ཁུ་རྒྱལ་བོ་ཚང་གིས་འདི་སྤྲང་བོ་ཁྱོད་འདྲ་བ་ཞིག་ལ་དགོས་ནི་ཞིག་མ་རེད།
- ཁོང་ཚང་ལ་དགོས་བ་ཞིག་རེད་ཟེར།
- དེ་ནས་བུ་མོས་ཁྱོས་དེ་ལྟར་མི་སྟེར་ཞེས་ཤོད་ཟེར།
- མི་སྟེར་ཟེར་ན་སང་ཉིན་རི་མགོ་གོས་ཀྱིས་བཏུམས་རེས་བྱེད།
- སུ་ལ་གོས་མང་ན་དེ་ཚང་གི་ཡིན།
- དེ་ནས་ཡ་ཡ་ཟེར།
- དེ་ནས་བུ་མོ་ཡིས་ཁྱོད་སོང་ན་མཚོ་ཁ་ཞིག་བཤད་ནས།
- མཚོ་ཁ་དེར་སོང་ན།
- ཨ་མ་ག་ལེ་མ་དང་ག་ལེ་མོ།
- བུ་མོ་ག་ལེ་མ་ཡིས་ཟེར་གི་ར།
- གོས་སྒམ་ཆེ་བོ་མི་དགོས་ཆེ་སོང་།
- ཆུང་བ་མི་དགོས་ཆུང་སོང་།
- འབྲིང་བ་དེ་བྱིན་དེ་ལྟར་ཤོད་ཅེས་བཤད།
- དེ་ནས་ཁོ་སོང་ནས་དེ་ལྟར་བཤད།
- རྒན་མོ་ཞིག་གིས་སྒམ་ཆུང་ཆུང་ཞིག་ལག་ཏུ་བཞག
- དེ་ནས་ཁོ་ཡིས།
- སང་ཉིན་ཨ་ཁུ་རྒྱལ་བོ་ཚང་དང་ཁོ་ཚང་གཉིས་ཀྱིས་གོས་འགྲན་དུས།
- ཁོ་ཡིས་གོས་ཀྱིས་རི་མགོ་བཏུམས་ནས་མི་ཚད་ཐང་ལ་འཁྱིལ་ཡོད།
- ཨ་ཁུ་རྒྱལ་བོ་ཚང་གི་གོས་ཀྱིས་རི་ཡི་ཕྱེད་ཀ་ཡང་མ་འཐུམ་པ་རེད།
- དེ་ནས་ཁོ་རྒྱལ་སོང་།
- ཨ་ཁུ་རྒྱལ་བོས་དེའི་ཕྱི་ཉིན་དམག་འགྲན་ཟེར་བ་རེད།
- དེ་ནས་ཡང་ཁོ་སོང་ནས།
- ཆུ་ཁ་དེ་ནས་ཨ་མ་ག་ལེ་མ་དང་ག་ལེ་མོ།
- བུ་མོ་ག་ལེ་མ་ཡིས་ཟེར་གི་ལ།
- དམག་སྒམ་ཆེ་བོ་མི་དགོས་ཆེ་སོང་།
- ཆུང་བ་མི་དགོས་ཆུང་སོང་།
- འབྲིང་བ་བོ་བྱིན་ཞེས་དེ་ལྟར་བཤད།
- ཡང་དེ་འདྲའི་སྒམ་ཆུང་ཞིག་ཁྱེར་ཡོང་ནས་བྱིན།
- དེ་ནས་ཁོ་ཡར་ཡོང་ནས།
- ལམ་ནས་འདུག་མ་བཟོད་པར་ཁ་ཕྱེ་བ་ཡིན།
- ནང་ནས་ལྕགས་ཀྱི་མི་ཆུང་ཆུང་ཞིག་གིས།
- གང་ལ་བརྒྱག་རྒྱུ་གང་ལ་བརྒྱག་རྒྱུ་ཟེར།
- དེ་ནས་ཁོ་སྐྲག་ནས་བྲག་ལ་རྒྱོབ་ནགས་ལ་རྒྱོབ་ཟེར་ནས།
- བྲག་དང་་ནགས་བཤིག་ནས་སོང་།
- དེ་ནས་ཕྱི་ཉིན་དམག་འགྲན་དུས།
- ཡང་ཨ་ཁུ་རྒྱལ་བོ་ཚང་གི་དམག་བཅོམ་པ་རེད།
- དེ་ནས་ཁོ་རྒྱལ་སོང་།
- དེ་ནས་ཕྱི་ཉིན་གཡག་ཐུག་བརྒྱག་གི་འཇུག་ཟེར།
- དེ་ནས་ཡང་མཚོ་ཁ་དེར་སོང་ནས།
- ཨ་མ་ག་ལེ་མ་དང་ག་ལེ་མོ།
- བུ་མོ་ག་ལེ་མ་ཡིས་ཟེར་གི་ལ།
- གཡག་སྒམ་ཆེ་བོ་མི་དགོས་ཆེ་སོང་།
- ཆུང་བ་མི་དགོས་ཆུང་སོང་།
- འབྲིང་བ་བོ་བྱིན་ཞེས་དེ་ལྟར་བཤད།
- དེ་ནས་སྒམ་ཆུང་ཞིག་བྱིན།
- ནང་ན་གཡག་རྒན་རྒྱ་རོ་རྭ་བསྣར་ཞིག་ཡོད་པ་རེད།
- ཨ་ཁུ་རྒྱལ་བོ་ཚང་གི་མཛོད་ནང་ལ་རྡུང་ནས་བུད་སོང་།
- དེ་ནས་ཡང་རྒྱལ་སོང་།
- དེ་ནས་ཁོ་ཡིས་བུ་མོ་ལ་ཁྱོད་ཀྱིས་ཡུལ་ན་སུ་ཡོད་ཅེས་དྲིས།
- བུ་མོ་ཡིས་མོའི་ཡུལ་ན་ཅི་ཡང་མེད་ཟེར།
- ཉིན་ཞིག་ལ་མོའི་ཡུལ་ན་མདའ་གྲི་གཉིས་ལས་ཅི་ཡང་མེད་ཟེར།
- དེར་འགྲོ་མི་ཉན་ཟེར།
- ཁོ་ཁ་རོག་གེར་སོང་ནས།
- ཨ་མ་ག་ལེ་མ་དང་ག་ལེ་མོ།
- བུ་མོ་ག་ལེ་མ་ཡིས་ཟེར་གི་ལ།
- མདའ་གྲི་གཉིས་མོ་ལ་བྱིན་ཟེར།
- དེ་ནས་རྒན་མོས་ཁྱེར་ཡོང་ནས།
- མོའི་བུ་མོ་དེ་འདྲ་ཞིག་མིན་ཞེས་བསམ་ནས།
- མིག་ཆུ་ཞིག་བཞུར་ནས་བྱིན་པ་ཡིན།
- དེ་ནས་ཁོ་ཡིས་དེ་ཁྱེར་སོང་ནས།
- ཁྱོས་དེ་ཁྱེར་ཡོང་ན་ང་འདུག་མི་ཉན་ཟེར་ནས།
- མདའ་གྲི་གཉིས་གཡུགས་ནས་གནམ་ལ་འཕུར་སོང་།
- ཁོ་ཡིས་དེ་རྗེས་ལ་བལྟས་ཏེ་ཁ་ནང་ལ་འབུ་བཏབ་ནས་ཤི་སོང་།